པར་རིས། དེ་ལས་མང་།
རིག་གནས། གཙོ་ངོས།གཙོ་ངོས།རིག་གནས།

 

སྐྱེ་མེད་ཐིག་ལེ་ཡི་གེའི་རྣམ་བཤད་བཞུགས་སོ། །

       ས་འཛིན་འོད་སངས་ཡུམ་གྱིས་གསོལ་པ། །སྟོང་གཞི་སྐུ་བཞི་ལྷུན་གྲུབ་ནང་ནས་ཀྱང་།  །སྐྱེ་མེད་ཐིག་ལེ་བདག་ལ་བཤད་དུ་གསོལ།  །དེ་ལ་ཀུན་ཏུ་བཟང་པོའི་བཀའ་བསྩལ་བ།  །སྐྱེ་མེད་ཐིག་ལེ་ཡེ་ཤེས་དབྱིངས་ལ་རྫོགས།  །ངོ་བོ་ཉིད་སྐུ་ཐིག་ལེ་ཡེ་ཤེས་བསྟན།  །ཡི་གེར་སྤྲུལ་དང་ཡི་གེ་འཁོར་ལོ་རྫོགས།  །དང་པོ་སྐྱེ་མེད་ངོ་བོ་ཉིད་སྐུ་དེ།  །དག་པའི་རྩ་ལས་གནས་འགྱུར་བོན་སྐུ་དང་།  །སྦྱོར་བའི་རླུང་གིས་སྦྱང་བའི་མངོན་བྱང་སྐུ།  །རང་འབར་ཐིག་ལེ་ལས་བྱུང་བདེ་ཆེན་སྐུ།  །སྟོང་གསལ་བདེ་བ་གསུམ་ཀའི་ངོ་བོ་ཉིད།  །སྐྱེ་བ་མེད་པ་བོན་གྱི་སྐུ་བྱུང་སྟེ།  །ཅི་ཕྱིར་འདི་ལ་སྐྱེ་བ་མེད་བརྒལ་ན།  །འདས་པས་འཁོར་བ་ཉོན་མོངས་སྐྱེ་བ་མེད།  །མཁྱེན་པའི་ལས་དང་སྡུག་བསྔལ་སྐྱེ་བ་མེད།  །ངེས་པས་འཁྲུལ་བ་རྟོག་འཛིན་སྐྱེ་བ་མེད།  །དག་པས་གཟུང་འཛིན་སྒྲིབ་པ་སྐྱེ་བ་མེད།  །ཡིན་པས་འཆར་བའི་གྲུབ་མཐར་སྐྱེ་བ་མེད།  །སྐུ་གསུམ་ངོ་བོར་གྱུར་བས་ངོ་བོ་ཉིད།  །གསང་མཆོག་ལུས་ཡིན་ཕྱིར་ན་སྐུ་ཞེས་གྲགས།  །སྐུ་ལ་ཐིག་ལེར་གྲུབ་པ་མི་ཤེས་ན།  །སྣང་སྲིད་དུ་མར་བདེན་པའི་འཁྲུལ་གཞི་སྐྱེ།  །བདེན་པ་དེ་ཡི་འཁོར་བར་ཁ་དྲངས་ནས།  །ལས་ལ་ཟིན་པ་མེད་པར་སྤྱད་བྱས་ནས།  །ལུས་ལ་ཟད་པ་མེད་པར་ལེན་པ་སྟེ།  །སེམས་ལ་རྟོག་པའི་དྲྭ་བ་འཁྲུག་པ་ཡིན།  །འཁོར་བའི་རྒྱ་མཚོར་གཏན་དུ་འཁྱམས་པ་ཡིན།  །དེ་དག་གཅིག་ཏུ་སྡུད་པ་གཙོ་བོའི་མཆོག  །སེམས་ཀྱི་གསང་མཆོག་ཐིག་ལེ་གཅིག་ཤེས་ན།  །མཁའ་བཞིན་ལྟུང་བྱེད་མེད་པར་མངོན་སུམ་མོ།  །མི་ཤེས་མ་རིག་བདེ་ཆེན་འཐོབ་འདོད་ཀྱང་།   །ངལ་བ་དོན་མེད་འཁོར་བའི་སྒྲུབ་བྱེད་ཡིན།  །དེས་ན་ཡང་བསྡུས་གཅིག་ཏུ་གསལ་བར་བསྒོམ།  །གཅིག་ལས་དཀར་པོ་གཅིག་ཆོད་མཐར་ཐུག་པས།  །རྩལ་མེད་ངང་ལ་འགག་མེད་ཡེ་ཤེས་འཕེལ།  །ཡེ་ཤེས་ཇི་བཞིན་སྐུ་དང་ཞིང་ཁམས་འཁོར།  །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་བསམ་མཐའ་ཡས།  །གང་ལ་གང་འདུལ་དེ་ལ་དེ་སྟོན་པ།  །བསམ་མཐའ་ཡས་ཀྱང་མཛད་དང་འགྲིབ་པ་མེད།  །དེ་ཉིད་ཡེ་ཤེས་མ་ཡིན་གཞན་དག་ལས།  །འབྱུང་བར་འདུག་གམ་ཀྱེ་མ་གཟིགས་མཛོད་ཅིག  །ཡེ་ཤེས་ལུས་ཅན་གསུམ་ཆ་མ་འགག་དང་།  །དབྱིངས་ཉིད་ཡུལ་གྱི་སྟོང་ཆ་མ་བསྒྲིབས་པས།  །དབྱིངས་ལས་མ་བྲི་ཡེ་ཤེས་མ་ལུས་པར།  །ཐུགས་རྗེ་བྱིན་གྱིས་བརླབས་ཀྱི་ཡི་གེ་འབྱུང་།  དབྱིངས་ཉིད་རྣམ་པར་དག་པའི་ཤོག་གུ་ལ།  །ཡེ་ཤེས་འོད་དུ་གསལ་བའི་སྙུ་གུས་བྲིས།  །མ་བྲིས་དོན་དམ་ཡིད་བཞིན་དབྱིངས་ན་བཀྲ།  །རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྤྱོད་ཡུལ་ཏེ།  །ངེས་པའི་ཐོ་ཡིག་བཞི་བཅུ་དེ་ལྟར་བྱུང་།  །བསྐལ་པ་བྱེ་བ་ཕྲག་བརྒྱ་གྲངས་མང་ཡང་།  །དོན་དམ་བདེན་པའི་ངང་ལས་མི་གཡོ་བས།  །བོན་ཉིད་དབྱིངས་ཀྱི་གསུང་རབ་ཅེས་སུ་གྲགས།  །དེ་དོན་ཀློག་པར་མི་ནུས་སེམས་ཅན་ལ།  །སྟོན་པའི་ཐུགས་ལ་བདེན་པའི་བཅུད་ཕྱུང་ནས།  །སྐྱེས་བུ་ཐབས་དང་ཤེས་རབ་བདེན་པ་ཡི།  །འཕྲུལ་ཆེན་ཡི་གེ་བཞི་བཅུ་གོ་ཕྱེད་པས།  །ཀྴ་ཡིས་ལམ་དྲང་ཨ་ཡིས་བར་ཡང་ཕྱེད།  །ཥྟ་ཀྱིས་མདོ་བཅད་ཨི་ཨུ་ཨེ་ཨོ་ཨཾ།  །སྐད་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།  །བྷི་མྷིང་ཡ་ར་སྤུག་པའི་བཞི་བཅུ་འགྱུར།  །ངེས་པའི་ཐོ་ཡིག་བཞི་བཅུ་ཐམ་པ་དེ།  །ཡི་གེ་ཐང་ལོག་སྒྲ་ལ་མ་བརྩིས་ན།  །བསྒྲུབ་བྱ་ལྷ་དང་སྒྲུབ་བྱེད་གཤེན་པོ་ལ།  །མིང་སྐྱེས་རིགས་སྐྱེས་སྔགས་སྐྱེས་དགྲ་གཤེད་ཡོད།  །ཐམས་ཅད་འབྱུང་ལྔ་དུག་ལྔ་ཕུང་པོ་ལྔ།  །ལྷ་ལྔ་སྐུ་ལྔ་ཡེ་ཤེས་ལྔ་པོ་ཡང་།  །ཐང་བབ་ཐང་ལོག་ཐང་ཆོལ་བརྡ་བསྐོར་ལས།  །མ་བུ་དགྲ་གྲོགས་བསྡེབ་པའི་འགྲུབ་མི་འགྲུབ།  །མ་རུ་སོང་ན་སྔོན་ཚེ་ཡི་དམ་ལྷ།  །ཅུང་ཟད་བསྒྲུབ་པས་འགྲུབ་འགྱུར་ཐེ་ཚོམ་མེད།  །བུ་རུ་སོང་ན་དབང་བ་སྨོན་ལམ་ལྷ།  །བསྒོམ་དང་མཆོད་པས་ངེས་པར་འགྲུབ་པར་འགྱུར།  །གྲོགས་སུ་སོང་ན་དམ་ཚིག་ལས་ཀྱི་ལྷ།  །བཟླས་དང་སྒྲུབ་པས་ངེས་པར་འགྲུབ་པར་བཤད།  །དགྲ་རུ་སོང་ན་གནོད་བྱེད་ལས་ཀྱི་ལྷ།  །འཕྲིན་ལས་མྱུར་ཡང་རང་ལ་བདུད་དུ་འབེབས།  །ཐ་མལ་འཆོལ་བས་ངལ་བ་དོན་མེད་འགྱུར།  །རླུང་གི་མེ་བུས་མེ་ཡི་ས་ཡང་བསྲོས།  །ས་བུ་ནམ་མཁའ་མཁའ་བུ་ཆུ་རུ་བཞེད།  །ཆུ་བུ་རླུང་ཡིན་མ་བུ་དེ་ཡི་ཤེས།  །ས་ཡིས་ཆུ་བཅད་ཆུ་ཡིས་མེ་ཡང་གསོད།  །མེ་ཡིས་མཁའ་བསྲེག་མཁའ་ཡིས་རླུང་ཡང་འགམ།  །རླུང་གིས་ས་བཤིག་དགྲ་ལྔར་ཤེས་པར་བྱ།  །རླུང་གྲོགས་སས་བྱེད་ས་གྲོགས་ཆུ་ཡིས་བྱེད།  །ཆུ་གྲོགས་མེས་བྱེད་མེ་གྲོགས་ནམ་མཁའ་བྱེད།  །མཁའ་གྲོགས་རླུང་གིས་བྱེད་དེ་གྲོགས་ལྔ་ཡིན།  །འབྱུང་ཁུངས་རྒྱལ་པོ་ཡིན་པས་འབྱུང་ཆེན་བརྒྱད།  །ཀྴ་ཀ་མགྲིན་འབྱུང་ཤིང་གི་ཁམས་ཏེ་ཤར།  །ཨེ་ཅ་རྐན་འབྱུང་མེ་སྟེ་ལྷོ་གཉིས་དབང་།  །ཨོ་ཏ་ལྕེ་འབྱུང་ས་སྟེ་ལྷོ་ནུབ་དབང་།  །ཨུ་པ་མཆུ་འབྱུང་ཆུ་སྟེ་བྱང་གཉིས་དབང་།  །ཨི་ཙ་སྣ་འབྱུང་རླུང་སྟེ་ལྷོ་ཤར་དབང་།  །ཨཾ་ཞ་སོ་འབྱུང་ལྕགས་ཏེ་ནུབ་གཉིས་དབང་།  །ཨཿར་སྤྱི་འབྱུང་རི་སྟེ་བྱང་ཤར་དབང་།  །ཥྚ་ཧ་ཁོག་འབྱུང་གནམ་སྟེ་བྱང་ནུབ་དབང་།  །འབྱུང་ཆུང་ལྔ་རུ་བསྡུས་ན་སྡེ་ཚན་ལྔ།  །ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨ༔ཥྚ་དང་།  །ཆེན་པོ་བརྒྱད་ནི་རླུང་ཡིན་ཀུན་ལ་སྒྱུག  །ཀ་ཅ་ཏ་པ་ཙ་ཞ་ར་ཧ་དང་།  །དྲག་པོ་ས་ཡིན་བརྟན་པས་གསལ་བྱེད་འགོ།  །ཁ་ཆ་ཐ་ཕ་ཚ་ཟ་ལ་ཨ་དང་།  །འབྲིང་བ་ཆུ་ཡིན་ཡི་གེ་རང་སོར་གནས།  །ག་ཇ་ད་བ་ང་ཛ་འ་ཤ་རི་དང་།  །ཞན་པ་མེ་ཡི་ཡི་གེ་འཇམ་པར་བཀླག   །ང་ཉ་ན་མ་ཝ་ཡ་ས་ལི་དང་།  །རྔུབ་པ་ནམ་མཁའི་ཡི་གེ་གོ་ཡང་ཕྱེ།  །འབོད་པ་མ་གཏོགས་མིང་ཡིག་དང་པོ་མིང་།  །བསྡོམ་རྩིས་མ་གཏོགས་རང་བློ་ཐོབ་པའི་རིགས།  །བསྭོ་ཨཱོྃ་མ་གཏོགས་སྔགས་ཡིག་དང་པོ་སྔགས།  །ཕན་ཚུན་དགྲ་གྲོགས་མ་ནོར་བརྩིས་བྱས་པས།  །བསྙེན་བསྒྲུབ་བཟླས་པའི་འབྲས་བུ་ཆུད་མི་ཟ།  །འབྱུང་ཆེན་ལྔ་ཡི་རང་སར་ཐམས་ཅད་སྡུད།  །ནམ་མཁའ་ཀ་ཀྴ་ཧ་ཨ་ཨཾ་རྣམས་མགྲིན།  །དེ་ནི་ཅ་ར་རི་ཥྟ་ཨེ་རྣམས་རྐན།  །ས་ནི་ཏ་ལ་ས་ལི་ཨོ་རྣམས་ལྕེ།  །ཆུ་ནི་པ་ཟ་འ་ཨ་ཨུ་རྣམས་མཆུ།  །རླུང་ནི་ཙ་ཡ་ཤ་ཞ་ཨི་རྣམས་སྣ།  །རྩ་ཡི་སྡེ་ཚན་ལྔ་པོ་རང་སར་བཞག  །གསུམ་དང་དབྱངས་ཡིག་བགོས་པས་འབྱུང་ཆེན་ལྔ།  །ཆུ་ཡི་ཆུ་དང་ས་ཡི་ས་འཐབ་ཕགས།  །དྲག་པོ་དགྲ་གཤེད་འཕྲད་པས་དྲག་པོར་འགྱུར།  །ས་ཡི་ས་དང་ནམ་མཁའི་ནང་འཕྲད་ནི།  །མ་བུ་མཇལ་སྡེབ་བྱས་པས་ཞིབ་པར་འགྱུར།  །ནམ་མཁའི་སྡེ་ལ་ནམ་མཁའི་ནམ་མཁའ་བཞག  །རང་སྡེབ་བུ་ཡིས་བསྒྱུར་བས་དབང་དུ་སྡུད།  །ཆུ་ཡི་སྡེ་ལ་ས་ཡི་ས་དག་སྣུན།  །རང་གཤེད་རང་གིས་བསྐྱེད་པས་རྒྱས་པར་འགྲོ།  །དེ་བཞིན་གསང་སྔགས་ཀུན་ལ་ཤེས་པར་བྱ།  །ཡི་གེ་འཁོར་ལོ་རྫོགས་པའི་དོན་བཤད་པ།  །རྒྱལ་བའི་དཀྱིལ་འཁོར་ས་བཅུ་འདས་པའི་གོང་།  །གསང་སྔགས་རྒྱལ་པོ་མཆོག་གི་ཕོ་བྲང་ལ།  །བསྭོ་དང་ཨྰོཾ་གཉིས་རྫོགས་པར་ཡོངས་སུ་བཞུགས།  །འདབ་བཞི་སྭ་ཧྭ་ནི་རི་བཞི་ཡོད་དེ།  །འདབ་བརྒྱད་པུས་པ་ལི་དང་དྷྰ་བྰ་གནས།  །ཕྱི་ཁྱམས་བར་ཁྱམས་ཀུན་ལ་དབུས་སུ་ཨཱོྃ།  །ཕྱོགས་ལ་ས་ཧ་ནི་རི་གནས་པ་འོ།  །ཟུར་བཞི་ཐུགས་རྗེ་རྒྱུན་གྱི་ཕོ་བྲང་ལ།  །དྷྐི་དབུས་ལ་མཚམས་བཞི་ལ་ཡིན་ནོ།  །ཕྱོགས་བཞི་ཕོ་བྲང་བཞི་ལ་ཧཱུྃ་བཞི་གནས།  །དེ་བཞིན་མ་ཡང་བཞི་རུ་ཤེས་པར་བྱ།  །དེ་དག་གཞི་དང་འབྲས་བུའི་ས་བོན་ཡིན།  །ལམ་གྱི་འཕྲུལ་ཆེན་བཞི་བཅུ་ཡས་བགྲང་བ།  །ཀྐྷྰ་ཁྑྷྰ་གྒྷྰ་ངྔྷྰ་བཞི་ནི་སྒོ་བཞིར་གནས།  །ཅྕྷྰ་ཆྖྷྰ་ཇྗྷྰ་ཉྙྷྰ་བཞི་ནི་ཕྱོགས་བཞི་སྟེ།  །ཏྟྷྰ་ཐྠྷྰ་དྡྷྰ་ནྣྷྰ་དུར་ཁྲོད་མཚམས་བཞི་འོ།  །པྤྷྰ་ཕྥྷྰ་བྦྷྰ་མྨྷྰ་བར་འཁྱམས་སྒོ་མ་བཞི།  །ཙྩྷྰ་ནི་ཤར་ལ་ཚྪྷྰ་ནི་བྱང་ཡིན་ཏེ།  །ཛྫྷྰ་ནི་ནུབ་ལ་ཝྺྷྰ་ནི་ལྷོ་རུ་བཀོད།  །ལྷོ་ཤར་བྱང་ཤར་ཞྮྷྰ་ལ་བྱང་ནུབ་ལྷོ་ནུབ་ཏུ།  །ཟྯྷྰ་བཀོད་གནས་ཆེན་ཉི་ཤུའི་སྲུང་མ་འོ།  །འྰྷྰ་ཡྻྷྰ་སྟེང་དང་འོག་ཏུ་དམིགས་པ་སྟེ།  །རྲྷྰ་ལླྷྰ་ཤྴྷྰ་སྶྷྰ་ནང་སྒོ་བཞི་ལ་བཀོད།  །དེ་ནས་ནང་གི་པད་མ་བཅུ་གཉིས་ལ།  །ཧྷྷྰ་ཨྸྷྰ་རྲྷྰྀྀ་ལླྷྰྀྀ་ཀྴྐྴྷྰ་ཨྸྷྰྀྀ་ཨྸུ་ཨྸྰེེ་ཨྸྷྰོོ་ཨྸྷྰཥྴྷྰཿ  །ཡིག་འབྲུ་སོ་གཉིས་རིམ་པར་བཀོད་པར་བྱ།  །དྲག་པོ་རང་བཏགས་ཆེན་པོ་ཧ་བཏགས་དང་།   །རིང་པོ་འ་བཏགས་འཕྲུལ་ཆེན་བཞི་བཅུ་འདི།  །མཐོང་བ་ཙམ་གྱི་ཡི་གེ་འཁོར་ལོ་ཐོབ།  །བྲིས་སམ་འཆང་བའི་བག་ཆགས་སྒྲིབ་པ་དག  །ངག་དུ་འདོན་ན་མཁའ་འགྲོ་མ་ལུས་འཁོར།  །ཤེས་པ་ཙམ་གྱི་དཔའ་བོའི་གོ་ཆར་འགྱུར།  །བསྒྲུབ་པའི་སྣང་བ་དབང་དུ་བསྡུས་པ་སྟེ།  ། ཡང་དག་གསང་བ་དཔའ་བོ་གོ་ཆའི་རྫོང་།  །མ་རྒྱུད་མཁའ་འགྲོ་གནད་ཀྱི་བརྡ་ཡིག་འདི།  །སྐལ་ལྡན་ལམ་གྱི་ཡོན་ཏན་ཐམས་ཅད་བསྐྱེད།  །ནང་ལྟར་ལུས་ལ་ཐོ་ཡིག་གནས་ལུགས་ནི།  །རྩ་འདབ་ལོ་མར་སྤྲོ་བ་ཡང་རབ་ལུགས།  །དབང་པོའི་དྭངས་མ་རྣམས་ལ་བསྟན་པར་བྱ།  །འཁོར་ལོ་ལྔ་ལ་བསྐྱེད་པ་འབྲིང་གི་ལུགས།  །སྐལ་ལྡན་སྦྱང་ནུས་རྣམས་ལ་གཏད་པར་བྱ།  །བཅུ་བཞི་ལྷ་ལྔ་དཔའ་བོ་རྒྱན་གཅིག་རྫོགས།  །ཉམས་ལེན་གནད་དུ་བསྣུན་ལ་བསྟན་པར་བྱ།  །རྒྱས་བསྡུས་གཏང་བཞག་སྐབས་ལ་རན་པར་ཕོག  །གྲུབ་མཐའ་མ་བུ་མཐའ་རྒྱ་ཆོད་པར་བཤད།  །ལག་ལེན་འགྲེལ་ཏིག་དོན་ལ་འཇལ་བར་སྦྱར།  །གསང་སྔགས་སྤྱི་དམ་སྒོ་སྒོ་ཕྱེད་པར་བསྟན།  །བསྐྱེད་རྫོགས་གཞི་ལམ་མ་བུ་འབྲེལ་པར་བསྟན།  །དབང་དང་གམ་ཚིག་རྒྱུ་འབྲས་འཕྲོད་པར་སྲུང་།  །ཡི་གེ་འཁོར་ལོ་རྫོགས་པས་སངས་རྒྱས་ངེས།  །ཞེས་བཀའ་བསྩལ་ཏོ།  །གཞི་ཡེ་སངས་རྒྱས་པའི་རྒྱུད།  །གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མ་ལས།  །སྐྱེད་མེད་ཐིག་ལེ་བསྟན་པའི་ལེའུ་འོ། །