འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
༄༅།། བརྡ་ཁྱབ་གསལ་བསྒྲགས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2016-12-04]  [རྩོམ་པ་པོ།:བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་།]  [ཀློག་གྲངས།:]


༄༅།།  བརྡ་ཁྱབ་གསལ་བསྒྲགས།


    འོ་ལགས་སོ་མདོ་དབུས་ཁམས་གསུམ་དུ་བཞུགས་པའི་རྒྱ་ཆེ་བའི་བོན་འབངས་ལྷ་སྡེ་རྣམས་ལ་ཞུ་རྒྱུ།  ད་ལན་ངེད་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་བླུ་ཡོན་སྤྲད་པའི་《སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས།་》སམ་རྒྱལ་བའི་བཀའ་འགྱུར་ནང་།  མངོན་གསལ་དོད་པོའི་པོད་ཏི་ཆད་ལྷག་ནོར་འཁྲུལ་ཤོར་བ་འདུག་ན་ཕན་ཚུན་བརྗེ་ལེན་བྱ་རྒྱུ་ཡིན་པས་༢༠༡༦  ལོའི་སྤྱི་ཟླ་༡༢  པའི་ཚེས་  ༣༠ ཡི་སྔོན་ལ་སྟེང་ཆེན་དགོན་དང་།  ནག་ཆུ།  ཁྲེན་ཏུའི་སོགས་ས་གནས་སོ་སོའི་འབྲེལ་གཏུག་མི་སྣའི་ཕྱག་ཏུ་ཆད་ལྷག་བྱུང་བའི་པོད་དེ་མ་ནོར་བར་འབྱོར་བ་བྱ་དགོས།  གལ་ཏེ་དུས་ཐོག་ཏུ་མ་འབྱོར་ཚེ་རྗེས་སུ་བརྗེ་ལེན་བྱ་རྒྱུ་མེད་པས་དེ་ལུགས་ཐུགས་བསམ་བཞེས་རོགས་ཞུ།          
    གསལ་བཤད་ཞུ་རྒྱུ།
    དཔེ་ཆ་ལྷག་པའི་པོད་དང་ཆད་པའི་པོད་གཉིས་མང་ཉུང་ལྷུ་ཐུག་དགོས་པའི་དེ་ལུགས་ཐུགས་བསམ་བཞེས་དགོས།  འདི་བརྒྱུད་བསྐུར་མང་ཙམ་གནང་རོགས་ཞུ་ཞུ།།

     འབྲེལ་གཏུག་བྱ་ཡུལ་ས་གནས།


    སྟེང་ཆེན།  བསོད་བཀྲ།             ཁ་པར།  135-1895-4196
    ནག་ཆུ།  དགེ་བཤེས་བསྟན་པ་བཀྲ་ཤིས།  ཁ་པར།  188-8905-2888
    ཁྲེན་ཏུའི།   དགེ་བཤེས་བསྟན་པ།      ཁ་པར།  139-8218-8985


ཞེས་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་

ཕྱོགས་བསྒྲིགས་ཁང་ནས། 2016/12/4 ཉིན་སྤེལ།


དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།