འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཁྱུང་པོ་སྟེང་དགོན་དུ་བཤད་གྲྭ་རྣམས་སྐབས་ལྔ་པའི་ཚད་མའི་རིགས་སྒྲ་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-07-02]  [རྩོམ་པ་པོ།:གཙོ་ཚུལ་ཁྲིམས་ནས།]  [ཀློག་གྲངས།:]



༧ ཁྲི་འཛིན་མཁན་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག



༧ སློབ་དཔོན་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་ནས་བཀའ་སློབ་གནང་བཞིན་པ།



༧ བཤད་སྒྲུབ་མཁན་རིན་པོ་ཆེ་དགེ་བཤེས་འཕགས་མཆོག་སེམས་དཔའ་མཆོག


༧ ཉིན་དང་པོའི་དམ་བཅའི་སྐབས།


༧ ཉིན་དང་པོའི་རིགས་ལམ་པའི་སྡེ།


༧ ཉིན་གཉིས་པའི་དམ་བཅའ་བ་རྣམ་པ།

༧ ཉིན་གཉིས་པའི་རིགས་ལམ་པའི་སྡེ།


༧ ཕུན་ཚོགས་འབྱོར་རྒྱས་ཁང་དུ་འཚོགས་བསྡད་པའི་སྐབས།


༧ རྩོད་པའི་ཉམས་འགྱུར།



༧ རྩོད་པ་བྱེད་བཞིན་པའི་སྐབས་ནས་བླངས་པའི་རྣམ་པ།



      དེ་ཡང་བོན་གྱི་གདན་ས་ཆེན་མོ་ ༧ དཔལ་གཤེན་བསྟན་སྨན་རིའི་གླིང་དང་ ༧ དཔལ་ལྡན་ཁྲི་བརྟན་ནོར་རྩེ་སོགས་སུ་ཚད་མའི་རིག་ལམ་ཡར་རྒྱས་ཀྱི་ཆེད་དུ་གཡས་རུའི་འཆད་རྩོད་ཆེན་མོ་དང་ཚད་མའི་རིགས་སྒྲ་ཆེན་མོའི་འཚོགས་རྒྱུན་བཙུགས་པ་ལྟར། འདི་ག་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་དུ་ཁྲི་འཛིན་མཁན་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་དང་། དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་རྒྱལ་མཚན། བཤད་སྒྲུབ་མཁན་རིན་པོ་ཆེ་དགེ་བཤེས་འཕགས་མཆོག་སེམས་དཔའ་རྣམ་པ་གསུམ་གྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་རང་དགོན་གྱི་བཤད་གྲྭ་བ་རྣམས་སྤྱི་ལོ་ ༢༠༡༠ ནས་བཟུང་ལོ་བསྟར་དུ་ཚད་མའི་རིགས་སྒྲ་ཟབ་འཚོགས་གནང་གིན་ཡོད་ལ། འདི་ལོ་ཡང་སྤྱི་ཟླ་ ༦ ཚེས་ ༡༧ ནས་ ༧ ཚེས་ ༡ བར་བདུན་ཕྲག་གཉིས་ཀྱི་རིང་ལ་བཤད་གྲྭ་བ་རྣམས་ཚད་གསུམ་ཟུང་འབྲེལ་ལམ་ནས་འཁོར་འདས་ཤེས་བྱའི་དེ་ཉིད་གཏན་ལ་འབེབ་པའི་མཚན་ཉིད་རྩོད་པའི་རིག་ལམ་ཡར་རྒྱས་ཡོང་བའི་ཆེད་དང་། ཚད་མའི་རྒྱལ་པོ་དོན་དམ་ཚད་མ་རང་འབྱུང་རིག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཆེད་དུ་གླིང་ཁག་གཉིས་སུ་བགོས་ཏེ། གཡས་རུའི་རིག་པ་སྨྲ་བའི་དབང་པོ་འཕྲིན་ལས་རྒྱ་མཚོའི་བདག་ཉིད་བོན་གྱི་སྤྱན་ལྡན་ཆེན་མོ་ ༧ རྗེ་འགྲོ་བའི་མགོན་པོ་བློ་གྲོས་རྒྱལ་མཚན་གྱི་ཚད་མ་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ལེའུ་གཉིས་པ་ལ་བརྒལ་བརྟགས་རྩོད་སྦྱོང་གནང་མཐར། དགོན་འདིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དཔང་པོར་མཛད་དེ། རིག་པ་སྨྲ་བའི་གླིང་སྡེ་གཉིས་པོ་ཉིན་གཉིས་ལ་རེས་མོས་སུ་དམ་འཇོག་རྒྱུགས་སྤྲོད་བྱས་ཏེ་རྒྱལ་ཕམ་ཤན་འབྱེད་ཚུལ་དུ་ཁྱབ་ལོག་གསལ་བསྒྲགས་དང་འབྲེལ་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གི་གཙོ་སྒྲིག་པ་མཁས་དབང་དགེ་བཤེས་ཀུན་བཟང་རྒྱལ་མཚན་མཆོག་ནས་སློབ་གཉེར་བ་རྣམས་ལ་བཀའ་སློབ་ཟབ་རྒྱས་བསྩལ་ནས་སྐབས་ལྔ་པའི་ཚད་མའི་རིགས་སྒྲ་ཆེན་མོ་རྒྱལ་ཁའི་ངང་ཡོངས་སུ་མཇུག་གྲུབ་པའོ།། མུ་ཙུག་སྨར་རོ།།

གཙོ་ཚུལ་ཁྲིམས་ནས།།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 3 ཡོད།
སྤེལ་མཁན། ས་མཐའ་བ་ཞིག་གིས།  IP:སྤེལ་དུས། :2014-07-03 20:34:47
ཁྱེད་རྣམ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ།
སྤེལ་མཁན། སྨྱུག་འཛིན་ནས།  IP:སྤེལ་དུས། :2014-07-03 23:06:57
དངོས་གནས་ཡག་འདུགཡིན་ན་ཁྱུང་པོ་བའི་དགོན་སྡེ་ཁག་གི་བཤད་གྲྭ་བ་དག་ལྷན་འདུས་ཀྱིས་འཚོགས་ཐུབ་ན་བསམ་སོང་།རྒྱང་རིང་ནས།
སྤེལ་མཁན། Ivan  IP:སྤེལ་དུས། :2015-04-10 02:02:57
Umm,areyoureallyjustgivingthisinfooutfornoitnhg?
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།