འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
བཤད་སྒྲུབ་བསྟན་པའི་དབུགས་རྒྱུན་སླར་གསོ་བྱུང་ནས་མི་ལོ་ཉེར་ལྔའི་དྲན་དེབ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-07-13]  [རྩོམ་པ་པོ།:བཤད་སྒྲུབ་འདུས་སྡེ་གཙོ་སྐྱོང་ལྷན་ཚོགས།]  [ཀློག་གྲངས།:]

 

ཕྱི་ཤོག

 

 

 ནང་ཤོག་འགོ་མ།

 

 

 ནང་ཤོག་འགོ་མའི་རྒྱབ།

 

 

དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེའི་ཤིས་ཚིག

 

 

 

སྔོན་དུ་གླེང་བའི་མཆིད།

 

      ༧ དུས་ཀྱི་གཉན་འཕྲང་གི་བརྡབ་གསིག་འོག་ནས་ལོ་ངོ་ཁྲི་སྟོང་གི་རིག་གནས་ཀྱི་བུམ་བཟང་གཅེས་པར་སྐྱོང་བའི་དོན་གྱི་དཔའ་བོ་སྟེ།  གཤེན་བསྟན་འཛིན་པའི་གཙུག་རྒྱན་ ༧ རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་གཙོས་པའི་སྐྱེས་ཆེན་གསེར་རིའི་འཕྲེང་བའི་སྐུ་དྲིན་ལས།  གཡུང་དྲུང་བོན་བཤད་སྒྲུབ་ཀྱི་བསྟན་པ་འདི་ཉིད་ཕྱོགས་གང་ས་ནས་སྤང་ལས་ཤ་མོང་བརྡོལ་བ་བཞིན་དར་རྒྱས་སུ་འགྲོ་བཞིན་པ་ནི་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་བང་མཛོད་ཁྲོད་རི་བོ་གངས་ཅན་པའི་ཕ་ཆོས་གཡུང་དྲུང་སྲིད་པ་བོན་གྱི་རང་མདངས་སླར་ཡང་མངོན་པ་ཞིག་ཡིན་པ་དང་།  དེ་ལྟར་ཕྱོགས་གང་སར་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པའི་རྩ་བ་ཚུགས་ཤིང་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་།  བསྟན་འཛིན་གྱི་ཡོན་ཏན་ཐོས་བསམ་སྒོམ་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པ་འདི་དག་ནི་དགའ་འོས་པ་ཞིག་ཡིན།  དེའི་ནང་ཚན་ཞང་ཞུང་སྒོ་པའི་ཡུལ་གྲུ།  རྔུལ་རྫ་ཟལ་མོའི་སྒང་རྒྱུད།  དམ་པ་ཁྱུང་གི་གདན་ས་ ༧ ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་པ་རྒྱས་པའི་གླིང་འདི་ཉིད་ནི་སྔོན་བྱོན་མཁས་གྲུབ་གོང་མ་རྣམས་ཀྱི་ཐུགས་བསྐྱེད་བྱིན་རླབས་ཀྱི་ན་བུན་མ་ཡལ་བར་དུས་ཀྱི་གཉན་འཕྲང་བརྒྱུད་དམ་པ་དེ་དག་གི་འཕྲིན་ལས་ཀྱི་ཉག་ཐག་ལ་འཇུས་པའི་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་ ༧ རྣམ་འདྲེན་ཤེས་རབ་དགེ་ལེགས་རིན་པོ་ཆེས་སྤྱི་ལོ་ ༡༩༨༦ ལོར་བསྐྱར་གསོ་བྱས་ཤིང་རྟེན་དང་བརྟེན་པ་ཇི་སྙེད་རྗེས་བཞག་མཛད་པ་དང་།  དེ་རྗེས་ལུང་ཟིན་གྱི་སྐྱེས་ཆེན་ ༧ སྐྱབས་རྗེ་མཁན་རིན་པོ་ཆེ་ ༧ རྣམ་འདྲེན་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་བཟང་ལ་བརྟེན་ནས།  སྤྱི་ལོ་ ༡༩༨༨ ལོར་བཤད་སྒྲུབ་བསྟན་པའི་དབུགས་རྒྱུན་སླར་གསོ་མཛད་ནས་ད་བར་མི་ལོ་ཉེར་ལྔ་འཁོར་བའི་སྐབས་བབ་དང་བསྟུན་<<ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་དུ་བཤད་སྒྲུབ་བསྟན་པའི་དབུགས་རྒྱུན་སླར་གསོ་བྱུང་ནས་མི་ལོ་ཉེར་ལྔ་འཁོར་བའི་དྲན་དེབ།>>ཅེས་པ་འདི་ཉིད་ཕྱོགས་བསྒྲིགས་ཞུས་པ་ཞིག་ཡིན།  དེ་ལྟར་རྩ་བའི་མདོ་དོན་ཕྱོགས་སུ་བསྡུས་ཏེ་བཤད་ན་གླིང་འདིར་ད་བར་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་ནས་མི་ལོ་ཉེར་ལྔ་འཁོར་བའི་རྟེན་འབྲེལ་ལ་བསྟོད་པའི་ཤིས་བརྗོད་ཨུན་ཆེན་དུང་གི་རང་སྒྲ་དང་།  བོན་བསྟན་རིན་པོ་ཆེའི་ངོ་བོ་དང་དགོན་པའི་ལོ་རྒྱུས་མདོར་བསྡུས།  ད་ལྟའི་བསྟན་འཛིན་གཤེན་པོ་རྣམས་ཀྱི་མཛད་འཕྲིན་ངོ་སྤྲོད།  བཤད་སྒྲུབ་སྒོམ་པའི་སློབ་གཉེར་བ་རྣམས་ཀྱིས་སྒོ་གསུམ་དགེ་ལ་སྦྱོར་སྟངས།  གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་གཡུང་དྲུང་བོན་གྱི་གསུང་བསྟན་རིན་པོ་ཆེ་དར་སྤེལ་མཛད་ཕྱོགས་སྐོར།  བཤད་སྒྲུབ་སློབ་གཉེར་ཁང་ནས་ཐོན་པའི་སློབ་ཐོན་པ་རྣམས་དང་འབྲེལ་ཡོད་དམ་ལྡན་རྣམས་ལ་ཆེད་དུ་ཕུལ་བའི་གསོལ་སྨོན་མཚམས་སྦྱོར།  དགོན་འདིའི་བླ་སློབ་རྣམས་ཀྱིས་བསྟན་པའི་དོན་གོ་མི་མང་ལ་དངོས་ཡོད་ཕན་བདེའི་ལམ་བུ་བསྟན་ཕྱོགས།  སྔོན་བྱོན་གྲུབ་ཆེན་རྣམ་པས་གདན་ས་འདིར་གནང་བའི་བོན་བསྟན་རྒྱས་པའི་སྨོན་ལམ་བཅས་ཕྱོགས་མང་པོའི་རྣམ་པ་རྗེས་སུ་དྲན་པ་དང་ངོ་བོའི་ཡིན་ལུགས་མཐོང་བའི་དྲན་དེབ་ཅིག་ཆགས་ཡོད།  ཉེར་ལྔའི་དྲན་དེབ་འདི་འདྲ་ཞིག་ཕྱོགས་བསྡུས་དང་པར་བསྐྲུན་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་ཁྱུང་པོ་སྟེང་ཆེན་དགོན་དུ་བཤད་སྒྲུབ་སྒོམ་པའི་འདུས་སྡེ་བཙུགས་ནས་བོན་བསྟན་རིན་པོ་ཆེ་དངོས་སུ་དར་སྤེལ་མཛད་ཕྱོགས་སྐོར་ངོ་སྤྲོད་ཀྱི་ཆེད་དང་།  མ་འོངས་བུ་སློབ་ཚ་རྒྱུད་རྣམས་ཀྱིས་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་གང་ཐད་ནས་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཀྱི་འཇུག་པ་ཡུན་ནས་ཡུན་དུ་སྐྱོང་དགོས་པའི་འབོད་སྐུལ་གྱི་བརྡ་འཕྲིན་ཞིག་གམ།  ལྷག་ཏུ་སློབ་ཐོན་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་།  གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོར་ཕན་པའི་མཛད་རྣམ་རྗེས་བཞག་གནང་རེའི་སྐུལ་མ་དང་སྦྲགས་ཕན་བདེའི་ལེགས་ཚོགས་ཡིད་བཞིན་འགྲུབ་པའི་གསོལ་བ་སྨོན་ལམ་གྱི་འབོད་པ་དང་བཅས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་བསྒྲུབ་པའི་ཆེད་དུ་རྩོམ་བསྒྲིགས་ཞུས་པ་ཞིག་ཡིན།  དེས་ན་དེ་དོན་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཐུགས་ཀྱི་བཞེད་དགོངས་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་ཡོང་བ་དང་།  སྐུ་ཚེ་ཞབས་པད་བརྟན་ཞིང་གཤེན་བསྟན་རིན་པོ་ཆེ་དར་རྒྱས་ཡོང་བའི་སྨོན་ལམ་དང་བཅས། 

ཁྱུང་པོ་སྟེང་ཆེན་དགོན་བཤད་སྒྲུབ་གཙོ་སྐྱོང་ལྷན་ཚོགས་ནས།  ༢༠༡༣ ལོའི་ཟླ་ཚེས་བཟང་པོར་བྲིས།

 

 

 དཀར་ཆག་གོང་མ།

 

 

 

 དཀར་ཆག་འོག་མ།

 

 

 སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཁན་སློབ་རྣམ་གཉིས།

 

 

ཤར་རྫའི་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེའི་ཤིས་ཚིག

 

 

སྔགས་འཆང་ཀུན་བཟང་བསྟན་འཛིན་རིན་པོ་ཆེའི་ཤིས་ཚིག

 

 

སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ་རིན་པོ་ཆེའི་ཤིས་ཚིག

  

 

 

དགེ་བཤེས་བསྟན་འཛིན་དགེ་ལེགས་རིན་པོ་ཆེའི་ཤིས་ཚིག

  

 

ཁྱུང་པོ་དཔལ་རྒྱལ་གྱིས་ཤིས་ཚིག

 

མཚམས་ཞུ། 

 

 

དགོན་དུ་སེར་ཕྲེང་ཕེབས་སྐབས།

 

མཇུག་དུ།

 

 

བཤད་སྒྲུབ་བསྟན་པ་རྒྱས་པའི་སྨོན་ལམ།

 

 

བསྟན་སྲུང་མ་བདུད་བརྩན་རྒྱལ།

 

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 1 ཡོད།
སྤེལ་མཁན། aab  IP:སྤེལ་དུས། :2014-12-23 11:11:50
གཟི་རྗིད་དང་ལྡན་པའི་ཁྱུང་པོ་སྟེང་ཆེན་དགོན་ནས་དྲ་ཚིགས་བདག་པོ་བ་རྣམས་ལ་རྗེས་སུ་ཡིད་རང་ཡོད།དྲ་ལམ་ནས་རིག་གནས་གང་མང་གི་སྒོ་ནས་བསྟན་འགྲོ་ལ་ཕན་ཐོག་ཆེན་པོ་འདུགད་ནི་རེ་འདོད་ཞིག་ཁྱུང་པོ་སྟེང་དགོན་ནས་ཡིག་གཟུགས་འདྲ་མིན་གསུམ་དེ་དྲ་ལམ་ནས་ཕབ་ལེན་བྱེད་ཐུག་ན་དེ་ལས་དགེ་མཚན་པོ་འདུགདེ་ཕྱོགས་ལ་ཐུགས་སེམས་བཞེས་རོགས་གནང།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།