འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
རེ་སྙེག་གི་མི་ཚེ་འགྲེམ་སྤེལ་ཞུས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-08-20]  [རྩོམ་པ་པོ།:ཞུ་ཚང་སྐལ་བཟང་རྒྱལ་མཚན།]  [ཀློག་གྲངས།:]

གཏམ་བཟང་དབྱར་གྱི་མེ་ཏོག 

 

 

          ཕུགས་བསམ་དང་རེ་བས་འཚོས་པའི་མི་བུ་མཚན་ཉིད་པ་ཞིག་ཡིན་ན་སྤྱི་ཚོགས་དང་མི་རིགས་ལ་སྨན་པའི་བྱ་གཞག་ཅིག་སྒྲུབ་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་སེམས།   འོན་ཀྱང་ནུས་ཆུང་ཕྲན་ལྟ་བུ་ཞིག་ལ་མཚོན་ན་ཤེས་རིག་གི་རྨང་གཞི་ཞན་ཁར་གནའ་དེང་གི་ཤེས་བྱ་གང་ལའང་སྦྱོང་སྟོབས་ཀྱི་ཆ་ཕྲ་ཞིང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཉམས་མྱོང་མེད་པའི་སྐྱེ་བོ་ཕལ་པ་ཞིག་ཡིན་པས་ཁོ་བའི་ངོས་ཐད་ནས་གླེང་ན་ལག་རྗེས་ཞེས་པ་ནི་ཉིན་སྐར་གྱི་ཟླ་བོའི་ཚོད་དུ་སྣང་།  ཡིན་ཡང་བཤེས་གཉེན་རྣམ་པའི་གསུང་གདམས་ཟབ་མོའི་འོག་ལོ་ཤས་རིང་ཐོས་བསམ་གྱི་བྱ་བར་ཞུགས་པའི་ཉེ་འབྲས་སམ་དཀའ་ཚེགས་ཀྱི་འཕྲང་ལམ་དུ་མ་ཞིག་བརྒྱུད་པའི་འབྲས་རྟགས་སུ་ད་ཐེངས་གཞི་ནས་རྩོམ་དེབ་༼ རེ་སྙེག་གི་མི་ཚེ་ ༽ཞེས་པ་ཞིག་རྣམ་པ་ཚོའི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་བ་ནི་རང་ཉིད་ཀྱི་ངོས་ཐད་ནས་གླེང་ན་དགའ་འོས་པའི་བྱ་བ་ཞིག་ཏུ་སྙམ་བཞིན་ཡོད། 

 

 

           འོན་ཀྱང་གོང་ཞུས་ལྟར་རྩོམ་རིག་གི་ནར་མ་སོན་བའི་ཕྲན་ལ་ཚིག་གི་སྡེབ་སྦྱོར་འཁྲུག་པ་དང་།  དོན་གྱི་གོ་བ་ལོག་པ་སོགས་མདོར་ན་མ་ཤེས་མ་གོ་མ་རིག་པ་གསུམ་གྱི་སྐྱོན་ཆ་ཅི་རིགས་ཤིག་ཡོད་སྲིད་པས་གཟིགས་ཀློག་པ་ཚོས་དགེ་འདོན་སྐྱོན་སེལ་དུ་དམིགས་ཏེ་དགོངས་འཆར་ལྷུག་རྩོལ་ཡོང་བའི་རེ་ཞུ་འབུལ་བཞིན་ཡོད་པ་མ་ཟད།  ལེགས་པའི་ཆ་གང་མཆིས་གངས་ཅན་རིག་མཛོད་ཆེན་མོའི་སྡོང་གྲོགས་སུ་འགྱུར་བའི་རེ་སྨོན་དང་བཅས།   ཞུ་ཚང་སྐལ་བཟང་རྒྱལ་མཚན་ནམ་གངས་ཞུན་དུ་འབོད་པ་དེས་ ༢༠༡༤ ལོའི་ཟླ ༨ ཚེས་ ༡༩ ཉིན། 

 

 
ཁྱུང་ཡུལ་སྤུ་རྒྱལ་རིག་སློབ་ཁང་ནས་ཕུལ།

འབྲེལ་གཏུགས་ཁ་པར།
1332258322

13989085621

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 2 ཡོད།
སྤེལ་མཁན། ཁྱུང་གསེར་ཞུན།  IP:སྤེལ་དུས། :2014-08-21 10:50:19
རྟེན་འབྲེལ་ཞུ།
སྤེལ་མཁན། ཁམས་ཟླ་གཞོན་ནས  IP:སྤེལ་དུས། :2014-09-04 18:57:34
ཞུ་སྐལ་མཚན་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།བྱ་བ་ལ་ཡི་རང་ཞུ་གི་ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།