དཔྱད་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགདཔྱད་རྩོམ།
ནག་ཉེས་རི་བོའི་ལྐོག་ཕུང་།།
[རྩོམ་ཁུངས།:]   [ཟླ་ཚེས།:2014-05-05]  [རྩོམ་པ་པོ།:ཁྱུང་བསོད་བློ་ནས།]  [ཀློག་གྲངས།:]

གཤེན་བསྟན་ནོར་བུའི་བློ་སྙིང་དུ་མ།།

སྲིད་པའི་བུ་ལ་རྗེས་བཞག་མ་དབང་།།

ཡབ་མེས་རྒད་པོའི་གཞིས་ཁྱིམ་བརླགས་ཞོར།།

རྩ་མེད་གཏོར་བའི་གནས་ཚུལ་ཨི་ཤེས།།


ཨུ་ཟིད་གདོང་སྐྱ་གླད་གཉིས་བུ་ཡིས།།

རྒྱལ་སྲིད་གདོང་རྒན་འཆི་ཁོམ་མ་བཅུག།

ལག་རྗེས་སྲིད་ཡིག་ཐལ་དུ་བསྲེགས་ནས།།

རྐེ་ལ་ལྕགས་ཐག་བརྒྱབ་པ་ཨི་ཤེས།།


གཤེན་གྱི་གནའ་ཡིག་ཆུ་ལ་བསྐུར་ནས།།

བསྟན་པའི་བང་སོ་ཉར་དུ་མ་བཅུག།

དབེན་གནས་ཁྲ་མོའི་བཞི་མདོ་ཞིག་ཏུ།།

གདོན་བགེགས་མིང་ངན་བོས་པ་ཨི་ཤེས།།


ལྷ་ཁང་གསོན་པོ་བཙོན་ཁང་བསྒྱུར་ནས།།

ལྷ་གཤེན་ཕྱོཊ་ལ་གཞོབ་དྲི་གཏོང་བཞིན།།

ལྡེབ་རིས་ལྷ་མོ་མཇོར་གྱིས་བརྐོས་ནས།།

ཕུགས་ལྷ་བཀར་བའི་གནས་ཚུལ་ཨི་ཤེས།།


རྐང་གཉིས་ལྟོ་ཁོག་འགྲངས་སུ་མ་མྱོང་།།

རམ་རྩམ་ནག་པོའི་སྤགས་སྐྱོ་ཟོས་ལ།།

ཕྱུག་པོ་ཚང་གིས་ཀོ་ལྷམ་ཟ་སྐབས།།

ཡི་དྭགས་འདྲ་བའི་སྡུག་ཡུན་ཨི་ཤེས།།


ཆོས་ལུགས་ཞིག་གི་བླ་སྲོག་ངོ་མ།།

ཚོགས་ཆེན་སྦུག་གི་ཁྲི་འཛིན་ཆེན་མོ།།

ཤན་པ་ནག་པོས་ཞྭ་ནག་བཀབ་ནས།།

གཙག་བུས་སྣ་ལོ་ཕུག་པ་ཨི་ཤེས།།


རབས་འབྱམས་ཆེན་མོ་འཛམ་གླིང་རྒྱན་དྲུག།

ལྷོ་གླིང་མཐིལ་དུ་ཆིབས་ཁ་བསྒྱུར་ནས།།

ཁ་བ་རི་བའི་ཨ་མྱེ་སོགས་ལ།།

རྗེས་བཞག་པོད་ཆེན་དུ་ཡོད་ཨི་ཤེས།།


ཕྱོགས་བཞིའི་མཛོད་ཀྱི་ཕ་ཁྱིམ་ཕུགས་ཀྱི།།

མི་བཞི་མཁས་པའི་གསུང་འབུམ་པོད་བརྒྱ།།

མཇལ་ཕྱག་ཐལ་མོའི་དད་ཡུལ་མ་དབང་།།

གློ་བུར་བཙན་བསྲེཊ་བྱས་པ་ཨི་ཤེས།།


སྲིད་ས་མ་ཟིན་རྒྱལ་ས་ཤོར་ཞོར།།

རང་རིཊ་ཆོས་པ་ནང་འཁྲུག་སྡེབ་ནས།།

གཡུང་དྲུང་བསྟན་པའི་གཙང་དགོན་དུ་མ།།

ཕ་ཝང་ཁ་ཡིས་ཟོས་པ་ཨི་ཤེས།།


ཀུན་གྱི་ཡང་རྩེ་ཀ་ལི་སུམ་བཅུ།།

ཡོན་ཏན་ཀུན་གྱི་རྩ་བའི་རྨང་གཞི།།

རང་རྐྱ་ཐུབ་པའི་རིག་གཞུང་ཆེན་མོ།།

གཤེན་ཆེན་བླ་མའི་བཀའ་དྲིན་ཨི་ཤེས།།


ལོ་རྒྱུས་རིང་བའི་ཏི་སེ་དཀར་པོ།།

རླབས་ཆེན་གཙང་མའི་མ་པང་གཡུ་མཚོ།།

སྦྲ་ནག་ཚང་གི་ཨ་མྱེ་གཅིག་པུའི།།

བླ་རི་བླ་མཚོ་ཡིན་པ་ཨི་ཤེས།།

ཚན་རྩལ་རྒོད་པོའི་རྩལ་ལས་མ་བྱུང་།།

མངོན་ཤེས་མཁན་པོའི་མཐུ་ཡིས་མ་སྒྲུབ།།

ཤེས་རིག་ཟེ་འབྲུའི་དཔག་བསམ་སྡོང་རྒན།།

རང་སའི་ནོར་བུ་ཡིན་པ་ཨི་ཤེས།།


ཐབས་སྡུག་གྱང་ཁའི་རྩ་མི་རྣམ་པ།།

ཨ་གསར་རྣམ་རྟོག་རླུང་ཤུགས་མ་ཆེ།།

རང་ཆས་ཆ་ལུཊ་སྐད་ཡིག་སྐྱོང་བཞིན།།

རང་ཚུགས་བརྟན་པོ་དགོས་ལེ་ཨི་ཤེས།།


མི་རིགས་བརྒྱ་ལ་མི་མཐུན་ཡོད་ཀྱང་།།

རང་ལ་གནང་བའི་དབྱངས་དང་གསལ་བྱེད།།

ས་ཁྱབ་རྡོ་ཁྱབ་གང་སར་སྤེལ་རྒྱུ།།

ཕྲག་གི་ཁུར་པོ་ཡིན་པ་ཨི་ཤེས།།།


གནའ་སྒྲུང་ཞིག་གི་མགོ་ཕུབ་བྱས་ནས།།

བྱིས་སྒྲུང་ཞིག་གི་འཆལ་གཏམ་མ་བསྒྲཊ།།

འཕྲུལ་སྒྲོན་རྣམ་ལྔའི་བཀའ་པོད་ཆེན་མོའི།།

ཕུག་གི་ཆུ་མགོ་གཙང་བ་ཨི་ཤེས།།


ལེཊ་བཤད་ཞིག་ལ་བདེན་དཔང་བཅོལ་ཏེ།།

གདོང་དྲུག་མི་བུའི་ལུས་ཟུངས་ཤ་རྒྱུན།།

རིཊ་གཙང་ལྷ་རྒྱུད་འོད་གསལ་རྒད་པོའི།།

ཟུངས་ཁྲག་རྣལ་མ་ཡིན་པ་ཨི་ཤེས།།


ཐུབ་པའི་བསྟན་པ་མ་དར་གོང་ནས།།

ཐེག་པ་རིམ་དགུའི་ཐོག་བརྩེགས་ཅན་གྱི།།

སྒོ་བཞི་མཛོད་ལྔའི་ཕ་མཁར་ཐོག་ཏུ།།

ནང་བསྟན་རྒྱལ་དར་སུས་བསྒྲེང་ཨི་ཤེས།།


བོན་བསྟན་ཐང་དུ་བརྡབ་གྲངས་མང་ལ།།

གསོན་མིག་གཅིག་གིས་ཕྱི་ལྟས་གྱིས་དང་།།

བན་རྒན་བུ་ཡིས་བོན་གཤེན་གསོད་པའི།།

རྨ་ཁ་སོས་རྒྱུ་མེད་པ་ཨི་ཤེས།།


རིག་གསར་སྟ་རེ་ཀླད་ལ་ཕྱར་དགའ།།

བླ་ཆེན་ཞོན་པའི་འབྱོར་མེད་རྒད་མོ།།

དཀར་ནག་བཀྲ་བའི་ལ་ཆེན་རྒྱབ་ཏུ།།

སྡིག་ཆེན་ཁུར་པོ་ཅི་ཡོད་ཨི་ཤེས།།


སྡུག་བསྔལ་འཁོར་བའི་ནག་ཉེས་མ་ཤེས།།

མྱང་འདས་ལམ་གྱི་ཕན་ཡོན་མ་ཤེས།།

བཙན་པོའི་མདའ་དེ་རྒྱག་ཚོད་མ་བྱས།།

ཕྱི་མའི་ཁུར་པོ་ལྕི་བ་ཨི་ཤེས།།


གནམ་འདེགས་ཀ་བ་སྔོན་པོའི་གླེག་བམ།།

རླུང་ནག་རྒོད་པའི་སྨག་ནག་ནང་དུ།།

མཛོ་ཁལ་བརྒྱ་སྟོང་འགེལ་དུ་བཅུག་ནས།།

ཡར་ཀླུང་གཞུང་དུ་གཤེགས་པ་ཨི་ཤེས།།

   

ནང་པ་ཡིན་མིན་རྩོད་པ་མེད་སྟེ།།

སྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས།།

སངས་རྒྱས་ནང་པའི་གཞུང་ལམ་བགྲོད་ནས།།

སྐུ་གསུམ་རྒྱལ་ས་ཟིན་པ་ཨི་ཤེས།།


ཁྲག་རྒྱུན་གཅིག་པའི་སྤུན་ཟླ་རྣམ་པ།།

རང་རིཊ་མེས་པོའི་རྒྱུད་འཛིན་ཡིན་ན།།

རྣམ་དཔྱོད་སྦར་མོ་ཤུགས་ཀྱིས་བསྒྲད་ནས།།

སྐད་ཡིག་དར་སྤེལ་དགོས་པ་ཨི་ཤེས།།


༢༠༡༤-༤-༢༩-ཁྱུང་བསོད་བློ་ནས།


དཔྱད་མཆན།བསྡོམས་པས་དཔྱད་མཆན་ 3 ཡོད།
སྤེལ་མཁན། དཔྱད་ཞིབ་པས།  IP:སྤེལ་དུས། :2014-05-11 22:53:06
ྱཁྱུང་བསོད་བློས། ཁྱུང་ཁྲི་་ལྡེའི་ལད་མོ་བྱས་འདུག
སྤེལ་མཁན། དཔྱད་ཞིབ་པས།  IP:སྤེལ་དུས། :2014-05-11 22:53:47
ྱཁྱུང་བསོད་བློས། ཁྱུང་ཁྲི་་ལྡེའི་ལད་མོ་བྱས་འདུག
སྤེལ་མཁན། ཤར་ངག་དབང་།  IP:སྤེལ་དུས། :2014-08-17 20:43:38
ཚིག་འདི་ད་ལྟའི་དུས་ཚོད་ལ་བཤད་རྒྱུ་མ་རེད།གྲོགས་པོ་ལོ་ལོ།ལས་དེ་ནི་འདས་པ་རེད།བྱ་བ་དེ་ཚུར་ལེན་མི་བྱེད་རོགས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།