
བལ་པོའི་ཡུལ་གྱི་ཐ་གྲུ་རུ།། ཡ་མེད་གནམ་རྡོ་ས་རུ་ལྷུང་།། སྟེང་འོག་བརྗེས་པའི་འགྱུར་ལྡོག་དེ།། མིག་ཆུ་གཞུར་བའི་རྐྱེན་ངན་ཞིག། ས་ཡོན་གསེར་སྐྱེམས་མ་བཞེས་པའི།། ས་བདག་འཁྲོས་པའི་གཡུལ་ངོ་བཅས།། ཀླུ་སྲིན་བསྡེབས་པའི་ས་འཁྲུཊ་དེ།། ཡིད་སེམས་སྐྱོ་བའི་གྱོང་གུད་ཅིག། རེ་བཅོལ་ལྷ་ལ་ཞུས་མ་ཞུས།། སྡོངས་ཀྱི་གྲོཊ་སུ་བྱོན་མ་བྱོན།། ཆ་མ་ཆོད་པའི་གོད་ཆག་དེ།། ཧུ་ཤུ་ཤོར་སའི་ནག་ཉེས་ཤིག། ཉམ་ཆུང་མི་བུས་ཉི་མར་འདེས།། ཉེས་མེད་དལ་བུར་སྡོད་དུས་ལ།། མངོན་མེད་ས་ཡོམ་ཤན་པ་དེ།། ཚེ་སྲོག་འཕྲོག་པའི་ཇག་པ་ཞིག། སྐྱོ་རལ་གསོན་འདྲེ་དངོས་རྒྱུག་བྱས།། ས་ཆེན་ཡོམ་ཡོམ་གཡོ་ཞིང་འདར།། ལྷིང་འཇཊ་ཁྲོམ་གྱི་གཤེད་མ་དེ།། རྣམ་ཤེས་བརླགས་པའི་ཕུང་འདྲེ་ཞིག། ཡིད་འཁྱུད་སྦྲེལ་བའི་བག་ཆཊ་ཀྱི།། མངར་མོའི་བུ་རམ་རོལ་མ་ཁོམ།། ལག་རྡང་གཤིག་པའི་མཚོན་ཆ་དེ།། བདེ་ཐག་གཅོད་པའི་རལ་གྲི་ཞིག།། གནའ་ཤུལ་མཁར་རྫོང་མཐོན་པོ་འགའ།། ཕ་ཤུལ་བུ་འཛིན་མ་དབང་ལ།། རྗེས་ཤུལ་དྭ་ཕྲུག་ལུས་པ་དེ།། སྡུག་གིས་གདུང་བའི་སྐྱོ་འབོད་ཞིག། བྱད་མའི་བསེ་རག་ཐལ་ནས་ལངས།། མ་རུང་ངུ་འབོད་ཁྲོམ་དུ་སློག། གད་པའི་གསེབ་ཀྱི་ཨོ་རལ་དེ།། ཕྱི་མིག་ཆཊ་པའི་སྡུག་འབོད་ཅིག། རྭ་ལག་གསེར་གྱི་འབུ་ལོ་དང་།། ཡིད་ཆཊ་སྒྲོ་ལོའི་པོད་ཁ་སོཊ།། ས་ཡོམ་ལག་ཏུ་ཤོར་བ་དེ།། ཚོད་དུ་མེད་པའི་གཏོར་བརླག་ཅིག། མཐོང་ཡངས་བལ་བོད་ས་མཚམས་སུ།། དྲན་འདོད་མེད་པའི་ས་ཡོམ་དེས།། གློ་བུར་བཙན་དུར་སྦས་པ་དེ།། མི་རིཊ་དུ་མའི་ཕམ་ཁ་ཞིག། ལས་དབང་མ་མཐུན་གོམ་ཁའི་ཁྲོད།། ལབ་གླེང་མ་གཅིག་མདུན་ལམ་བཅོམ།། ཚེ་སྲོག་ས་འོག་བཏབ་པ་དེ།། སྙིང་རྗེ་མེད་པའི་དན་རྟགས་ཤིག། ཞི་བའི་ལྷོད་ཀྱིས་ནེམ་མ་མྱོང་།། ཞེ་སྡང་དྲག་པོའི་གདུག་རྩུབ་ཀྱིས། བཙན་གྱིས་བརྡུང་གཏུབ་བྱས་པ་དེ།། དུད་འགྲོའི་སྤུ་ཡི་ས་དྲེད་ཅིག། ད་བཞུཊ་ལྷ་ཡིས་སྐྱོབ་པར་ཤོག། འདས་སོང་བདེ་ས་ཟིན་པར་ཤོག། བར་དོའི་དངང་སྐྲག་མེད་པར་ཤོག། དལ་འབྱོར་རྟེན་བཟང་རྙེད་པར་ཤོག། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། སྤྱི་ལོ་༢༠༡༥/༤/༢༥/ཉིན་ས་ཡོམ་གྱི་གོད་ཆག་ཤོར་ཉིན་ཉི་ནག་སྤྲིན་ནག་གསེབ་ནས་ཁྱུང་བསོད་བློ་ནས་བྲིས་སོ།།
|