འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
«ཁྱུང་ཆེན་རིག་པའི་གཤོག་རླབས»འདོན་ཐེངས་དྲུག་པ་འགྲེམ་སྤེལ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-06-10]  [རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ།]  [ཀློག་གྲངས།:]

11.jpg


ཁྱུང་ཡུལ་བོན་གྱི་གདན་ས་ཀོ་རྒྱལ་དགོན་ནས་གཙོ་གཉེར་བྱས་པའི་རིག་གཞུང་ལོ་དེབ་«ཁྱུང་ཆེན་རིག་པའི་གཤོག་རླབས»
འདོན་ཐེངས་དྲུག་པ་དངོས་སུ་འགྲེམ་སྤེལ་བྱས་ཡོད།


22.jpg

 

 

སྔོན་གླེང་།

 

      བཤད་བཤད་ཀྱི་མདོ་རྩ། གླེང་གླེང་གི་ཡང་སྙིང་། ང་ཚོའི་མི་རིགས་དང་། ང་ཚོའི་སྐད་ཡིག་ཅེས་ཁ་ལ་བྱང་ཞིང་། འགྱུར་ལ་འགུག་མཁས་མོད། ང་ཚོའི་བརྒྱ་བཤད་ཚིག་གི་མདོ་རྩ། སྟོང་དཀྲུག་འོ་མའི་མར་ལོ་ལ། མི་རིགས་ཀྱི་རིག་གནས་ཆེན་མོ་འདི་ཉིད་དམ། ཡང་ན་བོད་རང་གི་ཐུན་མིན་བོན་གྱི་རིག་གཞུང་ངོ་སྤྲོད་དང་། བྱི་དོར་འཆད་སྤེལ་བྱེད་པའི་ལམ་བུ་ལས། «ཁྱུང་ཆེན་རིག་པའི་གཤོག་རླབས»སམ་«ཁྱུང་གཤོག»ལོ་དེབ་འདི་ཉིད་ཀྱང་སྔར་མུས་བཞིན་ལེ་ཚན་ལྔ་དྲུག་གང་རུང་གི་ལམ་ནས་ཐེངས་དྲུག་པ་ལ་སླེབས་སོང་།
      དེ་ཡང་ལོ་དེབ་འདི་ཉིད་ནི་ང་ཚོས་བོད་ཀྱི་ཆོས་རིག་ལོ་རྒྱུས་ཀྱི་ས་གནས་རང་བཞིན་གྱི་དགོས་མཁོ་ལ་དམིགས་ཤིང་། དུས་རབས་ལ་མིག་དཔེ་བཟུང་ནས་ལམ་སློང་བྱས་པ་ལགས་མོད། རྩོམ་པ་པོ་རེ་རེའི་འདོད་དབང་དང་། བརྗོད་དོན་རེ་རེའི་དམིགས་ཡུལ་མི་འདྲ་བས་ན། ཡོད་ཚད་འབྲེལ་ཡོད་པའི་དམིགས་ཡུལ་ཡིན་ག་ལ་སྲིད།
      འོན་ཏེ་རྩོམ་ཡིག་ནི་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་ཞེས་པ་དང་། སྤྱི་ཚོགས་ཀྱི་འགན་འཁུར་བ་ཡིན་ཞེས་པ་སོགས་ནི་དང་ལེན་བྱ་དགོས་པ་ཅིའི་ཕྱིར་མིན་སྙམ། ང་ཚོས་འདི་ནས་དུས་ཡུན་རིང་མོར་རྩོམ་ཡིག་བསྡུ་བསྒྲིགས་ཀྱི་བརྩོན་པ་བསྐྱེད་ཅིང་། མཐར་དཔྱད་རྩོམ་དང་། ལོ་རྒྱུས། བསླབ་བྱ། བཀའ་མོལ། གནས་ཚུལ་སོགས་ཀྱིས་མཚོན་པའི་ལོ་དེབ་འདི་ཡང་ཁྱེད་ཅག་གི་མིག་མདུན་དུ་བསྟར་བ་ལགས་ན། འདིེར་གང་ཅིའི་ཐད་ནས་ཞན་པའི་ཆ་མཆིས་ཚེ་བཀའ་མོལ་དང་སྐྱོན་བརྗོད་གནང་རེ་ཡང་ཡང་ཞུ།

 

ཁྱུང་གཤོག་རྩོམ་སྒྲིག་པས་བྲིས།

 

 

 

33.jpg44.jpg
55.jpg66.jpg

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 1 ཡོད།
སྤེལ་མཁན། སྟ་མ་སྟེའུ་མགོ་ནས  IP:སྤེལ་དུས། :2014-07-21 19:55:47
དགའ་བསུ་ཞུ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།