འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཁྱུང་བསོད་བློས་བྲིས་པའི་སྙན་ངག་ཚན་པ་གསུམ།།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-03-09]  [རྩོམ་པ་པོ།:ཁྱུང་བསོད་བློ་]  [ཀློག་གྲངས།:]

  ༡༽ད་ནངས་ཁ་བ་དཀར་པོ།

 ད་ནངས་དཔྱིད་ཀྱི་རྒྱལ་མོ་ཞོགས་གཉིད་ལས་ལྡང་ནས་།།
    ལྷད་མེད་སེམས་པ་དཀར་པོ་མཁའ་དབྱིངས་ནས་བསུས་ལ།།   
    ལ་ལུང་ཤ་ཤོ་འབུར་མེད་གངས་དཀར་གྱིས་སྤུད་ནས།།
      མདའ་གྲི་མདུང་སོའི་དབལ་རི་དཀར་ཡུག་ཏུ་བདལ་སོང་།།
   
    ཐང་ཆེན་ཤྭ་རྣ་རྒོད་རྐྱང་རྩེད་འཇོ་ལ་རོལ་བཞིན།།
    རྫ་ཆེན་ལྷ་བྱ་གོང་མོས་ལྡིང་སྐོར་རེ་རྒྱབ་གྲགས།
    ནཊ་ཆེན་སྟོང་གི་གཡུ་ཤུག་མགོ་ཅོག་དེ་ལྡེམ་ལྡེམ།།
  ང་དང་གྲོཊ་ཀྱི་སེམས་པ་གངས་རི་ལས་དཀར་སོང་།།

    ད་ནངས་དཔོན་གསས་བླ་མས་ལྷག་བསམ་དེ་དཀར་དཀར།།
    དེ་རིང་ལྗོན་ཤིང་ཡན་ཆོད་གུས་གུས་དང་ཞུམ་ཞུམ།།
    ངུར་སྨྲིག་དམར་གྱི་ཁྱུ་ཚོཊ་ཡོ་ལངས་ཀྱི་འདུ་འཛོམས།།
      ཁ་བའི་འདབ་མ་ཁྱོད་དང་ཉི་ལི་ལི་མཛེས་སོང་།།
 
    དྭངས་གཙང་ཁྲུས་ཀྱི་ཁ་བ་འཐུག་འཐུག་ཏུ་ཆཊ་པས།།
     མི་མཐུན་གདོན་གྱི་ནད་རྙིང་ཀླུ་ཡུལ་དུ་སྦས་ཟིན།།
    སླད་མེད་སྣོད་བཅུད་གསར་པ་མི་ཡུལ་དུ་བསུས་ནས།།
   དཀར་པོའི་རྒྱ་ཁྱོན་ཆེ་བའི་ཁོར་ཡུག་ཅིག་བསྐྲུན་འདུག།

 འཛུམ་དཀར་དཔྱིད་ཀྱི་རྒྱལ་མོ་ཞི་ཚུཊ་དེ་གཏོད་མཁས།།
 མདངས་དཀར་ཁ་བའི་འདབ་མ་ལྡེམ་ལྡེམ་དུ་འཁྱུག་མཁས།།  
   མཁས་བཙུན་བཟང་གསུམ་འཛོམས་པའི་དུས་བཟང་གི་ཉི་མ།།
  གངས་ཀྱི་ཁྲོད་ནས་བཞད་རིམ་ཇེ་གསལ་དང་ཇེ་མཛེས།།
 
     རྒྱ་ཞིང་འབྲུ་དྲུག་སྙེ་མའི་ས་བོན་དེ་འཛུགས་རན།།
    བསིལ་དྲོད་ཆ་སྙོམས་སྐྱོང་བའི་ལུས་ཟུངས་ཀྱི་མ་མ།།
   དགའ་བདེའི་དྲོད་སྐྱིད་ལྷ་མོ་དེ་རིང་ནས་འཛོམས་ཏེ།།
གངས་ལྷ་མེ་ཏོག་ཆར་བསྡེབས་མཁའ་དབྱིངས་ནས་ཕེབས་འདུག།
  
       ཁུ་བྱུག་མོན་གྱི་ཡུལ་ནས་མི་ཡུལ་དུ་ཆས་པའི།།
      གྲ་སྒྲིག་སྟ་བོན་འཛོམས་པའི་སྐད་སྙན་གྱི་ཟླ་བ།།
 གནས་འགྲོ་ལོ་གསར་བུ་མོས་ཁར་སྔོན་ནས་བསུས་འདུག།
    སྙན་སྙན་ངག་གི་དབྱངས་ལོ་ཀྲོང་ཀྲོང་དུ་སྒུག་རན།།
    
       ད་ནངས་ཁ་བ་དཀར་པོ་བརྩེ་བ་ཡི་ཨ་ལོང་།།
    དེ་རིང་ཀུན་གྱི་སེམས་ཁམས་དུང་བ་ཡི་ལྕཊ་ཀྱུ།།
     ཡིད་མཐུན་དགོད་སྒྲའི་བརྩེ་དུང་ཨ་ལོང་དུ་སྦྲེལ་ནས།།
     ཁ་བ་ཁྱོད་དང་ངེད་ཚོ་འཛུམ་སྟོན་ལ་ཆས་ཡ།།

       ཁ་བ་བབས་པས་མི་སྐྱོན་ཁ་ཞུན་གྱི་ཉི་མ།།
    ཁ་བ་གངས་ཀྱི་བུ་ཡིས་ཤར་ཕྱོགས་ནས་འདེ་ཆོག།
    ཁ་བའི་མེ་ཏོག་འདབ་མ་ཕྱུ་རུ་རུ་འཕྱུར་རོགས།།
    ཁ་བའི་སྐྱིད་གླུ་ལེན་བཞིན་ཁ་ཤགས་ལ་རོལ་ཆོག།
 ༢༠༡༥-༣-༤-བར་གསེང་ཞིག་ཏུ་ཁྱུང་བསོད་བློ་ནས་བྲིས།།

 

 ༢༽ རྙོག་འཛིང་གི་དབྱར་རྩྭ།
 
  མི་ཁོམ་བྲེལ་འཚུབས་ལངས་ནས་གོར་རོ་རོ་འཁོར་ཏེ།།    

 ཀུན་དགའ་ས་འོག་འབུ་ཡིས་རྫ་གསེང་ནས་འོག་ལྟས།།
འདོད་དགའ་ཆཊ་ཅན་རྒད་པོས་ཉལ་གསེབ་ནས་སྐེ་བསྒྱེ།།
 རེས་མོས་ལྡང་བའི་ནམ་ཟླ་དཔྱིས་དུས་ལ་སླེབས་འདུག།
  
  སྣུམ་ཅན་གསུང་རྟེན་ཡོད་ཚད་རས་ཐུམ་དུ་བསྒྲིལ་ནས།།
    བྱིན་ཅན་གནའ་རྫས་སློག་ནས་ཤོག་ཐུམ་དེ་རྒྱབ་རན།།
     གོམ་ཅན་ལྕགས་ཀྱི་ཆིབས་རྟ་སྒོ་ཁ་རུ་བཏག་ནས།།
  གཅེས་མིང་སྡོམ་འབུ་འདོཊ་ནས་ལྕེ་ནར་ནར་བྱེད་རན།།
   
    བཙན་རྒོད་རྒྱབ་རི་ཡུལ་ལྷ་རྟཊ་མ་རུ་བསྐྱལ་ནས།།
       ཅལ་འདྲོཊ་བུ་ཡིས་སྐྲ་ལོ་ཕོར་ཐུག་ཏུ་སྦང་རན།།
     སང་ལོའི་ས་འོག་འབུ་ལ་ཟ་འགུལ་ཞིག་ཆེ་སྟེ།།
 ཟ་ཁ་གླལ་དུ་གདངས་བཞིན་མཐོ་འགྱིང་ཙམ་བྱས་ཚར།།

 

   རླབས་ཆེན་ཕྱུག་པོའི་ལག་ཏུ་ཁེ་སྐྱེད་ཀྱི་མགོ་ཚུག།
འབྱོར་མེད་སྐྱ་མགོའི་རྐང་གཉིས་སྐྱིན་འདམ་དུ་ཟུག་ཚར།།    

   ཆ་མེད་ས་མཐའི་འཁྱམས་པོ་རི་བྱོལ་དུ་ཆས་ནས།།
    བདག་མེད་རྫ་རྩེའི་དབྱར་རྩྭ་ཕོ་སུ་རྒོད་བྱེད་རན།།

 

     ནམ་ཟླ་དཔྱིད་ཀྱི་རྒྱལ་མོས་ཞི་ཚུཊ་དེ་བཏོན་དུས།།
 རྐང་གཉིས་མི་བུ་མཐོ་དམན་ཀུན་པོ་ཡི་སེམས་དཀྱིལ།།
   མི་བདེན་སྒྱུ་མའི་ཟློས་གར་འཁྲབ་སྟངས་ལ་བྱང་ཆུབ།།
    བསླུ་བྲིད་སྒྱུ་མ་མཁན་གྱིས་ཆས་ལུཊ་དེ་བསྒྱུར་རན།།

 

   མི་འདོད་ཕྱིར་འཕུད་གཏོང་བའི་ཇུས་གཞི་དེ་གཏིང་ཐབས།།
    ཁྲེལ་མེད་གཡོ་སྒྱུ་ཅན་འགས་འབུ་རོ་ལ་ཁ་གཡར།།
  ལ་ལས་དྲིན་ཆེན་རྒན་ཁོག་རྒན་གསོ་ཁང་བཀར་བའི།།
 གནས་ཚུལ་ནག་ཉེས་མ་རུང་སྡིག་ཕྱོགས་སུ་སྤུངས་རན།།

 

       ལ་ལུང་དགུ་བགྲོད་ས་འོག་འབུ་རོ་ལ་རུབ་དུས།།
    གཟུཊ་བཞི་འཁོབ་པའི་ཕ་མ་དྲོ་ལྟོ་ཡིས་མ་འགྲངས།།
    གནས་གཞི་ངེས་མེད་སྲང་སྒོར་ཁྱི་འཁྱམས་འདྲ་གཡུག་དུས།།
       མི་བཞི་བཟའ་དཔོན་ཁྱོད་ལ་ངོ་ཚ་ཞིག་ཨེ་ཡོད།།
   
  དཀའ་བ་སྟོང་གིས་བསཊ་པའི་གསེར་མདོག་གི་རྭ་ཅོ།།
  བསྐལ་བ་བརྒྱ་ལ་ཉར་ཡང་ཧ་ལམ་གདེངས་འཇོག་སའི།།
   བཟའ་ཉོབ་ཨུ་ཚུགས་སྦར་མོའི་ཁུ་ཁྲག་གི་རྣག་ཆུ།།
  བཟའ་དཔོན་ཀླད་མེད་ཁྱོད་ཀྱིས་བོར་བརླཊ་དེ་ཨེ་དྲན།།
 
      དངུལ་ལོའི་དབྱར་རྩྭ་རྙེད་དུས་ཕ་མ་དེ་མ་མཁོ།།
       སྒྲོ་ལོས་ཁ་སྒོ་སྣུམ་དུས་བྱམས་སྐྱོང་དེ་མ་དྲན།།  
    སྡོང་ལོའི་ཁྱོད་ཀྱི་གཟུཊ་ལ་འཁོབ་རྒྱུ་ཞིག་མ་བསམ།།
     ཕ་བརྡུང་མ་བརྡེག་ཅན་གྱི་བུ་ངན་འགའ་ཐོན་རན།།
     
    ཁ་སྣ་ཆང་རག་དུ་བས་ཁ་འཕྱུར་དུ་བཀབ་བཞིན།།
   ཉིན་གྱི་གང་པོར་དགའ་རོཊ་རྒད་མོའི་རྗེས་རྒྱུག་ལ།།
   མཚན་གྱི་གང་པོར་ཚེ་རོཊ་བརྒྱ་དབྱུག་ཏུ་ཤན་པའི།།
  ཐབས་སྡུག་བསོད་ཟད་འགའ་ཞིག་རོ་ལང་དུ་རྒྱབ་རན།།

 

   རྟེན་གཞིས་ཁྱིམ་གྱི་བཟའ་ཚང་ཨོ་རལ་ཟིང་འུར་རུ།།
  སྡོད་གཞིས་འཚོ་བའི་ཁ་ཕོར་ཆེམ་ཀིང་ཁྲིང་ཐལ་ལེར།།
 བཟའ་དཔོན་དབྱར་རྩྭས་སྦོས་པའི་དགུ་སྨག་གི་ནང་དུ།།
     ས་རྒོད་དྲེད་པོ་འཛུལ་འདྲའི་རག་བཟི་དེ་ཨེ་དྲན།།

 

ཉེར་གཅིག་སྒྲོ་ལོའི་དུས་འདི་ཨ་མཚར་དང་ཡང་མཚར།།
        སེར་པོ་གསེར་གྱི་ར་ལག་ཇེ་ཉུང་དང་ཇེ་ཉུང་།།
      སྐྱིད་པོ་དགའ་བའི་ཟ་ཉལ་ཇེ་འདོད་དང་ཇེ་ཆེ།།
      ནམ་ཞིག་དབྱར་རྩྭ་མེད་ན་འཚོ་རྟེན་དེ་ཅིས་སྤྱོད།།

  

 གློག་དམར་ཆེམ་ཆེམ་འཁྱུག་པའི་སྒོ་དམར་ཞིག་ཡོད་རབས།།
   སྲོག་དམར་གཅོད་པའི་རལ་གྲི་ཨེ་ཛི་ལ་མ་འཛེམས།།
གཅེས་དམར་བཟའ་ཉོབ་སྒྲོ་ལོ་དམར་ཉིལ་ལེར་འཁྱུག་པ།།
   ལུས་ངན་བཟའ་དཔོན་ཁྱོད་ལ་ཕྱིར་དྲན་ཞིག་ཨེ་ཡོད།།
  ༢༠༡༥-༣-༤-དགོང་མོར-ཁྱུང་བསོད་བློ་-ནས་བྲིས་སོ།།

 

 ༣༽  གྲྭ་རྐྱང་གི་ཁེར་གཏམ།

 

        རྡུལ་འཇུངས་གེཊ་སེར་སྣས་མ་བསླད་ལ།    
          སྡུག་འཁོར་བའི་རུ་མ་མ་ཆཊ་པའི།།
          སྐྱིད་ཁེར་ཤག་ནང་གི་ཇ་ཐང་འདི།།
          ང་གྲྭ་རྐྱང་སྤྲོ་བའི་སྤྲོ་རོགས་ཡིན།།

    སེམས་དད་པས་མཆོད་པར་དམིཊ་མ་ནུས།།
         ཁྲེལ་ངོ་ཚ་བསྲུང་བའི་ཡོན་བདག་གིས།།
      ཡིད་ཤོར་སའི་མར་དཀར་བསྲུབས་ཇ་ལས།།
         ཞེན་ཆཊ་མེད་ཇ་ཐང་བཏུང་ན་སྤྲོ།།

          ཁྱེད་རིན་པོ་ཆེ་ཚོས་འདི་བཞེས་དང་།།
          བརྗིད་ཆཊ་པའི་སྐུ་གཟུཊ་སྙུང་ས་མེད།།
   སྙན་ཚངས་པའི་གསུང་དབྱངས་འགག་ས་མེད།།
        ཡིད་མཉམ་ཉིད་ཐུགས་དེ་འཁྲུལ་ས་མེད།།

     སེམས་ཆཊ་པ་མེད་ན་འཁོར་བ་མེད།།  
      དེར་ཆཊ་པའི་དབང་གིས་ལྟུང་བ་མེད།།
       སྡུག་འཁོར་བའི་སྐས་སུ་མ་འཛེགས་ན།།
       གདན་ན་རག་འདམ་དུ་ལྷུང་དོན་མེད།།

         ཡིད་སྤྲོ་བའི་ཇ་ལྗང་སེར་པོ་འདི།།
      ཕོ་བསོད་ཟད་ཅན་ལ་བཏུང་སྐལ་མེད།།
      བཏུང་དགོས་ན་ཁེར་རྐྱང་བློ་བདེ་གྱིས།།
       བློ་རྣལ་དུ་དབབ་ནས་དབེན་སར་སྡོད།།

      བདག་རང་མགོ་ཐོན་ན་ཆོག་པའི་བུས།།
     ད་ཉོམ་གཏམ་བཤད་ཚོད་དེ་ཙམ་ཡིན།།
      དེ་འདྲ་བའི་གཏམ་ལ་རྫོགས་སུ་མེད།།
       བཤད་མང་ན་ཁྱེད་ཚོ་སུན་ཉེན་ཆེ།།
༢༠༡༥-༡-༡༩--ཉིན་ཞོཊ་ཇ་ཕོར་གང་ཚེ་ལ་ཁྱུང་བསོད་བློ་ནས་བྲིས།

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།