པར་རིས། དེ་ལས་མང་།
ལོ་རྒྱུས། གཙོ་ངོས།གཙོ་ངོས།ལོ་རྒྱུས།

 

ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་ནི།

༼༡༽ཧོས་རྗེ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན།༼༢༽ཞང་ཞུང་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན།༼༣༽ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན།༼༤༽སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན།༼༥༽རྒྱུངས་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོད་འོད་ཀྱི་བྱ་རུ་ཅན།༼༦༽ཀྱི་ལི་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན།༼༧༽སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་འོད་ཀྱི་བྱ་རུ་ཅན།༼༨༽ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན།༼༩༽སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན།༼༡༠༽ཛོ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན།༼༡༡༽བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན།༼༡༢༽ལི་ཝེར་གྱེར་གྱི་རྒྱལ་པོ་ཀླུ་ཤེལ་འོད་ཀྱི་བྱ་རུ་ཅན།༼༡༣༽ཤེལ་རྒྱུངས་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན།༼༡༤༽ལིག་མུར་ནམ་མཁའི་རྒྱལ་པོ་བཻཌཱུརྱ་འོད་ཀྱི་བྱ་རུ་ཅན།༼༡༥༽མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན།༼༡༦༽སད་ཧྲི་གྱེར་གྱི་རྒྱལ་པོ་ཨུ་དཔལ་འོད་ཀྱི་བྱ་རུ་ཅན།༼༡༧༽ཉེེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན།༼༡༨༽མུ་མར་ཐོག་རྒོད་རྒྱལ་པོ་ཨིཎྜ་འོད་ཀྱི་རྒྱལ་བྱ་རུ་ཅན་དང་བཅོ་བརྒྱད་དོ།།

སྤུ་རྒྱལ་བོད་ཀྱི་རྒྱལ་རབས་ཞེ་ལྔའི་མཚན་གྲངས་ནི།

གནམ་གྱི་ཁྲི་བདུན་གཉའ་ཁྲི་༡དམུ་ཁྲི་༢་དང་། །དེང་ཁྲི་༣སོ་ཁྲི་༤དར་ཁྲི་༥བཙན་པོ་དང་། །ཡེ་ཁྲི་བཙན་པོ་༦སེང་ཁྲི་བཙན་༧པོའོ། །བར་གྱི་ལྡིང་གཉིས་གྲི་གུམ་༨་སྤུ་ལྡེ་༩གཉིས། །ས་ལ་ལེགས་དྲུག་ཨ་ཤོ་༡༠དེ་ཤོ་ལེགས༡༡། །ཐི་ཤོ་༡༢གུ་རུམ༡༣འབྲང་ཞི་༡༤ཨི་ཤོ་ལེགས༡༥། །ཆུ་ལྡེ་བརྒྱད་དམ་ས་ལ་ལྡེ་བརྒྱད་ནི། །ཟ་ནམ་ཟིན་ལྡེ་༡༦ལྡེ་འཕྲུལ་ནམ་གཞུང་བཙན༡༧། །ས་སྣོལ་གནམ་ལྡེ་༡༨སེ་སྣོལ་པོ་ལྡེ་༡༩དང་། །ལྡེའུ་ནམ་ནོད༢༠་ལྡེའུ་སྣོལ་པོ༢༡་དང་། །ལྡེའུ་རྒྱལ་པོ༢༢་ལྡེའུ་སྤྲིན་བཙན་༢༣ནོ། །བར་གྱི་བཙན་ལྔ་ཏོ་རོ་ལོ་བཙན༢༤་དང། །ཁྲི་ནམ་བཙན་༢༥དང་ཁྲི་སྒྲ་དཔུང་བཙན༢༦་དང་། །ཁྲི་ཐོག་རྗེ་བཙན་༢༧ཐོ་རི་ལུང་བཙན་༢༨ནོ། །ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་པོ་ནི། །ཁྲི་གཉན་བཟུང་བཙན༢༩་འབྲང་གཉན་ལྡེའུ་༣༠དང་། །སྟག་གོང་སྙན་གཟིགས་༣༡གནམ་རི་སྲོང་བཙན་༣༢ནོ། །ཆོས་རྒྱལ་ལྔ་ནི་སྲོང་བཙན་སྒམ་པོ་༣༣དང་། །གུང་སྲོང་གུང་བཙན་༣༤མང་སོང་མང་བཙན་༣༥དང་། །འདུས་སོང་མང་རྗེ་༣༦ཁྲི་ལྡེ་གཙུག་བརྟན་༣༧ནོ། །ཐ་མའི་རྒྱལ་ལྔ་ཁྲི་སྲོང་ལྡེའུ་བཙན་༣༨དང་། །མུ་ནེ་བཙན་པོ༣༩་མུ་ཏིག་བཙན་པོ་༤༠དང་། །ཁྲི་གཙུག་ལྡེའུ་བཙན་༤༡འུ་དུམ་བཙན་པོའོ༤༢། །དེ་རྗེས་བོད་ཡུལ་སིལ་བུ་འཐོར་ནས་སུ། །སླར་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས། །ས་སྐྱའི་བླ་རབས་བདུན་གྱིས་བོད་སྲིད་(༡༢༥༣-༡༣༤༦)བཟུང་། །དེ་ནས་ཕག་གྲུའི་གདན་རབས་བཅུ་ཡིས་(༡༣༤༩-༡༥༦༥)བཟུང་། །དེ་ནས་རིན་སྤུངས་གདན་རབས་ལྔ་ཡིས་(༡༤༩༩-༡༥༦༥)བཟུང་། །དེ་ནས་གཙང་པ་གདན་རབས་གསུམ་གྱིས་(༡༥༦༥-༡༦༤༢)བཟུང་། །དེ་ནས་རྒྱལ་བ་བློ་བཟང་རྒྱལ་མཚོ་ནས། །དགེ་ལྡན་ཏཱ་ལའི་སྐུ་ཕྲེང་བཅུ་ཡིས་(༡༦༤༢-༡༩༥༩)བཟུང་། །