འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
སྒང་རུ་དར་རྒྱས་དགོན་དུ་མཉམ་མེད་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2017-03-08]  [རྩོམ་པ་པོ།:ཁྱུང་ལྔ་རིག་སློབ་གླིང་།]  [ཀློག་གྲངས།:]

    སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་ངམ།  ༼ཁྱུང་ལྔ་རིག་སློབ་གླིང་༽དུ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་མཚན་བརྗོད་པར་དཀའ་བ་༧རྒྱལ་བ་གཤེན་རབ་མི་བོ་ཆེ་བདེ་བར་གཤེགས་ནས་མི་ལོ་༡༨༠༣༤ བོད་མེ་བྱ་ལོའི་སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༣ པའི་སྤྱི་ཚེས་ ཉིན་སྒང་རུ་སྡེ་དགོན་ཟུང་ནས་སྔར་སྲོལ་བཞིན།

    རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་རིན་པོ་ཆེའི་སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཟབ་མོ་ཞུས་པ་རེད།  དགོན་དེའི་མཁན་པོ་དབྲ་ཁྱུང་སྐལ་བཟང་ནོར་བུ་དང་ཁྱུང་ཤེལ་ཉི་ཟླ་ཟུང་འབྲེལ་གཙོས་པའི་དགེ་འདུན་བརྒྱ་ཕྲག་ལྷག་གིས།  སྐུ་གསུང་ཐུགས་ཀྱི་རྟེན་དང་རྣམ་ལྔ་སོགས་ཟབ་རྒྱས་ཀྱི་མཆོད་པ་བཤམ་ནས།  མདོ་གཡུང་དྲུང་ཀློང་རྒྱས་སམ་མེ་ཏོག་མཆོད་པ་དག་འདོན་བྱས་པ་མ་ཟད།  དེ་དང་ཁྱབ་གཅིག་སྐབས་གཉིས་པའི་གཤེན་གྱི་རྣལ་འབྱོར་བ་རྣམས་ཀྱི།  ཨ་སྙན་རྫོགས་གསུམ་གྱི་སྒྲུབ་གྲྭ་བ་བཅུ་ཕྲག་གཉིས་ལྷག་གིས་ལོ་བཞིའི་རིང་སྔོན་འགྲོ་བསགས་སྦྱང་དང་།  རྣལ་བབ་དང་རྩ་རླུང་གཏུ་མོའི་ཉམས་ལེན།  མུན་ཁྲིད་འོད་གསལ་བདུན་སྐོར་སོགས་འཆད་ཁྲིད་ལེགས་པར་གྲུབ་ནས་ལོ་དུས་ཀྱི་བཅད་འཚམ་བཞིན་གཤེན་གྱི་རྣལ་འབྱོར་གྱི་མཚན་རྟགས་བཞེས་ནས།  རྣལ་འབྱོར་བ་རེ་རེ་བཞིན་སྙན་པའི་དབྱངས་དང་སྤྲོ་དགའི་གར་དང་བཅས་ཏེ་དར་བུའི་སྒོ་ནས།  མཚན་མོ་དགོན་གྱི་མཐའ་སྐོར་ལ་སྐྱ་སེར་བརྒྱ་ཕྲག་གྲངས་ཀྱི་ལག་ལ་མར་མེ་ཐོགས་ནས་ངག་གིས་རྗེ་རྒྱལ་བ་གཉིས་པའི་གསོལ་འདེབས་དབྱངས་ལ་བཅས་ནས་མཐར་བསྔོ་བ་སྨོན་ལམ་གྱི་མཇུག་གྲུབ་པ་རེད།












ཁྱུང་ལྔ་རིག་སློབ་གླིང་ནས།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།