འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
སྟེང་དགོན་བཤད་སྒྲུབ་འདུས་སྡེ་ནས་འདི་ལོའི་གཞུང་ལུཊ་ཡིག་རྒྱུཊ་ཆེན་མོ་བཏང་བ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-10-11]  [རྩོམ་པ་པོ།:དྲ་བ་རྩོམ་སྒྲིག་ཁང་ནས།]  [ཀློག་གྲངས།:]


       དི་རིང་སྟེ་འབྱུང་ལྡན་སུམ་བརྒྱ་གཅིག་གི་ཤིང་མོ་ལུག་ལོ་སྤྱི་ལོ་༢༠༡༥ ལོའི་ཟླ་༡༠ པའི་ཚེས་༡༠ ཉིན།  ༧ ཁྱུང་པོ་སྟེང་ཆེན་དགོན་ནམ་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་བཤད་སྒྲུབ་འདུས་སྡེ་ནས་འདི་ལོའི་གཞུང་ལུགས་ཡིག་རྒྱུགས་ཆེན་མོ་བཏང་།  དེ་ཡང་སྒྲུབ་སྡེ་ལ་འཛིན་གྲྭ་གསུམ་ཡོད་ཅིང་།  གཞུང་རྒྱུགས་འདྲི་གཞིནི་བཀའ་ལུང་རྒྱ་མཚོ།  ལམ་རིམ་སུམ་བརྒྱ་པ་དང་།  སྡེ་སྣོད་མཛོད།  མ་རྒྱུད་སངས་རྒྱས་རྒྱུད་གསུམ་བཅས་ནས་ཡིན།

      བཤད་གྲྭ་ལ་འཛིན་རིམ་བཅུ་གསུམ་ཡོད་པའི།  རྫོགས་ཆེན་འཛིན་གྲྭར་འདྲི་གཞི་རྫོགས་ཆེན་གཞུང་དང་།  གསང་སྔགས་འཛིན་གྲྭར་མ་རྒྱུད་སངས་རྒྱས་རྒྱུད་གསུམ།  མཛོད་འཛིན་གྲྭར་མཛོད་འགྲེལ་འཕྲུལ་སྒྲོན།  ཕར་ཕྱིན་འཛིན་གྲྭར་ཕར་ཕྱིན་གཞུང་དང་།  ས་ལམ་འཛིན་གྲྭར་ས་ལམ་འཕྲུལ་སྒྲོན་རང་འགྲེལ་དང་འགྲོ་མགོན་ས་ལམ།  ཐེག་རིམ་གོང་མར་ཐེག་རིམ་དང་མཚོན་བྱེད་ཞེ་ལྔ་།  ཐེག་རིམ་འོག་མར་ཐེག་རིམ་རྒྱུ་ཐེག་སྐོར།  ཚད་མ་གོང་མ་ལ་ཚད་མ་རྣམ་འབྱེད་རྩ་འགྲེལ།  ཚད་མ་འོག་མར་བཟང་རྒྱལ་རྟགས་རིག  །བསྡུས་གྲྭ་གོང་འོག་བར་གསུམ་ལ་འདྲི་གཞི་མཁན་ཆེན་བསྡུས་གཞུང་ནས་ཡིན་འདུག  །འདི་གའི་སློབ་དཔོན་རྣམ་པའི་རེ་བ་ནི།  དི་རིང་གི་རྒྱུགས་ནི་ཁ་རྩང་གི་སློབ་མའི་སློབ་སྦྱོང་འབད་བརྩོན་གྱི་ཉིང་འབྲས་དང་སང་ཉིན་གྱི་སློབ་མའི་སློབ་གཉེར་གྱི་སྐུལ་ལྕག་ཡིན་ཞེས་གསུངས་གནང་འདུག  

    ལོ་འཁོར་གཞུང་ལུགས་ཡིག་རྒྱུགས་ཆེན་མོའི་སྐབས་སུ་པར་རིས་འགའ་ཞིག་གཤམ་ནས་ཕུལ་བ་ལགས།

༧ བཀའ་འབུམ་རབ་རྒྱས་ཁང་།

ལོ་འཁོར་གཞུང་ལུགས་ཡིག་རྒྱུགས་ཆེན་མོའི་སྐབས་སུ་པར་རིས་ཟུར་ཞིག

ལོ་འཁོར་གཞུང་ལུགས་ཡིག་རྒྱུགས་ཆེན་མོའི་སྐབས་སུ་པར་རིས་ཟུར་ཞིག

ལོ་འཁོར་གཞུང་ལུགས་ཡིག་རྒྱུགས་ཆེན་མོའི་སྐབས་སུ་པར་རིས་ཟུར་ཞིག


ལོ་འཁོར་གཞུང་ལུགས་ཡིག་རྒྱུགས་ཆེན་མོའི་སྐབས་སུ་པར་རིས་ཟུར་ཞིག

ལོ་འཁོར་གཞུང་ལུགས་ཡིག་རྒྱུགས་ཆེན་མོའི་སྐབས་སུ་པར་རིས་ཟུར་ཞིག

ལོ་འཁོར་གཞུང་ལུགས་ཡིག་རྒྱུགས་ཆེན་མོའི་སྐབས་སུ་པར་རིས་ཟུར་ཞིག


འདི་སྐད་ཀྱི་གནས་འཕྲིན་ནི་ཁྱུང་པོའི་དྲ་བའི་རྩོམ་སྒྲིག་ཁང་ནས་སྤེལ།  ༢༠༡༥/ ༡༠ /༡༠



དཔྱད་མཆན།བསྡོམས་པས་དཔྱད་མཆན་ 1 ཡོད།
སྤེལ་མཁན། ཉག  IP:སྤེལ་དུས། :2015-10-11 17:35:37
ཡི་རང་ཞུ་མཛད་ཕྲིན་རྒྱས་
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།