འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
སྟེང་དགོན་གྱི་སྐབས་ལྔ་པའི་དགེ་བཤེས་དང་སྐབས་བཅུ་བཞི་པའི་སྒྲུབ་ཐོན་མཛད་སྒོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2016-12-02]  [རྩོམ་པ་པོ།:གནད་ཀྱི་གཟེར་བུ།]  [ཀློག་གྲངས།:]

ཁྱུང་པོ་སྟེང་ཆེན་དགོན་གྱི་སྐབས་ལྔ་པའི་དགེ་བཤེས་ཀྱི་མཛད་སྒོ་དང་

སྐབས་བཅུ་བཞི་པའི་སྒྲུབ་ཐོན་གྱི་མཛད་སྒོ་བཅས་སྤེལ་བར།


ལོ་ལྟར་འཆར་ཅན་གྱི་ཀུན་རིག་ལས་བཞི་རྒྱུན་ལྔ་རྒྱས་འཚོགས་དང་བསྟུན་གོང་གི་མཛད་སྒོ་ཁག་སྤེལ་བ་སྟེ།

2016 ལོའི་སྤྱི་ཟླ་11 པའི་ཚེས 16 དང་ 17 བཅས་ཉིན་གཉིས་ཀྱི་རིང་ཀུན་རིག་ལས་བཞི་རྒྱུན་ལྔ་བཅའ་བཟོ་མཆོད་བཤམས་རྒྱས་པར་བྱས།

 

 

 


འདི་ཟླའི་ཚེས་18 ཉིན་ནས་ཀུན་རིག་འདོན་ཚོགས་གཞུང་བསྲང་སྟེ།  

འདི་ཟླའི་སྤྱི་ཚེས་18 དང་19 གཉིས་ཀྱི་ཆུ་ཚོད་ 11 ནས་ཆུ་ཚོད་1 པོའི་བར་དུ་དད་ལྡན་མང་ཚོགས་རྣམས་ལ་དགོན་འདིའི་མཁན་སློབ་དགེ་རྒན་རྣམ་པས་བློ་ལྡོག་རྣམ་བཞིའི་སྐོར་ནས་བོན་ཁྲིད་གནང་།

སྤྱི་ཚེས་ 20 ཉིན་སྔ་དྲོ་ཆུ་ཚོད་10 ཐོག་སྐབས་ལྔ་པའི་དགེ་བཤེས་མཛད་སྒོ་དབུ་བཙུགས་ཏེ་ཐོག་མར་

བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་ཁ་ལྕེ་དྲང་སྲོང་ཤེས་རབ་ལེགས་སྨོན་མཐར་ཕྱིན་དང་།


བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཚུལ་ཁྲིམས་བསོད་ནམས་བློ་གྲོས།  


བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་བརྩོན་འགྲུས་ངག་དབང་བློ་གྲོས།  


བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དམུ་ར་དྲང་སྲོང་སྦྱིན་པ་བསྟན་འཛིན་ཡེ་ཤེས།  


བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་བསམ་གཏན་ཤེས་རབ་འཁྲུལ་མེད།  


བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་རི་ཐ་དྲང་སྲོང་སྟོབས་མཆོག་བསྟན་འཛིན་ཚུལ་ཁྲིམས


བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ནག་རུ་དྲང་སྲོང་སྨོན་ལམ་དྲང་སྲོང་རྒྱལ་མཚན་བཅས་དགེ་བའི་བཤེས་གཉེན་རྣམ་པས་ཉིན་བཞི་ཡི་ནང་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་བཅས་གསུངས་ནས་གཏོང་སྒོ་དང་མང་ཇ་བཅས་ཆ་ཚང་མཛད།


སྤྱི་ཚེས་ 24 ཉིན་སྔ་དྲོ་ཆུ་ཚོད་ 9 ཐོག་སྐབས་བཅུ་བཞི་པའི་སྒྲུབ་ཐོན་རྣལ་འབྱོར་པའི་མཛད་སྒོ་ལ།  སྒྲུབ་ཐོན་པ་བཅུ་བཞི་ཡིས་ཐོག་མར་དགོན་འདིའི་དཔོན་གསས་བླ་མ་མཆོག་དང་མཁན་སློབ་བཅས་ལ་མནྡལ་སྐུ་གསུང་ཐུགས་རྟེན་གྱི་ཚན་པ་སོགས་དང་།  འདུས་པ་སྤྱི་ལ་གཏང་རག་གི་མཆོད་པ་ཕུལ།  






 

མཁན་པོ་ཚུལ་ཁྲིམས་རྣམ་དག་མཆོག་ནས་སྡེ་སྣོད་མཛོད་རྩ་བ་ལེའུ་ཉེར་གཅིག་པ་ཆ་ཚང་ངག་རྒྱུགས་ཕུལ།

སྒྲུབ་ཐོན་པ་ལྷོ་ཚེ་དབང་འགྱུར་མེད་ནས།  ཡར་མེ་བའི་ལམ་རིམ་སུམ་བརྒྱ་པའི་ནང་ནས་ལས་རྒྱུ་འབྲས་སྐོར་ནས་ལུང་དང་མཐུན་པའི་འཆད་རྒྱུགས་ཕུལ།  

སྒྲུབ་ཐོན་པ་ཁྱུང་ནག་བླ་ཆུང་བཀྲ་ཤིས་རྒྱལ་མཚན་དང་སྒྲུབ་ཐོན་མཁན་པོ་ཚུལ་ཁྲིམས་རྣམ་དག་ཟུང་ནས་འགྱེད་དང་མང་ཇ་བཅས་ཕུལ།  

དྲོ་གཞུང་ཆུ་ཚོད་ 1 པོའི་ཐོག  སྙན་ངག་སྨྲ་བ་པོ་སྦྲུལ་ཞགས་དང་།  སློབ་གཉེར་བ་ལྷ་ལྡང་སེམས་དཔའ་ཟུང་ནས་འཛིན་སྐྱོང་བྱས་ཏེ་


ཁྱུང་པོ་སྟེང་ཆེན་དགོན་གྱི་སྐབས་གསུམ་པའི་ལོ་འཁོར་བགྲོ་གླེང་ཆེན་མོ་འཚོགས་ནས་སྨྲ་ལྕེ་རྒོད་པོའི་ན་གཞོན་ཤེས་ཡོན་ཅན་ཉི་ཤུ་ལྷག་གིས་རང་མོས་བགྲོ་གླེང་གནང་ནས་དགོང་མོ་ཆུ་ཚོད 8 པའི་ཐོག་གྲོལ།

 

 

 

 


སྤྱི་ཚེས་ 25 དང་ 26  བཅས་ལ་སྐབས་ལྔ་པའི་དགེ་བཤེས་དངོས་གཞི་དམ་བཅའ་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་འཚོགས་ནས་ཁྱུང་ཡུལ་གྱི་རིག་སྨྲ་བ་རྣམས་གདན་འདྲེན་བྱས་ཏེ་རྩོད་པ་བོན་གྱི་འཁོར་ལོ་བསྐོར།




སྤྱི་ཚེས་ 27 ཉིན་སྔ་དྲོ་ཆུ་ཚོད་ 9 ཐོག་བཀའ་རམས་པ་རྣམ་པ་བདུན་གྱི་བཀྲ་ཤིས་དམ་བཅའ་འཚོགས།  

 




ཆུ་ཚོད་10.30 ཐོག་དགོན་འདིའི་མཁན་སློབ་རྣམ་པ་མངའ་གསོལ་ཁྲི་བཞེངས་ཀྱི་མཛད་སྒོ་ཟབ་རྒྱས་ངང་འཚོགས་ཏེ།  དགོན་འདིའི་ལྷ་སྡེ་ཡོངས་ཀྱིས་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་སློབ་རྣམས་ལ་མནྡལ་རྟེན་གསུམ་གྱི་མཆོད་པ་དང་།  འདུས་པ་སྤྱི་ལ་འབྱོར་ཚོད་ཀྱི་སྐུ་འགྱེད་བཅས་ཕུལ།  



















ཕྱི་དྲོ་ཆུ་ཚོད་ 2 པའི་ཐོག་དགེ་བཤེས་མཚན་རྟགས་ཕྱག་ཁྱེར་དང་སྒྲུབ་ཐོན་རྣལ་འབྱོར་བཅས་ལ་ཕྱག་ཁྱེར་གནང་།  དེ་ནས་བཀྲ་ཤིས་ལྷ་རྒྱལ་གྱེར་ནས་མཁན་པོ་དགེ་བཤེས་སོགས་ཀྱི་ཁྲི་བཞེངས་མངའ་གསོལ་ཀྱི་མཛད་སྒོ་སྤེལ་བ་སྟེ།



 

 











བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ནག་རུ་དྲང་སྲོང་སྨོན་ལམ་དྲང་སྲོང་རྒྱལ་མཚན་མཆོག  གཡམ་བྱ་ཆེན་དགོན་གྱི་འགན་ཁུར་སེར་སྐྱ་ཡོངས་ཀྱི་རེ་འདུན་བཞིན།  གཡམ་བྱ་ཆེན་དགོན་གྱི་མཁན་པོའི་ཁྲི་ལ་མངའ་གསོལ་བ་དང་།  

བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་རི་ཐ་དྲང་སྲོང་སྟོབས་མཆོག་བསྟན་འཛིན་ཚུལ་ཁྲིམས་མཆོག  རི་ཐ་དགོན་གྱི་འགན་འཛིན་རྣམས་ཀྱིས་རེ་བསྐུལ་བཞིན།  རི་ཐ་དགོན་དུ་སྒྲུབ་གྲྭའི་མཁན་པོ་རུ་མངའ་གསོལ་བ་དང་།  

སྐབས་བཅུ་བཞི་པའི་སྒྲུབ་ཐོན་པ་༧མཁན་པོ་ཚུལ་ཁྲིམས་རྣམ་དག་མཆོག་མཁན་པོའི་ཁྲི་ལ་མངའ་གསོལ་བཅས་མཛད།


སྤྱི་ཚེས་ 28 ཉིན་རྒྱས་པ་ཀུན་སྣང་གི་བཀའ་དབང་བསྐུར།


 



སྤྱི་ཚེས་ 29 དང་ 30 བཅས་ལ་ཉིན་རེ་ཆུ་ཚོད་གསུ་གྱི་གཡས་གཡོན་དུ་དད་ལྡན་མང་ཚོགས་རྣམས་ལ་བོན་བཤད་གནང་།  

ཕྱི་དྲོ་ཆུ་ཚོད་3 ཐོག་ཀུན་རིག་ལས་བཞི་རྒྱུན་ལྔའི་སྨོན་ལམ་གསུངས་ཏེ་རྣམ་དཀར་དད་སྦྱིན་ཁག་ལ་དད་རྟེན་ཕྱག་རྟགས་བཅས་བསྩལ།






















































སྤྱི་ཟླ་ 12 པའི་ཚེས་1 ཉིན་བཀྲ་ཤིས་གཤེགས་བསྐྱོད་དང་ལོ་འདིའི་ཀུན་རིག་ལས་བཞི་རྒྱུན་ལྔའི་དུས་མཆོད་མཛད་སྒོ་སོགས་ཀྱི་མཇུག་ཡོངས་སུ་གྲུབབོ།།



གནད་ཀྱི་གཟེར་བུས་བསྡུས་སོ།

 

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།