འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཁྱུང་པོ་སྟེང་ཆེན་དགོན་གྱི་སྐབས་གཉིས་པའི་ལོ་འཁོར་བགྲོ་གླེང་ཆེན་མོ།།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-11-30]  [རྩོམ་པ་པོ།:བགྲོ་གླེང་གོ་སྒྲིག་ཚན་པས་]  [ཀློག་གྲངས།:]

ཁྱུང་པོ་སྟེང་ཆེན་དགོན་གྱི་སྐབས་གཉིས་པའི་ལོ་འཁོར་བགྲོ་གླེང་ཆེན་མོ།།


རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ།།

     དེ་ཡང་དུས་རབས་དང་འཚམས་པའི་དགོས་མཁོ་སྟེ། སྨྲ་ལྕེ་རྒོད་པོ། མེས་པོའི་རིག་གཞུང་ལ་ཞུས་པའི་ཞབས་ཕྱི་སྟེ། རིག་གནས་ལྔ་ཡི་བགྲོ་གླེང་། མ་འོངས་མི་རབས་ཚོའི་མིག་ལྟོས་ཏེ།  རིག་རྩལ་འགྲན་རྩོད་ཆེན་མོ། མདོར་ན་དགོས་དམིགས་དུ་མ་ལ་བརྟེན་ནས། འདི་ག་ཁྱུང་པོ་སྟེང་ཆེན་དགོན་གྱི་སྐབས་གཉིས་པའི་ལོ་འཁོར་བགྲོ་གླེང་ཆེན་མོ། འདི་ལོའི་སྤྱི་ཟླ་༡༡ པའི་ཚེས་༢༦ ཉིན་ཟབ་རྒྱས་ངང་འཚོགས་ཏེ།

    མདོ་འཛིན་པ་གནད་ཀྱི་གཟེར་བུ་ནས་བགྲོ་གླེང་འདི་འཚོགས་པའི་དམིགས་ཡུལ་དང་དགོས་པ་སྒྲིག་གཞི་བཅས་གསལ་བསྒྲགས་ཞུས་པའི་ནང་ནས། དང་པོ་སྟེ་། དམིགས་ཡུལ་ནི་ད་ལྟའི་དུས་རབས་འདི་རྒྱལ་བ་གཤེན་རབ་མི་བོའི་སྐུ་གསུང་ཐུགས་གསུམ་གྱི་བསྟན་པའི་ཡ་གྱལ་ཏེ། གསུང་གི་བསྟན་པས་འདུལ་བའི་དུས་ཚོད་ཅིག་ལགས་པས། དེས་ན་སངས་རྒྱས་ཀྱི་གསུང་གི་བསྟན་པའི་ནང་ལ། འགྲོ་ཀུན་ཞི་བ་བདེ་ཆེན་ས་ལ་འགོད་པའི་མན་ངག་ཁྱད་པར་ཡོད་ནའང་། གབ་པའི་ཚུལ་དུ་གནས་བཞིན་འདུག་པས། དེ་ཉིད་ངོ་སྤྲོད་ལམ་སྟོན་ཐུབ་པའི་སྐྱེས་བུ་སྐྱེད་སྲིང་གི་ཆེད་དང་། མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་ཟེར་བའི་དཔེ་ལྟར། མི་བུ་ཕན་ཚུན་བར་དོགས་འདྲི་དང་ཐེ་ཚོམ་གེགས་སེལ་གྱི་ཆེད་དུ་གྲོས་གླེང་གི་སྒོ་ལ་འཇུག་པ་ཞིག་གོ། གཉིས་པ་དགོས་པ་ནི། ཉེར་གཅིག་དུས་འདིར་རྣམ་གཡེང་ལེ་ལོའི་ཁས་དབང་བཙན་པས། དེ་ལས་ལྡོག་སྟེ། རིག་གཞུང་ལ་བརྩོན་འགྲུས་ཀྱི་སྐུལ་ལྕག་ཡོང་ཐབས་ཞིག་དང་། སྨྲ་ལྕེ་ལ་བདེ་མྱུར་གྱི་ཡོན་ཏན་ལྡན་ཐབས་ཞིག་གི་དགོས་པ་ལས་མ་འདས་སོ།།


བགྲོ་གླེང་བྱེད་མཁན་དངོས་ཞུགས་མི་སྣའི་མཚན་ཐོ།


    ༡༽དགེ་བའི་བཤེས་གཉེན་ཆེན་པོ། དགེན་བློ་གྲོས་རབ་གསལ་ནས། ༼ངས་འབྱུང་བ་ནམ་མཁའ་ངོས་འཛིན་སྟངས།༽  ༼དྲི་བ་མཁན༽ནམ་མཁའ་ཡེ་ཤེས།

    ༢༽སྔགས་འཛིན་གྲྭའི་སློབ་གཉེར་བ། བསོད་ནམས་བློ་གྲོས། ༼ས་དགེ་བཀའ་རྙིང་སོགས་བོད་ཀྱི་ཆོས་རྒྱུད་ཁ་ཤས་དང་། གཡུང་དྲུང་བོན་གྱི་གྲུབ་མཐའ་སོགས། སོ་སོ་དར་བའི་དུས་རབས་དང་ལོ་ཚིགས་རྣམ་གྲངས་སྐོར་ཟུར་ཙམ་གླེང་བ།༽  ༼དྲི་བ་མཁན༽ ཐུགས་རྗེ་སེམས་དཔའ།


    ༣༽སྔགས་འཛིན་གྲྭའི་སློབ་གཉེར་བ། བསྟན་འཛིན་ཡེ་ཤེས། ༼གཡུང་དྲུང་བོན་གྱི་ཚད་མ་རིག་པའི་གཞུང་ལུགས་ངོ་སྤྲོད།༽ ༼དྲི་བ་མཁན༽ དྲང་སྲོང་ཉི་མ།

    ༤༽སྔགས་འཛིན་གྲྭའི་སློབ་གཉེར་བ། ངག་དབང་བློ་གྲོས། ༼དཔེ་ཀློག་གི་རྒྱུན་ཤེས།༽  ༼དྲི་བ་མཁན༽ ཤེས་རབ་གཡུང་དྲུང་།

    ༥༽སྔགས་འཛིན་གྲྭའི་སློབ་གཉེར་བ། དྲང་སྲོང་རྒྱལ་མཚན། ༼བོན་གྱི་དབུ་མའི་ལྟ་བ་བསྟན་ཚུལ་ལས་རང་གིས་གོ་ཚུལ།༽ ༼དྲི་བ་མཁན༽ ནམ་མཁའ་ལྷུན་འགྲུབ།

༦༽སྒྲུབ་ཐོན་པ། ཚུལ་ཁྲིམས་ཉི་མ། ༼གྲུབ་དབང་འཇའ་ལུས་པའི་རྣམ་ཐར།༽ ༼དྲི་བ་མཁན༽ ཤེས་རབ་སྙིང་པོ།

    ༧༽མཛོད་འཛིན་གྲྭའི་སློབ་གཉེར་བ། གཡུང་དྲུང་སེམས་དཔའ། ༼ཚད་མ་རིག་པའི་དོན་དང་། དེ་ཉིད་སྦྱོང་བའི་དམིགས་ཡུལ།༽ ༼དྲི་བ་མཁན༽ ཀུན་གསལ་ཡེ་ཤེས།

    ༨༽མཛོད་འཛིན་གྲྭའི་སློབ་གཉེར་བ། ཀུན་བཟང་ལྷུན་འགྲུབ། ༼གདོད་མའི་བོན་དང་གཡུང་དྲུང་གི་བོན་སྐོར་གླེང་བ།༽ ༼དྲི་བ་མཁན༽དྲང་སྲོང་རྒྱལ་མཚན།

    ༩༽ཕར་ཕྱིན་འཛིན་གྲྭའི་སློབ་གཉེར་བ། གཡུང་དྲུང་འོད་ཟེར། ༼གཏེར་སྟོན་གྱི་སྐོར།༽ ༼དྲི་བ་མཁན༽ བྱང་ཆུབ་དོན་ལྡན།


    ༡༠༽ཕར་ཕྱིན་འཛིན་གྲྭའི་སློབ་གཉེར་བ། གཡུང་དྲུང་དབང་ལྡན། ༼མི་ཡག་པོ་ཟེར་ན་ག་རེ་ཞིག་དགོས་སམ།༽ ༼དྲི་བ་མཁན༽ མཁྱེན་བརྩེ་དཔལ་ལྡན།

    ༡༡༽ཕར་ཕྱིན་འཛིན་གྲྭའི་སློབ་གཉེར་བ། ཡོན་ཏན་ཀུན་འབྱུང་། ༼འགྲོ་བ་མི་བྱུང་ཚུལ་སྐོར་ནས་བསམ་གཞིག་ཐ་ཐོར།༽ ༼དྲི་བ་མཁན༽ ནམ་མཁའ་ཚུལ་ཁྲིམས།

    ༡༢༽ས་ལམ་འཛིན་གྲྭ་གོང་མའི་སློབ་གཉེར་བ། དགེ་ལེགས་དཔལ་ལྡན། ༼སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིག་པ་ལས་འཕྲོས་པའི་བསམ་ཚུལ་ཐོར་བུ།༽ ༼དྲི་བ་མཁན༽ བསམ་གཏན་ཤེས་རབ།

    ༡༣༽ས་ལམ་འཛིན་གྲྭ་འོག་མའི་སློབ་གཉེར་བ། ཤེས་རབ་ཚུལ་ཁྲིམས། ༼ཤུགས་འགེཌ་གཉིས་ཀྱི་འདོད་སྟངས་གླེང་བའི་རྨོངས་བློའི་གོམ་སྟབས༽། ༼དྲི་བ་མཁན༽ རྒྱལ་མཚན་མཆོག་ལེགས།

    ༡༤༽ས་ལམ་འཛིན་གྲྭ་གོང་མའི་སློབ་གཉེར་བ།  འོལ་བ། ༼དེང་རབས་ལྷུག་རྩོམ་སྐོར་གྱི་ལབ་གླེང་།༽ ༼དྲི་བ་མཁན༽ མཁྱེན་བརྩེ་འོད་ཟེར།

    ༡༥༽སྒོམ་གྲྭ། ཚུལ་ཁྲིམས་མཐར་ཕྱིན། ༼ཐོས་པའི་རྗེས་སུ་སྒོམ་སྒྲུབ་ལ་འཇུག་དགོས།༽ ༼དྲི་བ་མཁན༽ རྨེའུ་ཚ་གནམ་གསས།

    ༡༦༽སྒྲུ་ཐོན་པ། གཡུང་དྲུང་རང་གྲོལ། ༼ཐུགས་དམ་འཕྲེང་བའི་སྐོར་ལ་བསམ་པ།༽ ༼དྲི་བ་མཁན༽ དྲི་མེད་སྙིང་པོ།

    ༡༧༽ས་ལམ་འཛིན་གྲྭ་གོང་མའི་སློབ་གཉེར་བ། སོ་ཐར་རྒྱལ་མཚན། ༼ནང་པའི་སྐོར།༽ ༼དྲི་བ་མཁན༽ ལུང་རིག་དབང་ཕྱུག

གནས་སྐབས་སྒྲིག་གཞི་ནི།  

     བགྲོ་གླེང་གི་དུས་ཚོད་སྐར་མ་བཅོ་ལྔ་ལ་བྱས་ནས། བཅུ་ལ་བཤད་པའི་དུས་ཚོད་དང་། ལྔ་ལ་དྲི་བ་དྲིས་ལན་གྱི་དུས་ཚོད་བཅས་བྱས། དང་པོ་བགྲོ་གླེང་གང་ཡོད་པ་དེ་སྤུས་དག་པའི་ཐོག་དུས་ཚོད་དེའི་ནང་འགོ་མཇུག་ཚང་བ་བཤད་ཐོབ་པ་དང་། ཚིག་ལ་སྒྲ་དག་པོ་ཡོད་པ་དང་། མིག་གི་ལྟ་སྟངས་ལག་གི་མཛུབ་སྟོན་སོགས་བཤད་དོན་དང་མཐུན་པ་སོགས་ཀྱི་གཙོ་བོའི་དོན་ཚན་གསུམ་གྱི་སྒོ་ནས་ཨང་རིམ་སྤྲད་དེ་འདི་ལོའི་བགྲོ་གླེང་གཟི་བརྗིད་ངང་མཇུག་གྲུབ་པའི་གནད་བསྡུས་སོ།།

བགྲོ་གླེང་གོ་སྒྲིག་ཚན་པས་སྤྱི་ལོ་༢༠༡༥ལོའི་ཟླ་བ༡༡ཚེས་༢༦ཉིན་སྤེལ།


དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།