འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
གདན་ས་ཁྲི་བརྟན་ནོར་རྩེའི་ལོ་འཁོར་བྲིས་རྒྱུགས་སྐོར།
[རྩོམ་ཁུངས།:ཧི་མ་ལ་ཡའི་བོན།]   [ཟླ་ཚེས།:2015-08-16]  [རྩོམ་པ་པོ།:ཏི་སེའི་བུ།]  [ཀློག་གྲངས།:]

 

1.jpg

     གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཆར་ཅན་བཞིན།

2.JPG3.JPG

     སྐབས་བབ་ཀྱི་སློབ་གཉེར་བ་རྣམས་སློབ་སྦྱོང་ཡར་སྐུལ་གྱི་ཆེད་དུ་ལོ་ལྟར་བྲིས་རྒྱུགས་དང་རྩོད་རྒྱུགས་གཉིས་ཀ་གནང་དང་གནང་མུས་ཡིན་པར་བརྟེན། ད་ལན་རྒྱུགས་སྤྲོད་ཀྱི་མགོན་དུ་ཕེབས་པའི་དཔོན་སློབ་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་པའི་རྩ་གཞུང་འཛིན་པའི་སློབ་དཔོན་དང་། རྒྱུགས་ཞིབ་དོ་དམ་པ་བཅས་ཀྱི་སྟངས་འཛིན་འོག འཆད་རའི་ཐོག་ཏུ་གྲྭ་སྒྲིག་སྟབས་བདེ་ཞིག་གནང་ནས།

4.JPG6.JPG

      སྐབས་ཉེར་གཅིག་པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་བྲིས་རྒྱུགས་ཆེན་མོ་དེ་ཉིད་འདི་ལོའི་ཟླ་༨ཚེས་༡༣ཉིན་གྱི་སྔ་དྲོའི་ཕྱག་ཚོད་༦།༣༠ནས་དབུ་བཙུགས་ཏེ་ཆུ་ཚོད་གསུམ་རིང་བཏང་ནས་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ་མཁྱེན་རྟོགས་ཀྱི་ཆེད་དུ་ཏི་སེའི་བུས་སྤེལ།

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།