འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
​ཤིང་རོང་སྦས་ཐོ་དགོན་ཞི་བདེ་བསམ་གཏན་གླིང་དུ་།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-02-03]  [རྩོམ་པ་པོ།:དུས་ངན་ཕོ་ཉ།]  [ཀློག་གྲངས།:]

ཤིང་རོང་སྦས་ཐོ་དགོན་ཞི་བདེ་བསམ་གཏན་གླིང་དུ་སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་ལ་སྲུངརྩི་ཞུ་བ།

 

 

     གཅིག་ནས།  སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་ལ་བརྩི་སྲུང་ཞུ་བ་དང་། གཉིས་ནས། འོ་ཅག་བོན་འབངས་རིས་སུ་མ་ཆད་པའི་འདི་ཕྱིའི་སྐྱབས་མགོན་དམ་པ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་མཆོག་དང་། རྩ་བའི་བླ་མ་གཙུག་གི་ནོར་བུ་གསེར་གྱི་སྒྲོན་མེ་རིན་པོ་ཆེ་གཙོར་བྱས་པའི་བསྟན་འཛིན་སྐྱེས་མཆོག་དམ་པ་གང་ན་སུ་བཞུགས་པ་དེ་རྣམས་སྐུ་ཚེ་མཐར་ཕྱིན་མཛད་ཕྲིན་གེགས་མེད་དགོངས་དོན་ལྷུན་འགྲུབ་ཡོང་བའི་ཆེད་དུ་དམིགས་ནས།  རྣམ་འདྲེན་སྟོན་མཆོག་འགྲོ་བའི་མགོན་པོ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་སྟོང་གསུམ་མི་མཇེད་འདུལ་བའི་སྟོན་པར་སྐུ་མཆོག་མངོན་པར་བལྟམས་པའི་འཁྲུངས་ཟླ་སྟེ།

 

 

 

    ཧོར་ཟླ་བཅུ་གཉིས་པ་འམ་རྒྱལ་ཟླ་བའི་ཚེས་གཅིག་ནས་དབུ་བཙུགས་ཏེ། ཕྱི་ཟླའི་ཚེས་གཅིག་བར་དུ། དགོན་འདིའི་སེར་སྐྱ་མང་ཚོགས་རྒན་སྐྲ་དཀར་མན་ཆད་ནས། གཞོན་སོ་དཀར་ཡན་ཆད་ཅིག་གྱུར་ཐོག། དམར་ཟས་ཀྱི་རིགས་སྤངས་བ་དང་། དགོན་ཞབས་ལྷ་སྡེ་རྣམས་གཙུག་ཁག་ལྔ་རུ་ཕྱེས་ནས། དགོང་ལྟར་དུས་ཚོད་འཆར་ཅན་གྱིས་དགོང་མོའི་དུས་ཚོད་བརྒྱད་པ་ནས་དང་པོའི་བར་དུ། མཛད་བཅུ། བྱམས་མ་བསྔགས་བསྟོད། སྟག་ལ་བཅུད་དྲིལ། ཨདཀར། བར་ཆད་ལམ་སེལ་བཅས་འུར་འདོན་བྱེད་པ་དང་། ཁར་ཙང་སྟེ། ཚེས་བཅུ་བཞི་དང་། དེ་རིང་བཅོ་ལྔ་གཉིས་ལ་འདུས་སྡེ་སྤྱི་ནས་རིགས་ལྔ་བདེར་གཤེགས་འདུས་པའི་ཚོགས་མཆོད་རྒྱས་འབུལ་ཞུས་པ་དང་། སེར་སྐྱ་མང་ཚོགས་ལྔ་བརྒྱ་ལྷག་གིས་བསྙེན་བསྙུང་གི་སྡོམ་པ་བསྲུངས་པ། ནང་པར་ཚེས་བཅུ་དྲུག་ཉིན་ནས་དབུ་བཙུག་སྟེ་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་ལུང་བརྩལ་བ་སོགས་རྣམ་དཀར་དགེ་བའི་ཕྱོགས་ལ་བློ་སྣ་འཁྲིད་གང་ཐུབ་ཐུབ་བྱེད་བཞིན་ཡོད་ལ།

 

 

   མ་འོང་པར་ལོ་ལྟར་སྟོན་པའི་འཁྲུང་ཟླ་དང་། འཁྲུངས་སྐར་ལ་བརྩི་སྲུང་ད་ལོ་ནང་བཞིན་ཞུ་དགོས་པའི་རེ་འབོད་དང་ཆར་གཞི་གཏན་ཁེལ་བྱས་པ་ཡིན། ད་ལན་གནས་བསྡུས་དྲྭ་ལམ་དུ་གཏོང་བ་ཡང་ང་བོ་དང་མིང་གྲགས་ཀྱི་ཆེད་དུ་མིན་པར། རང་རེ་འདིར་བཞུགས་དྲྭ་གྲོགས་ལྷན་རྒྱས་རྣམས། སྟོན་པ་གཅིག་པ། བསྟན་པ་གཅིག་པ། དགོན་པ་གཅིག་པ། བླ་མ་གཅིག་པའི་སློབ་གླིང་ནས་ཐོན་པའི་ཐུན་མིན་གཡུང་དྲུང་སྤུན་གྲོགས་ཤ་སྟག་ཡིན་སྟབས། ངོས་ནས་རྣམ་དཀར་གྱི་བྱ་བ་ཉུང་ཤས་ཙམ་ཐོན་པ་དག་ནང་གཏམ་ལྷུག་པོར་ཞུས་ཁུལ་ལགས་ན། འདིར་བཞུགས་སྟོན་འཁོར་ཡོངས་ནས་བཀའ་སློབ་ལམ་སྟོན་དགོངས་ཆར་གང་ཡོད་མ་གསང་དྲང་བརྗོད་ལྷུག་རྩོལ་གནང་བའི་རེ་ཞུ་དང་བཅས།། ཕྲན་དུས་ངན་ཕོ་ཉས།། 

གུས་འཕྲུལ་མདའ་ནས་སྟེང་དགོན་བཤད་སྒྲུབ་སློབ་ཐོན་གླིང་གི་སྐད་འཕྲིན་ལས་དྲང་།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 2 ཡོད།
སྤེལ་མཁན། དྲེ་ཅཙུན་  IP:སྤེལ་དུས། :2015-02-03 23:42:37
ཡག་པོ་རེད་བཀའ་དྲིན་ཆེ།
སྤེལ་མཁན། རུས་མིང་རྨ་རོང་།  IP:སྤེལ་དུས། :2015-02-09 15:26:20
༸སྦས་ཐོ་དགོན་ཞི་བདེ་བསམ་གཏན་གླིང་གི་ཁྲི་འཛིན་རིན་པོ་ཆེ་གཙོའི་པའི་འདུས་སྡེ་སྤྱི་དང་ལྷ་སྡེ་ཡོངས་ཀྱིས་རྒྱལ་བ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་གི་འཁྲུངས་སྐར་ལ་རྩི་སྲུང་གིས་བདག་ཅག་གི་བོན་ཡོངས་ལ་མིག་ལྟོས་བཟང་པོ་ཞིག་བཞག་འདུག་པས་གུས་པའི་སྙིང་ཐག་པ་ནས་ཡི་རང་ཞུ་འོ།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།