འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
བྱང་ནག་ཆུར་ཁར་ཨ་དཀར་དུང་སྒྲུབ་ཆེན་མོ་འཚོགས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-01-05]  [རྩོམ་པ་པོ།:ཁྱུང་པོའི་དྲ་བ་གཙོ་སྒྲུབ་པས།]  [ཀློག་གྲངས།:]

སེམས་པ་སོང་བའི་རྗེས་ཤུལ་འདི་ནས་སེམས་དཔའི་ཞབས་རྗེས་གང་སར་བཀོད།།

སངས་རྒྱས་གཤེཊ་པའི་བཤུལ་ལམ་འདི་ནས་སངས་རྒྱས་ལས་འཕྲོ་གང་ནུས་མཛད།།

དམ་པ་ཕེབས་པའི་གཞུག་གུ་འདི་ནས་དམ་པའི་མཛད་སྤྱོད་གཉུག་གིས་སྐྱོང་།།

རྗེ་གཅིག་བླ་མ་དུས་འདིར་མཁོ་བའི་དུས་གསུམ་མ་གཡེལ་བཞུགས་ཤིག་ཀྱེ།།

 

 

    དེ་ཡང་ཁྱུང་པོ་སྟེང་ཆེན་དགོན་པའི་བླ་རབས་ཉེར་བདུན་པ་ ༧ མཁན་པོ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་དད་ལྡན་ལྷ་སྡེ་དུ་མས་རེ་ཞུས་བཞིན།  སྤྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༡༢ པའི་ཚེས་ ༢༦ ནས་ ༢༠༡༥ ལོའི་ཟླ་བ་ ༡ པོའི་ཚེས་ ༢ བར་ཉིན་བརྒྱད་རིང་བྱང་ནག་ཆུ་ས་ཁུལ་དུ་ཕེབས་ཏེ་ཨ་དཀར་དུང་སྒྲུབ་འཚོགས་གནང་པ་རེད།  སྐྱབས་མཆོག་བླ་མ་རིན་པོ་ཆེ་ནས་སྙིང་པོ་ཨ་དཀར་གསོག་པའི་ཐུན་མཚམས་རྣམས་སུ།

 

 

    འཁོར་དུ་འདུས་པའི་དད་ལྡན་ལྷ་སྡེ་བརྒྱ་ཕྲག་དུ་མ་ལ་བོན་གྱི་འཇུག་སྒོ་སྐྱབས་སེམས་ཀྱི་རྣམ་བཞག་གསུངས་ཏེ་སྐྱབས་སྡོམ་བསྩལ་ནས་བོན་སྒོར་བཙུད་པ་དང་།  སྙིང་པོ་ཨ་དཀར་གྱི་འགྲེལ་བ་དང་བསྒོམ་རིམ་གསུངས་ཏེ་ཨ་དཀར་བཟླས་བརྗོད་ཕན་ཡོན་གསལ་བར་བསྟན་པ་དང་།  བསྙེན་སྙུང་དང་དགེ་བསྙེན་གྱི་སྡོམ་པ་ཞུ་མོས་ཅན་རྣམས་ལ་དེ་དག་གི་སྡོམ་པ་བསྩལ་ཏེ་ཐར་པའི་ལམ་སྣེར་བཀོད་པ་དང་།  དགེ་རྩ་ཆེ་ཕྲ་གང་འགྲུབ་ཐེག་པ་ཆེན་པོའི་ཉམས་ལེན་གྱིས་ཟིན་ཕྱིར་དམ་པ་གསུམ་གྱི་བོན་ཁྲིད་བསྩལ་བ་དང་།  དེ་བཞིན་སྐྱེ་བ་སྔ་ཕྱི།  ལས་རྒྱུ་འབྲས།  སྐད་ཡིག་སློབ་སྦྱོང་།  ཁོར་ཡུག་སྲུང་སྐྱོང་།  བདེ་ཐང་འཕྲོད་བསྟེན།  ཕ་མར་དྲིན་ལན་བསབ་ཚུལ་སོགས་ཀྱི་སྐོར་ནས།  གནའ་དེང་མཁས་པའི་རིག་གཞུང་གི་ཉིང་བཅུད་འདུས་པའི་བོན་ཁྲིད་ཁ་གསལ་ལ་གོ་བདེ་བ།  ཉན་སྤྲོ་ཞིང་ཡིད་འགུལ་བ་སོགས་ཁྱད་པར་ཅན་གསུངས་པས།  བོན་ཉན་པ་པོ་རྣམས་མཚམས་རེར་མཚར་ཞིང་སྤྲོ་བས་དགོད་སྒྲས་ལུང་པ་གང་བ་དང་།  ལན་རེར་དད་ཅིང་མོས་པས་གདོང་ལ་མཆི་མའི་ཆར་རྒྱུན་འབྲུག་པ་སོགས་ཀྱི་སྒོ་ནས་ཉིན་བརྒྱད་ཀྱི་ཡུན་ནི་སྐད་གཅིག་གི་སྣང་བས་བསྐྱལ་ཏེ།  སྤྱིར་འཛམ་གླིང་ཞི་བདེར་ཡོང་བ་དང་།  སྒོས་བོད་ཁམས་བདེ་ཞིང་སྐྱིད་པའི་དགེ་སྐུལ་རླབས་ཆེན་མཛད་ནས།

 

 

    དེ་ལྟར་ཐོག་མཐའ་བར་གསུམ་བཟང་བའི་ཨ་དཀར་དུང་སྒྲུབ་འཚོགས་པའི་དགེ་བའི་ཚོགས་རྣམས།  རྗེ་མཁན་སློབ་རྣམ་གཉིས་སྐུ་ཚེ་བརྟན་པ་དང་།  མ་ནམ་མཁས་ཁྱབ་པའི་སེམས་ཅན་རྣམས།  དཔལ་རྫོགས་སངས་རྒྱས་པའི་ས་ལ་འཁོད་པའི་རྒྱུ་རུ་བསྔོ་སྤེལ་མཛད་དེ་བསྟན་འགྲོའི་དོན་རྒྱ་ལག་ཕྱེད་པའོ།།

ཁྱུང་པོའི་དྲ་བ་གཙོ་སྒྲུབ་པས།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 3 ཡོད།
སྤེལ་མཁན། གཡུང་ཚུལ།  IP:སྤེལ་དུས། :2015-01-05 22:36:01
དམ་པ་ཁོང་གི་མཛད་འཕྲིན་ལ་སྙིང་ནས་ཡིད་རང་ཞུ།
སྤེལ་མཁན། གཡུང་ཚུལ།  IP:སྤེལ་དུས། :2015-01-05 22:38:18
དམ་པ་ཁོང་གི་མཛད་ཕྲིན་ལ་སྙིང་ནས་ཡིད་རངས་ཞུ།
སྤེལ་མཁན། གཡུང་ཚུལ།  IP:སྤེལ་དུས། :2015-01-05 22:44:06
དམ་པ་ཁོང་གི་མཛད་ཕྲིན་ལ་སྙིང་ནས་གུས་འདུན་ཞུ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།