འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཀོ་དགོན་དུ་སྒོ་བཞི་མཛོད་ལྔའི་ཡང་བཅུད་དེབ་ཕྲེང་གཉིས་པ་སྒོ་འབྱེད་ཀྱི་མཛད་སྒོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-03-10]  [རྩོམ་པ་པོ།:གཡུང་དྲུང་གཙུག་ཕུད།]  [ཀློག་གྲངས།:]

ཀོ་རྒྱལ་དགོན་དུ་སྒོ་བཞི་མཛོད་ལྔའི་ཡང་བཅུད་དེབ་ཕྲེང་གཉིས་པ་སྒོ་འབྱེདཀྱི་མཛད་སྒོ་སྤེལ་བའི་གནས་ཚུལ།

 

སྤྱི་ལོ་༢༠༡༣ ལོར་དགོན་འདིའི་བླ་སློབ་ཡོངས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་གྱིས་ད་ལྟའི་བོན་གྱི་ཚད་མ་རིག་པའི་སློབ་གཉེར་བ་ཐུན་མོང་ལ་ཁ་ཕྱོགས་ཏེ་<<སྒོ་བཞི་མཛོད་ལྔའི་ཡང་བཅུད་>> ཅེས་པའི་མཚན་བྱང་ཐོག་ནས་དེབ་ཕྲེང་༣ཅན་ཞིག་དཔེ་སྐྲུན་ཞུས་ཏེ་རྒྱལ་ཕྱི་ནང་གི་བོན་གྱི་ཚད་མ་རིག་པའི་སློབ་གཉེར་བའི་སྡེ་ལ་བོན་སྦྱིན་དུ་འགྲེ་སྤེལ་ཞུས་ཡོད་ལ།

 

    ད་ལན་སྤྱི་ལོ་༢༠༡༤ལོར་སླར་སྔར་གྱི་དེབ་གྲངས་༣པོའི་སྟེང་དུ་ཁ་སྣོན་གྱི་ཚུལ་དུ་སྤྱི་ལོ་༢༠༡༣ ལོའི་འདི་གའི་རབ་འབྱམས་སློབ་ཐོན་པ་བཞི་དང་ཤེས་རབ་ཚུལ་ཁྲིམས་སོགས་ཀྱིས་གཙོ་འགན་བཞེས་ཏེ་དག་བསྒྲིགས་ཞུས་པའི་གཡས་རུའི་སྟོན་པ་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ་སྐོར་གྱི་དེབ་བདུན་དང་། དཔལ་ཆེན་ཁམས་འགྲེལ། ཡེ་ཁྲི་མཐའ་སེལ། སེམས་སྨ་སྡེ་དགུ། མུ་མེད་གདལ་པ། དྲན་པ་ཆོག་དྲུག སུམ་བརྒྱ་པའི་འགྲེལ་བ། ཀུན་འདུས་རིན་ཆེན་རྩ་རྒྱུད། མཁས་བཞིའི་ཕྱག་བཞེས། སྒ་སྟོན་ཐེག་འགྲེལ། རྫོགས་ཆེན་ལྟ་བ་ཐོག་དབབ་སོགས་ཁྱོན་སྡོམ་དེབ་གྲངས་བཅ་བརྒྱད་ཙམ་སྤྱི་ལོ་༢༠༡༤ལོའི་ལོ་སྨད་དུ་དཔར་བསྐྲུན་ཞུས་ཤིང་མཐར་<<སྒོ་བཞི་མཛོད་ལྔའི་ཡང་བཅུད་>>ཅེས་དེབ་གྲངས་ལྔ་བཅུ་ལས་གྲུབ་པའི་དཔེ་ཚོམས་འདི་ལ་ཀྲུང་གོ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་སྟེ། འདི་ལོའི་སྤྱི་ཟླ་གསུམ་པའི་ཚེས་༦ཉིན་དགོན་འདིར་དེབ་ཕྲེང་གཉིས་པའི་སྒོ་འབྱེད་ཀྱི་མཛད་སྒོ་སྤེལ་བ་ཡིན། 

 

 

དེ་ཡང་ཟླ་དེའི་ཚེ་དྲུག་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་པའི་སྟེང་དུ་སྐབས་འདིའི་མཛད་རིམ་གྱི་དབུ་འཛུག་དངོས་སུ་གནང་སྟེ་ཐོག་མར་འདི་གའི་སློབ་དཔོན་ཆེན་མོ་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་གིས་དཔེ་ཚོགས་འདིའི་ངོ་བོ་དང་དཔ་སྐྲུན་འགྲིམ་སྤེལ་གྱི་བརྒྱུད་རིམ་སོགས་ཀྱི་སྐོར་གསུང་བཤད་མདོར་བསྡུས་ཙམ་གནང་མཐར་སེར་སྐྱ་ཐུན་མོང་གི་སྨོན་ཚིག་དང་སྦྲག་སྟེ་བླ་མ་དགེ་བཤེས་རྣམས་ཀྱིས་དཔེ་ཚོགས་དེབ་ཕྲེང་གཉིས་པའི་ཞལ་འབྱེད་གནང་བ་སོགས་ཀྱི་མཛད་རིམ་སྤེལ་མཚམས་སུ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་སོགས་ཕྱོགས་སོ་སོར་བཞུགས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ལ་པར་ཕུད་རིམ་གྱིས་ཕུལ་ཞིང་མཇུག་ཏུ་དགོན་འདིའི་འདུས་གྲྭ་ཡོངས་དང་མ་ཚད་འབྲེལ་ཡོད་ཀྱི་བསྟན་པའི་སྦྱིན་བདག་རེ་ཤས་ལའང་སྐུ་འགྱེད་གནང་བ་སོགས་སྐབས་འདིའི་དཔེ་ཚོགས་སྒོ་འབྱེད་བྱས་པའི་གནས་ཚུལ་རོབ་ཙམ་ཞུས་པའོ།། 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།