འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ལེགས་གྲུབ་བྱུང་བ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-01-10]  [རྩོམ་པ་པོ།:གཙོ་སྒྲུབ་པས།]  [ཀློག་གྲངས།:]

༧ བོན་གྱི་གདན་ས་༧ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ལེགས་གྲུབ་བྱུང་བ།

 

 

༧ དཔལ་གཤེན་བསྟན་སྨན་རིའི་གླིང་།

༧ སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག

   དེ་ཡང་ཕྱི་ལོ་༢༠༡༥་ལོའི་ཟླ་༡་དང་པོའི་ཚེས་༡༧་བཅུ་བདུན་དང་༡༨་བཅོ་བརྒྱད་གཉིས་ཀྱི་རིང་དུ་འདི་གར་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་འཆར་ཅན་ལྟར་གོང་ཚེས་༡༧་བཅུ་བདུན་ཉིན་གྱི་ཞོགས་པའི་འཁོར་དུས་བརྒྱད་པའི་ཐོག་ཏུ། 

 

    ༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གི་གཙོ་འགན་འོག་བཤད་སྒྲུབ་མཁན་སློབ་རྣམ་གཉིས་གཙོས་པའི་དགེ་བཤེས་རྣམས་ཀྱིས་སྟངས་འཛིན་གནང་སྟེ་འདི་གའི་གཙུག་ལག་ཁང་གི་མདུན་ངོས་ཡངས་ཤིང་རྒྱ་ཆེ་བའི་འཆམ་ར་དགའ་ཚལ་གླིང་གི་ཐང་ཆེན་དུ་ལོ་འཁོར་ཡིག་རྒྱུགས་ཆེན་མོ་དབུ་འཛུགས་ཞུས་ཏེ་གོང་ཚེས་ 

 

༡༧ བཅུ་བདུན་ཉིན་སློབ་གཉེར་བ་འཛིན་གྲྭ་སོ་སོའི་སྐབས་བབས་ཀྱི་རྩ་གཞུང་ཁག་ངག་རྒྱུགས་བཏང་ཡོད་པ་དང་།

 

དཔལ་གཤེན་བསྟན་སྨན་རི་དགོན། 

 

ཕྱི་ཚེས་༡༨་བཅོ་བརྒྱད་ཉིན་ཞོགས་པ་འཁོར་དུས་༨་བརྒྱད་པའི་ཐོག་ཏུ་སྔར་བཞིན་འཛིན་གྲྭ་སོ་སོའི་སྐབས་བབས་ཀྱི་གཞུང་ཆེན་ཁག་གི་གལ་གནད་ཐོག་ཏུ་འབྲི་རྒྱུགས་བླངས་ཏེ་ 

 

ཕྱག་ཚོད་༡༢་བཅུ་གཉིས་ཐོག་ཏུ་ལོ་འཁོར་ཡིག་རྒྱུགས་ཆེན་མོ་ཡོངས་སུ་ལེགས་པར་རྒྱལ་ཁའི་ངང་དུ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།

ཨ་ཀྲོང་རིན་ཆེན་རྒྱལ་མཚན་གྱིས་གནས་བསྡུས་ཙམ་དུ་བྲིས།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 1 ཡོད།
སྤེལ་མཁན། ཕན་པས།  IP:སྤེལ་དུས། :2015-01-10 19:36:17
བཀའ་དྲིན་ཆེ།བཀྲ་ཤིས་བདེ་ལེགས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།