འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ་བསྡུ་སྒྲིག་སྐོར་གྱི་གསལ་བརྡ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-11-23]  [རྩོམ་པ་པོ།:བཀའ་བརྟེན་དཔེ་རྙིང་ཁང་།]  [ཀློག་གྲངས།:]

ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ་

བསྡུ་སྒྲིག་སྐོར་གྱི་གསལ་བརྡ།


འདི་ག་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་བཀའ་རྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་འཆར་ཅན་གྱིས་ལོ་ཟླ་ཕྲེང་དུ་བརྒྱུས་ཏེ་བོན་གྱི་དཔེ་དཀོན་རྣམས་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་ཉམས་གསོ་དང་དག་བསྒྲིགས་དེབ་གཟུགས་སུ་བསྐྲུན་ཏེ་དཔར་འགྲེམས་བྱས་དང་བྱེད་མུས་བཞིན། འདི་ལོར་ཡང་། སྒོ་མཛོད་དཔེ་སྒྲིག་དབུ་འཛིན་རྣམ་པའི་མཛུབ་སྟོན་འོག ངེད་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་འགའ་ཡིས་གོང་མའི་བཀའ་བཀོད་ཇི་བཞིན་དུ། དགུན་དུས་ཀྱི་བཤད་གྲྭའི་སློབ་མཚམས་བེད་སྤྱད་སྟེ།  ཡོངས་འཛིན་ཚུལ་རྒྱན་པའི་གསུང་འབུམ་དེབ་གཟུགས་སུ་བསྐྲུན་པའི་ལས་ཀའི་བྱ་རིམ་དབུ་འཛུགས་ཡོད། དམ་པ་ཁོང་གི་གསུང་འབུམ་ལས། ངེད་ཚོའི་ལག་ཏུ་སོན་པའི་དཔེ་ཆ་དག་ནི། རྩིས་འཕྲུལ་ནང་ཡོངས་སུ་བཅུག་ཟིན་ཞིང་། ཞུ་དག་ལས་ཀ་བགྱིད་བཞིན་པའི་སྐབས་ཡིན་པ་མ་ཟད་ད་དུང་ལག་སོན་མེད་པའི་ཁོང་གི་གསུམ་རྩོམ་དུམ་བུ་ཡོད་རིགས་ང་ཚོས་འཚོལ་ཞིབ་བྱེད་བཞིན་ཡོད་པས་གསུང་རིན་པོ་ཆེ་དེ་དག་སུ་ལ་ཡོད་ན་མཁོ་སྤྲོད་གནང་རོགས་ཞུ། ང་ཚོས་དེ་སྔོན་འཚོལ་བསྡུ་ཐུབ་པའི་དཔེ་ཐོ་རྣམས་རགས་རིམ་ཙམ་ཞུས་ན་འདི་ལྟ་སྟེ།


སྙན་ངག་སྐོར།


སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་་་་་་དེབ

 

བརྡ་སྤྲོད་སྐོར།


བརྡ་ཡི་དཔེར་བརྗོད་བྱིས་པའི་བློ་བརྡེག་་་་་་པོད་གཟུགས།
འབེལ་གཏམ་ཉི་འོད་གཞོན་ནུའི་རྣམ་བཤད་ཚ་ཟེར་འབུམ་ལྡན་་་་་་པོད་གཟུགས།
བོད་ཀྱི་བརྡ་སྤྲོད་འཕྲུལ་གྱི་ལྡེ་མིག་་་་་པོད་གཟུགས།
དུས་གསུམ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་་་་་པོད་གཟུགས

 

ཞལ་གདམས་ཉམས་མགུར་ལེགས་བཤད་བསླབ་གསུམ་རྣམ་འབྱེད་སྐོར།

 

ལུགས་གཉིས་ཀྱི་སྤྱོད་པར་འཇུག་པ་བླང་དོར་དཔྱད་ཀྱི་མེ་ལོང་་་་་་་་དེབ་ཆུང་།
ཉམས་མགུར་སྣ་ཁ་གསུམ་་་་་་པོད་གཟུགས།
ངེས་དོན་ལ་གཅོད་ཀྱི་གཏམ་རྒྱུད་་་་་་་་་་་་་་་་་་་་་་དེབ་ཆུང་།
ངེས་དོན་མཐའ་སེལ་གྱི་གཏམ་རྒྱུད་རིག་པའི་གསལ་སྒྲོན་་་་་་་་པོད་གཟུགས།
བསླབ་གསུམ་རྣམ་པར་འབྱེད་པ་གསལ་བའི་སྒྲོན་མེ་་་པོད

 

གཞུང་ལུགས་སྐོར། 

 

གསང་དོན་རྣམ་འབྱེད་འགྲེལ་་་་་་་་པོད་གཟུགས།

ལོ་རྒྱུས་དང་རྩིས་རིག་སྐོར།

 

སངས་རྒྱས་བསྟན་པའི་བྱུང་ཁུངས་ལོ་རྒྱུས་སྣང་བ་དཀར་པོའི་དཔལ་་་་་པོད་གཟུགས།
སངས་རྒྱས་ཀྱི་བསྟན་རྩིས་བསྐལ་བཟང་མགུལ་རྒྱན་་་་་་་་པོད་གཟུགས།
གཤེན་གྱི་རྩིས་གསར་རྣམ་དག་ལས་རྩ་སྒྲུབ་ནོར་བུའི་ཁང་བཟང་་་་་་་དེབ
རབ་རྒྱལ་ཆུ་འབྲུག་ལོའི་རྩིས་འཕྲོ་འཕྲུལ་གྱི་ལྡེ་མིག་་་་་དེབ
རབ་གནས་ས་སྐྱོང་ཤིང་བྱའི་རྩིས་འཕྲོ་འཕྲུལ་གྱི་ལྡེ་མིག་་་་་་་དེབ
གཤེན་གྱི་རྩིས་གསར་རྣམ་དག་རྒྱབ་སྐྱོར་དྭངས་ཤེལ་ལྷུན་པོ་་་་་་་དེབ
གཤེན་གྱི་རྩིས་གསར་རྣམ་དག་ལས། 
འབྲས་རྩིས་བདུད་རྩིའི་ཐིགས་པ་་་་་་་་་པོད་གཟུགས།

 

རྣམ་ཐར་གསོལ་འདེབས་སྐོར།

 

གཡུང་དྲུང་གླིང་རྣམ་རྒྱལ་གསེར་སྐུ་སྲིད་གསུམ་རྒྱན་མཆོག་གི་དཀར་ཆག་གེ་སར་སྟོང་ལྡན་་་་་་པོད་གཟུགས།
ཐར་འཁོར་ཤན་འབྱེད་ཀྱི་ཟློས་གར་གཞོན་ནུའི་རྣ་རྒྱན་་་་་་་་་པོད་གཟུགས།
བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་མཛོད་་་་་་པོད་གཟུགས།
སྐྱེམས་འབུལ་བའི་བདུད་རྩི་མེར་བ་་་་་པོད་གཟུགས།
ཨེ་མ་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་་་་་་་་་པོད་གཟུགས།
སྤྱི་གཙུག་བདེ་ཆེན་དབུ་མའི་ནམ་མཁའ་ལ་་་་་་་པོད་གཟུགས
ཀ་དག་ཁྱབ་བདལ་བདེ་ཆེན་བོན་དབྱིངས་ན་་་་་་པོད།
སྐྱབས་གནས་གནས་རྒྱ་མཚོའི་ཐུགས་བསྐུལ་ལྷ་ཡི་རྔ་སྒྲ་་་་་་པོད་གཟུགས།
གསང་བའི་གུར་ཆུང་་་་པོད་གཟུགས།
བསྭོ་མ་གཡེལ་མ་གཡེལ་་་་་་་པོད་གཟུགས།

 

སྒྲུབ་གཞུང་བླ་སྒྲུབ་སྐོར།

 

དཔོན་གསས་བླ་མའི་སྒྲུབ་པ་དཔག་བསམ་ལོ་རྒྱས་་་་་་་་པོད་གཟུགས།
ཡང་ཟབ་ཚོགས་ཀྱི་འཁོར་ལོ་རྣལ་འབྱོར་དགོངས་པའི་རྒྱན་་་་་་པོད་གཟུགས།
བླ་སྒྲུབ་མུན་སེལ་སྒྲོན་མེ་་་་་་་་་་་་་་་་་་་་་པོད་གཟུགས།
༧ ངན་སོང་སྒོ་གཅོད་ནོར་བུ་དོན་འདུས་མདོ་ཡི་བསྲེག་ཆོག་ཚ་ཟེར་འབར་བ་་་་་པོད་གཟུགས།
ངན་སོང་སྒོ་གཅོད་ཀྱི་མདོ་ལས་རོ་བསྲེག་འཁོར་བ་རྩད་གཅོད་་་པོད་གཟུགས།
ངན་སོང་སྒོ་གཅོད་ཀྱི་མདོ་ལས་བྱང་ཆོག་འདྲེན་པའི་ལྕགས་ཀྱུ་་་་པོད་གཟུགས།
ངན་སོང་སྒོ་གཅོད་ཀྱི་མདོ་ལས་དབང་ཆོག་འདྲེན་པའི་ལྕགས་ཀྱུ་་་་་་པོད་གཟུགས།

 

ཆ་ལག་ཉེར་མཁོ་སྐོར།


གཡུང་དྲུང་དགྲ་འདུལ་གྱི་གཟེར་བུའི་ཆ་ལག་མེ་རིའི་ཕྲེང་ཆུང་ཞེས་བྱ་བ་བཞུགས།

ཨ་ཁྲིད་མཆོག་སྒྲུབ་ཀྱི་ཆ་ལག་རང་ལུས་ཚོགས་འབུལ་བདུད་རྩི་རྒྱུན་འབྱེད་་་་་པོད་གཟུགས།
བླ་སྒྲུབ་དཔག་བསམ་ལོ་རྒྱས་ཀྱི་ཆ་ལག་ནོར་བུའི་དོ་ཤལ།་་་་་་་་་་་་པོད་གཟུགས།
སྙན་རྒྱུད་མ་མོ་དཔོན་གཡོག་གི་སྒྲུབ་ཐབས་ཀྱི་ཆ་ལག་་་་་པོད་གཟུགས།

བཙན་རྒོད་སྡེ་ལྔའི་སྒྲུབ་གཞུང་ཚོགས་ཀྱི་ཆ་ལག་་་པོད་གཟུགས།
བྲག་བཙན་གཟེ་བུའི་ཆག་ལག་མེ་རིའི་ཕྲེང་ཆུང་་་་་་པོད་གཟུགས།

དམག་དཔོན་གསང་སྒྲུབ་ཀྱི་ཆ་ལག་་་་་་་་་་་་པོད་གཟུགས།
ངན་སོང་སྒོ་གཅོད་ཀྱི་མདོ་ཡི་ཆ་ལག་་་་་པོད་གཟུགས།
ངན་སོང་སྒོ་གཅོད་ཀྱི་སྒོམ་རིམ་བསྡུས་དོན་ག་པུར་ཐིག་ལེ་་་་་་་་་་་་་་པོད་གཟུགས།
སྐྱབས་མགོན་བླ་སྒྲུབ་ཀྱི་ལག་ལེན་འཕྲུལ་གྱི་གྲུ་ཆེན་་་་་་་པོད།

ཆ་ལག་ཆར་འབོད་་་་་པོད་གཟུགས།
ཕྱི་ནང་གསང་གསུམ་སྐད་ཀྱི་བྱེ་བྲག་རིན་ཆེན་མཛེས་པའི་ཆུན་པོ་་་་་པོད་གཟུགས།
ངན་སོང་སྒོ་གཅོད་ཀྱི་ཐིག་རྩ་་་་་་་་་་པོད་གཟུགས།་་་་་་་་་་་་་་་་་་༣ 

 

བསྐང་གསོལ་སྨོན་ལམ་སྔོན་འགྲོ་ལམ་རིམ་བྱང་ཁྲིད་སྐོར།


སྙན་རྒྱུད་ཨ་གསལ་གྱི་བསྐང་བ་ཚངས་པའི་དབྱངས་ཆུང་་་་པོད་གཟུགས།
དཔོན་གསས་བླ་མའི་མཆོད་བསྐང་ཅོ་ཀའི་འགྱུར་ཆུང་་་་་་པོད་གཟུགས།
སྲིད་རྒྱལ་མི་དྲེད་དཔོན་གཡོག་གི་མཆོད་བསྐང་བདུད་རྩིའི་གཏེར་ཆེན་་་་་་་་་་པོད་གཟུགས།
སྐྱབས་མགོན་བླ་མ་སྒྲུབ་པའི་ཚོགས་བསྐང་ཏམ་བུ་ར་་་་་པོད་གཟུགས།
སྐྱབས་མགོན་བླ་སྒྲུབ་མཆོད་བསྐང་ནོར་བུའི་ཚོམ་བུ་་་་་་་་པོད་གཟུགས།
རྒྱལ་ཆེན་ཤེལ་ཁྲབ་ཅན་གྱི་ལམ་ལྷ་ངོ་མཚར་འབུམ་ལྡན་་་་པོད་གཟུགས།    

རྒྱལ་ཆེན་ཤེལ་ཁྲབ་ཅན་གྱི་མཆོད་བསྐང་ཁུ་བྱུག་དར་མའི་གདངས་དབྱངས་་་་པོད་གཟུགས།
ལམ་ལྔའི་སྨོན་ལམ་་་་་་་པོད་གཟུགས།
ཐེག་ཆེན་ལམ་ལྔའི་སྨོན་ལམ་བདེ་ཆེན་གནས་སྙེགས་་་་་་པོད་གཟུགས།
གཡུང་དྲུང་བོན་བསྟན་དར་བའི་སྨོན་ལམ་་་་་་་་་་པོད་གཟུགས།
སྔོན་འགྲོའི་ཁྲིད་རིམ་མདོར་བསྡུས་ནོར་བུའི་རྒྱན་ཕྲེང་་་་པོད་གཟུགས།   

ལམ་རིམ་ཡེ་ཤེས་དོན་གསལ་་་་་་་་་་པོད་གཟུགས།
བྱང་ཆུབ་ལམ་རིམ་མདོར་བསྡུས་་་་་་་་་པོད་གཟུགས།
མཎྜལ་ཡན་ལག་རྒྱས་པ་མ་ལྕོག་ཚེ་འབྲིང་པོ་འབུལ་ཐབས་་་་་་་་་་པོད་གཟུགས།
བསྔོ་བ་བདུད་རྩིའི་ཐིགས་པ་་་་་་་་པོད་གཟུགས།
སྨོན་ལམ་མཁའ་སྤྱོད་མྱུར་བགྲོད་་་་་་པོད་གཟུགས།
ཤ་ཡི་སྒྲིབ་པ་སྦྱོངས་ཐབས་་་་་་པོད་གཟུགས།
མཁའ་འགྲོ་མཆོག་འདུས་ཀྱི་རྩ་རླུང་ཡེ་ཤེས་གསལ་སྒྲོན་་་་་་་་པོད་གཟུགས།
མུན་ཁྲིད་འོད་གསལ་ཁོར་ཡུག་་་་་་་་་་པོད་གཟུགས།
དབལ་དར་བྲི་ཐབས་བསེ་རུ་ཚོགས་གླུ་མཆོག་གསུམ་དགྱེས་དབྱངས་་་་་་་་་་པོད་གཟུགས།
ཚོགས་མགུར་འགྲུལ་འབུམ་གླུ་དབྱངས་སྣང་བའི་དགའ་སྟོན་་་་པོད་གཟུགས།
ཐེག་ཆེན་ལམ་ལྔ་ལ་དྲངས་པའི་མཆོད་དབྱངས་བདེ་ཆེན་རོལ་མོ་་་་་པོད་གཟུགས།
འཕོ་བའི་ལག་ཁྲིད་མདོར་བསྡུས་་་་་་་པོད་གཟུགས།
གསས་ཁང་གི་རྣམ་བཤད་ཨུད་དཔལ་ཆུན་པོ་་་་་་་་པོད་གཟུགས།
མན་ངག་རིན་པོ་ཆེ་ཨ་ཁྲིད་ལས་གསུར་མཆོད་བདུད་རྩིའི་རྒྱན་་་་་པོད་གཟུགས།

འདའ་ཁའི་འཕོ་བ་ལྕགས་ཀྱུ་མ་་་་་་་་་པོད།
ལུས་སྦྱིིན་གཅོད་ཆུང་མཆོག་གསུམ་དགྱེས་དབྱངས་་་་་་པོད་གཟུགས།
འདི་རྣམས་ཡིན་ཞིང་འདི་ནི་དཔེ་ཐོ་རག་རིམ་ཙམ་ལས་ཞིབ་ཚགས་དེབ་ཀྱི་སྡེ་ཚན་རྗེས་སུ་བཀར་རྒྱུ་ཡིན། གོང་བཀོད་ཀྱི་དཔེ་ཐོའི་ནང་མ་འཁོད་པའི་ཁོང་ཉིད་ཀྱི་གསུང་གི་དུམ་བུ་ཡོད་རིགས། ས་ཕྱོགས་གང་བཞུགས་ཀྱི་གཡུང་དྲུང་སྤུན་གྲོགས་སུ་ལ་ཡོད་ན་གཡར་པོ་གནང་རོགས་ཞུ་རྒྱུ་དང་། ཁྱེད་རྣམས་ཀྱིས་མཐོང་ཐོས་བྱུང་བ་ངོ་སྤྲོད་མཁོ་འདོན་གནང་རོགས་ཞུ། ད་དུང་ཟུར་ཞུ་ཞིག་ལ་ངེད་ཚོར་ཡོད་པའི་གཡུང་དྲུང་དགྲ་འདུལ་གྱི་གཟེར་བུའི་ཆ་ལག་མེ་རིའི་ཕྲེང་ཆུང་བྱ་བ་འདི་ནི་མ་དཔེ་ཆད་ལྷག་ཅན་ཞིག་མ་གཏོགས་ལག་སོན་མ་བྱུང་སྟབས། ཁྱེད་རྣམ་པ་སུ་ལ་མ་དཔེ་སྤུས་མ་ཅན་ཡོད་ན་གཡར་པོ་དང་ཡང་ན་ཁ་གསལ་མཛད་རོགས་ཞུ།
འབྲེལ་གཏུགས་ཁ་པར་ཨང་གྲངས།
15089051717
182-8915-3123

156-0895-9899

 

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།