འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཁྱུང་པོ་སྟེང་དགོན་དུ་ཚད་མའི་རིགས་སྒྲ་ཐེངས་དྲུག་པ་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-07-02]  [རྩོམ་པ་པོ།:གཙོ་སྒྲིག་པ་གནད་ཀྱི་གཟེར་བུ་ནས།]  [ཀློག་གྲངས།:]

༧ ཁྱུང་པོ་སྟེང་ཆེན་དགོན་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་དུ་ཚད་མའི་རིགས་སྒྲ་ཐེངས་དྲུག་པ་འཚོགས་པ།

  ཟླ་བ་འདིའི་ནང་ཁྱུང་པོ་སྟེང་ཆེན་དགོན་དུ་ལོ་དུས་བཞིན་བཤད་སྒྲུབ་འདུས་སྡེའི་ཚད་མ་སྨྲ་བའི་འདུས་གྲྭ་ཡོངས་ཀྱིས་རྗེ་འགྲོ་བའི་མགོན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་བརྩམས་གནང་མཛད་པའི་སྔ་རབས་བོན་གྱི་ཚད་མ་ཀུན་ལས་བཏུས་པའི་རིག་པའི་གཏེར་མཛོད་ཉིད་ལ། བདུན་ཕྲག་གཉིས་ཀྱི་དུས་ཚོད་རིང་། བསྟན་རྒྱས་གླིང་དང་ཀུན་ཁྱབ་གླིང་ཞེས་རིགས་ལམ་པ་ཁག་བགོས་བགྱིས་ཏེ། བཤད་སྒྲུབ་དགེ་རྒན་རྣམས་ཀྱིས་གཞུང་གི་དཀའ་གནད་དག་ཞིབ་ཁྲིད་དང་། སློབ་གཉེར་བ་ཀུན་གྱིས་ཧོར་བརྩོན་ཆེན་པོས་ཉིན་རེར་འཆད་རའི་རྩོད་རྒྱུགས་དང་དམ་བཅའི་རྩོད་རྒྱུགས་བྱས་ཤིང་། སྔ་རབས་པའི་བོན་དཔེ་འདི་ཉིད་ཀྱི་གཞུང་གི་བསྟན་ཕྱོགས་དང་། དེང་སང་ཡོངས་སུ་མ་གྲགས་པའི་ཁས་ལེན་འཛིན་མཚམས་སོགས་ལ་ཡང་སྔ་ན་མེད་པའི་གྲུབ་འབྲས་མི་དམན་པ་བླངས་ཡོད།

  མཇུག་མཐར་བདུན་ཕྲག་རྗེས་མའི་ཉིན་དྲུག་པར་བཤད་སྒྲུབ་འདུས་སྡེའི་མཁན་སློབ་དགེ་རྒན་ཚང་འཛོམས་དབུས་སུ། བསྟན་རྒྱས་གླིང་གི་རིག་སྨྲ་བ་རྣམས་དམ་བཅའ་བཞུགས་ཤིང་། ཀུན་ཁྱབ་གླིང་གིས་རྩོད་སྤོངས་མཛད་པ་དང་། ཉིན་བདུན་པར་ཀུན་ཁྱབ་གླིང་དམ་བཅའ་བཞུགས་ནས་བསྟན་རྒྱས་གླིང་གིས་རིག་ལམ་དང་མཐུན་པའི་དབྱེ་ཤག་མཛད་པ་མ་ཟད་བཤད། མཐའ་མཇུག་གི་རྩོད་པ་གྲུབ་མཚམས་དགོན་འདིའི་སློབ་དཔོན་རིན་པོ་ཆེས་གླིང་གཉིས་ཀྱི་སློབ་གཉེར་བ་རྣམ་པས་འདི་ལོར་ཚད་མའི་སྦྱང་འབྲས་གསལ་བསྒྲགས་གནང་ཞིང་། དགེ་རྒན་རྣམ་པས། ད་ཐེངས་རིག་སྨྲ་བ་ཀུན་ཀྱིས་དཀའ་སྤྱད་སྡུག་རུས་དང་བརྩོན་པ་ཆེད་སྤྱད་གནང་བའི་མཐུས། གྲུབ་འབྲས་ཀྱང་དམིགས་བསལ་ཐོབ་འདུག་ཅེས་ལེགས་གསོལ་བསྔགས་བརྗོད་དང་བསྒྲགས་མཇུག་གྲུབ་བོ།།




ཉིན་དང་པོ་བསྟན་རྒྱས་གླིང་ཚང་དམ་བཅའི་སྐབས།




ཉིན་གཉིས་པ་ཀུན་ཁྱབ་གླིང་ཚང་དམ་བཅའི་སྐབས།


དཔྱད་མཆན།བསྡོམས་པས་དཔྱད་མཆན་ 3 ཡོད།
སྤེལ་མཁན། ཁྱུང་བྱང་གྲགས་ནས།  IP:སྤེལ་དུས། :2015-07-02 14:03:05
བཀྲིས་བདེ་ལེགས།
སྤེལ་མཁན། ཁྱུང་བྱང་གྲགས་ནས།  IP:སྤེལ་དུས། :2015-07-02 14:03:33
བཀྲིས་བདེ་ལེགས།
སྤེལ་མཁན། བོད་འཁྱམ་པ།  IP:སྤེལ་དུས། :2015-09-15 20:23:50
སྒེར་ཚུགས་ཅན་གྱི་དགོན་སྡེ་ཞིག་གི་བརྗིད་ཉམས་མཛད་པ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།