འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ང་ཡི་མ་ཡུམ་སློབ་གླིང་།
[རྩོམ་ཁུངས།:]   [ཟླ་ཚེས།:2014-06-27]  [རྩོམ་པ་པོ།:ཁྱུང་བསོད་བློ་ནས།]  [ཀློག་གྲངས།:]

ཉི་ཟླའི་འོད་ཟེར་སྦྱིན་པས་རྒྱ་མ་ཆད།།

སྐར་ཚོགས་བྱེ་བའི་དཔལ་ཡོན་ཐང་དུ་བཞད།།

བུ་སློབ་ཁྱུ་ཚོཊ་སྟོང་གིས་ལྡིང་གར་བསྒྱུར།།

ང་ཡི་མ་ཡུམ་སློབ་གླིང་ཨེ་མ་ཧོ།།

རྒྱལ་འཕཊ་བསྟན་པའི་ཉི་ཟླ་ཐབས་ཤེས་ཟབ།།

རྒྱང་མིག་ས་མཐར་ཕིགས་པའི་ཆུ་ཤེལ་གསལ།།

 རྒྱང་རིང་མགྲོན་དུ་མ་བོས་ལྷུན་གྱིས་འཛོམས།།

མ་ཡུམ་སློབ་བུ་གྲངས་མེད་འདུ་ཁ་བཙན།།

འཆད་རྩོད་ཐལ་སྒྲ་སྒྲོག་པའི་སྐལ་བཟང་མཐོ།།

བདེ་ཆེན་ཐར་པ་བགྲོད་པའི་ཐེམ་སྐས་མཛེས།།

 ཟུང་འཇུག་ལྷ་ཞལ་མཇལ་བའི་རྟོཊ་པ་རྒྱས།།

ང་ཡི་མ་ཡུམ་སློབ་གླིང་མངོན་པར་བསྟོད།།

 བརྗིད་ཆཊ་བྲག་དམར་དབུ་རྩེ་དགུང་ལ་ཟུག།

 ལྷུན་ཆཊ་ཕུན་ཚོཊ་རྣམ་རྒྱལ་ཁང་བཟང་མཐོ།།

མཐའ་ཆཊ་རང་བྱུང་རིན་ཆེན་ཁོར་ཡུག་གཙང་།

ང་ཡི་མ་ཡུམ་སློབ་གླིང་སྐལ་བཟང་འཚོགས།།

ཕྱི་ཡི་འཚོ་གོས་མལ་ཤག་རྒྱུན་དུ་སྒྲིག།

ནང་གི་བསླབ་གསུམ་བསྟན་པ་རྒྱུན་དུ་གཅེས།།

གསང་བ་གབ་མཛོད་མན་ངག་རྒྱུན་དུ་གནང་།།

ང་ཡི་མ་ཡུམ་སློབ་གླིང་མཐུན་རྐྱེན་འཛོམས།།

སེང་སྟབས་དགུང་དུ་འགྱིང་པའི་སྔ་རྒོལ་དང་།།

ཐལ་གསུམ་དམ་དུ་བཅའ་བའི་ཕྱི་རྒོལ་གཉིས།།

 དཔྱད་གསུམ་ཚད་མ་སྦྲེལ་བའི་རིག་སྒྲ་ཟབ།།

ང་ཡི་མ་ཡུམ་སློབ་གླིང་འདི་རུ་འཚོགས།།

    དགག་བྱ་རྒྱང་དུ་བཀར་བའི་ཚད་མ་དང་།།

  སྒྲུབ་བྱ་དོན་དུ་གཉེར་བའི་ངེས་ཤེས་གཉིས།།

  སྤང་བླང་དོན་གྱི་མདུད་པ་གཅིག་བཀྲོལ་ཏེ།།

ང་ཡི་མ་ཡུམ་སློབ་གྲོགས་དགག་སྒྲུབ་རྣོ།།

 བཀའ་ལུང་དོན་གྱི་ནོར་རྒོད་དཔེ་རྙིང་བསྐྲུན།།

 ཕྱོགས་བཞི་རིན་ཆེན་སྒོ་བཞི་མཛོད་ལྔ་མཛེས།།

རྒྱལ་གཤེན་ཁྱིམ་ཚང་ཆེན་མོའི་ཐབ་ལྷ་གསོས།།

འགྱུར་མེད་བསྟན་པའི་རྒྱལ་མཚན་འདི་ན་མཐོ།

བྱ་ལམ་འགོག་པའི་རྒྱ་ཕིག་སེར་ཕྱུག་ཅན།།

དགུན་སྔོན་བཏེཊ་པའི་ཨར་འདམ་ཁྲི་བརྩེཊ་ཅན།།

ལུང་ཆེན་ཡོལ་བའི་ཀ་བརྒྱའི་ཁང་མེད་ཀྱང་།།

དགོས་པའི་བཤད་སྒྲུབ་བརྒྱ་ཕྲག་དུ་མས་ཕྱུག

༢༠༡༤-༦-༢༣-ཁྱུང་བསོད་བློ་ནས་བྲིས།


དཔྱད་མཆན།བསྡོམས་པས་དཔྱད་མཆན་ 5 ཡོད།
སྤེལ་མཁན། ཁྱུང་སྐྱེས་བཟང་ནས  IP:སྤེལ་དུས། :2014-06-27 20:30:44
ཁྱུང་བསོད་བློ་ལགས་ལ་དགའ་བསུ་ཞུ།
སྤེལ་མཁན། ཁྱུང་སྐྱེས་བཟང་ནས  IP:སྤེལ་དུས། :2014-06-27 20:30:53
ཁྱུང་བསོད་བློ་ལགས་ལ་དགའ་བསུ་ཞུ།
སྤེལ་མཁན། ཁྱུང་སྐྱེས་བཟང་ནས  IP:སྤེལ་དུས། :2014-06-27 20:30:58
ཁྱུང་བསོད་བློ་ལགས་ལ་དགའ་བསུ་ཞུ།
སྤེལ་མཁན། ཁྱུང་སྐྱེས་བཟང་ནས  IP:སྤེལ་དུས། :2014-06-27 20:31:02
ཁྱུང་བསོད་བློ་ལགས་ལ་དགའ་བསུ་ཞུ།
སྤེལ་མཁན། ཁྱུང་སྐྱེས་བཟང་ནས  IP:སྤེལ་དུས། :2014-06-27 20:31:17
ཁྱུང་བསོད་བློ་ལགས་ལ་དགའ་བསུ་ཞུ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།