འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
བཙུན་དགོན་རད་ཎ་སྨན་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-01-10]  [རྩོམ་པ་པོ།:གཙོ་སྒྲུབ་པས།]  [ཀློག་གྲངས།:]

བཙུན་དགོན་རད་ཎ་སྨན་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། 

 

 

 

    དེ་བཞིན་ཕྱི་ལོ་ ༢༠༡༥་ལོའི་ཟླ་༡ཚེས་༡༧་༡༨་ཉིན་གཉིས་ཀྱི་རིང་དུ་བོན་གཞིས་བཙུན་དགོན་རད་ན་སྨན་གླིང་གི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་བླངས་ཡོད་པ་རེད།

 

    དེ་ཡང་འཆར་ཅན་ལྟར་གོང་ཟླའི་ཕྱི་ཚེས་༡༨་ཉིན་གྱི་ཕྱག་ཚོད་༨་པའི་ཐོག་བཙུན་དགོན་གྱི་དགེ་རྒན་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་མཆོག་གི་གཙོ་འགན་འོག་དཔེ་ཁྲིད་དགེ་བཤེས་རྣམས་ཀྱིས་སྟངས་འཛིན་གྱིས་བཙུན་དགོན་རདྣ་སྨན་ག྄ིང་གི་ཚོགས་ཁང་མདུན་དུ་ལོ་འཁོར་ཡིག་རྒྱུགས་ཆེན་མོ་དབུ་འཛུགས་ཞུས་ཡོད་པ་དང་།

 

 ཉིན་དང་པོའི་ཉིན་ངག་རྒྱུགས་དང་ཉིན་གཉིས་པའི་ཉིན་འབྲི་རྒྱུགས་བླངས་ཏེ་ཕྱི་ཚེས་༡༨་ཉིན་གྱི་ཕྱག་ཚོད་བཅུ་གཉིས་ཐོག་ལོ་འཁོར་ཡིག་རྒྱུགས་ཆེན་མོ་ཡོངས་བཏང་ཟིན་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།

ཨ་ཀྲོང་རིན་ཆེན་རྒྱལ་མཚན་གྱིས་གནས་བསྡུས་ཙམ་དུ་བྲིས།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།