|
ཁྱུང་པོ་ལུང་པ། |
[རྩོམ་ཁུངས།:] [ཟླ་ཚེས།:2014-04-19] [རྩོམ་པ་པོ།:ཁྱུང་གཤོག] [ཀློག་གྲངས།:]
|
|
སྟོད་གངས་དཀར་ཤེལ་གྱི་རྩེ་མོ་ལ།། སྤྲིན་དཀར་པོའི་དབུ་གདུགས་ཀྱི་ལི་ལི།། སྟག་ཤ་རའི་ཀི་སྒྲ་དི་རི་རི།། ཡུལ་ཁྱུང་པོའི་བླ་རི་བརྗིད་ཉམས་ལ།།
བར་སྤང་ལྗང་གཡུ་ཡི་མེ་ལོང་སྟེང་།། མཚོ་ཆེ་ཆུང་རྦ་རླབས་ཤིགས་སེ་ཤིག། སྨན་བུ་མོའི་ཆུ་འགྲོས་ལྡེམས་སེ་ལྡེམ།། ཡུལ་ཁྱུང་པོའི་བླ་མཚོ་དྭངས་པ་ལ།།
སྨད་ཤེལ་ལེ་རྒྱ་སྐར་རི་བོའི་མགུལ།། རྒོད་ཐང་དཀར་གཡས་སྐོར་སྒ་ར་ར།། གནས་བསྐོར་བའི་དད་ལྡན་ཉི་ལི་ལི།། ཡུལ་ཁྱུང་པོ་ལུང་པའི་དགེ་སེམས་ལ།།
དབྱིབས་གསེར་ཉ་འཁྱུག་འདྲའི་ས་ཡི་སྟེང་།། རྟེན་གཙོ་མཆོག་རང་བྱོན་ལམས་སེ་ལམ།། གནས་བང་ཁྲའི་གཟི་བརྗིད་ལྷགས་སེ་ལྷག། ཡུལ་ཁྱུང་པོ་ལུང་པའི་བསོད་ནམ་ལ།།
དགོན་ཆེ་ཆུང་སྐར་ཚོགས་འཕོས་འདྲའི་ནང་།། ལྷ་བླ་མའི་དགྱེས་འཛུམ་ཝངས་སེ་ཝང་།། འཁོར་སློབ་བུའི་རྩོད་སྒྲ་ཆེམས་སེ་ཆེམ།། ཡུལ་ཁྱུང་པོའི་དགོན་སྡེ་བཟང་བ་ལ།།
སྦྲ་སྨུག་པོ་འོག་གི་འབྲོག་མོ་ཚོས།། དཀར་འོ་མའི་བསྲུབ་སྒྲ་ལྷོགས་སེ་ལྷོག།། དབྱངས་སྙན་མོའི་མ་ཏྲི་ལྷངས་སེ་ལྷང་།། ཡུལ་ཁྱུང་པོའི་འབྲོག་སྡེ་སྐྱིད་ཉམས་ལ།།
མཁར་གྲུ་བཞི་ནང་གི་ཞིང་པ་ཚོས།། ཐོག་བད་ཀར་ཚལ་མ་ཁྲིགས་སེ་ཁྲིག། ནང་བང་མཛོད་འབྲུ་དྲུག་སྤུངས་སེ་སྤུང་།། ཡུལ་ཁྱུང་པོའི་ཞིང་པ་ཕྱུག་ཉམས་ལ།།
ལྡོང་ལྷ་བྲིས་རི་མོའི་སྒྱུ་རྩལ་ལ།། ལྗོངས་རིམ་པའི་མགུལ་དར་བུངས་སེ་བུང་།། གཏམ་སྙན་པའི་སྒྲ་དབྱངས་འུ་རུ་རུ།། ཡུལ་ཁྱུང་པོའི་རི་མོ་མཛེས་ཉམས་ལ།།
གླུ་བྲོ་གར་འཁྲབ་པའི་རལ་ཕྲུག་ཚོའི།། ལག་རྔ་གཤང་སྒྲ་སྐད་སི་ལི་ལི།། ལུས་ཉམས་འགྱུར་གར་སྟབས་ཁྱུགས་སེ་ཁྱུག། ཡུལ་ཁྱུང་པོའི་རལ་པ་ལྟད་མོ་ལ།།
ཕྱི་གསོ་རིག་སྨན་གྱི་སློབ་གླིང་དུ།། ནད་ཟུག་ངུའི་གཉེན་པོ་ཤ་ར་ར།། སྨན་བཟང་དྲུག་དྲི་ཞིམ་ཐུ་ལུ་ལུ།། ཡུལ་ཁྱུང་པོའི་གསོ་རིག་ཕན་ནུས་ལ།།
ངས་སེམས་ཀྱི་ཕྱི་བལྟས་ཐེངས་གཅིག་གི། ཡུལ་ཁྱུང་པོ་ལུང་པའི་མཛེས་ཉམས་དྲན།། ཚིག་སྙན་མོའི་སྡེབ་སྦྱོར་དབེན་ན་ཡང་།། ཁ་འབུ་ཁུང་གསེང་ནས་ཚིག་འགའ་ཤོར།།
སྟོད་གངས་དཀར་ཤེལ་གྱི་རྩེ་མོ་ལ།། སྤྲིན་དཀར་པོའི་དབུ་གདུགས་ཀྱི་ལི་ལི།། སྟག་ཤ་རའི་ཀི་སྒྲ་དི་རི་རི།། ཡུལ་ཁྱུང་པོའི་བླ་རི་བརྗིད་ཉམས་ལ།།
བར་སྤང་ལྗང་གཡུ་ཡི་མེ་ལོང་སྟེང་།། མཚོ་ཆེ་ཆུང་རྦ་རླབས་ཤིགས་སེ་ཤིག། སྨན་བུ་མོའི་ཆུ་འགྲོས་ལྡེམས་སེ་ལྡེམ།། ཡུལ་ཁྱུང་པོའི་བླ་མཚོ་དྭངས་པ་ལ།།
སྨད་ཤེལ་ལེ་རྒྱ་སྐར་རི་བོའི་མགུལ།། རྒོད་ཐང་དཀར་གཡས་སྐོར་སྒ་ར་ར།། གནས་བསྐོར་བའི་དད་ལྡན་ཉི་ལི་ལི།། ཡུལ་ཁྱུང་པོ་ལུང་པའི་དགེ་སེམས་ལ།།
དབྱིབས་གསེར་ཉ་འཁྱུག་འདྲའི་ས་ཡི་སྟེང་།། རྟེན་གཙོ་མཆོག་རང་བྱོན་ལམས་སེ་ལམ།། གནས་བང་ཁྲའི་གཟི་བརྗིད་ལྷགས་སེ་ལྷག། ཡུལ་ཁྱུང་པོ་ལུང་པའི་བསོད་ནམས་ལ།།
དགོན་ཆེ་ཆུང་སྐར་ཚོགས་འཕོས་འདྲའི་ནང་།། ལྷ་བླ་མའི་དགྱེས་འཛུམ་ཝངས་སེ་ཝང་།། འཁོར་སློབ་བུའི་རྩོད་སྒྲ་ཆེམས་སེ་ཆེམ།། ཡུལ་ཁྱུང་པོའི་དགོན་སྡེ་བཟང་བ་ལ།།
སྦྲ་སྨུག་པོ་འོག་གི་འབྲོག་མོ་ཚོས།། དཀར་འོ་མའི་བསྲུབ་སྒྲ་ལྷོགས་སེ་ལྷོག།། དབྱངས་སྙན་མོའི་མ་ཏྲི་ལྷངས་སེ་ལྷང་།། ཡུལ་ཁྱུང་པོའི་འབྲོག་སྡེ་སྐྱིད་ཉམས་ལ།།
མཁར་གྲུ་བཞི་ནང་གི་ཞིང་པ་ཚོས།། ཐོག་བད་ཀར་ཚལ་མ་ཁྲིགས་སེ་ཁྲིག། ནང་བང་མཛོད་འབྲུ་དྲུག་སྤུངས་སེ་སྤུང་།། ཡུལ་ཁྱུང་པོའི་ཞིང་པ་ཕྱུག་ཉམས་ལ།།
ལྡོང་ལྷ་བྲིས་རི་མོའི་སྒྱུ་རྩལ་ལ།། ལྗོངས་རིམ་པའི་མགུལ་དར་བུངས་སེ་བུང་།། གཏམ་སྙན་པའི་སྒྲ་དབྱངས་འུ་རུ་རུ།། ཡུལ་ཁྱུང་པོའི་རི་མོ་མཛེས་ཉམས་ལ།།
གླུ་བྲོ་གར་འཁྲབ་པའི་རལ་ཕྲུག་ཚོའི།། ལག་རྔ་གཤང་སྒྲ་སྐད་སི་ལི་ལི།། ལུས་ཉམས་འགྱུར་གར་སྟབས་ཁྱུགས་སེ་ཁྱུག། ཡུལ་ཁྱུང་པོའི་རལ་པ་ལྟད་མོ་ལ།།
ཕྱི་གསོ་རིག་སྨན་གྱི་སློབ་གླིང་དུ།། ནད་ཟུག་ངུའི་གཉེན་པོ་ཤ་ར་ར།། སྨན་བཟང་དྲུག་དྲི་ཞིམ་ཐུ་ལུ་ལུ།། ཡུལ་ཁྱུང་པོའི་གསོ་རིག་ཕན་ནུས་ལ།།
ངས་སེམས་ཀྱི་ཕྱི་བལྟས་ཐེངས་གཅིག་གི། ཡུལ་ཁྱུང་པོ་ལུང་པའི་མཛེས་ཉམས་དྲན།། ཚིག་སྙན་མོའི་སྡེབ་སྦྱོར་དབེན་ན་ཡང་།། ཁ་འབུ་ཁུང་གསེང་ནས་ཚིག་འགའ་ཤོར།།
|
དཔྱད་མཆན།བསྡོམས་པས་དཔྱད་མཆན་ 4 ཡོད།
སྤེལ་མཁན། གངས་རི་དམར་པོ་ནས། IP:སྤེལ་དུས། :2014-04-20 15:26:55
དཔེ་སྙན་པོ་འདུག་ཨ་སྦོ།
སྤེལ་མཁན། གུས་པ་འཕྲུལ་མདའ་ནས། IP:སྤེལ་དུས། :2014-04-21 10:06:50
བཀའ་དྲིན་ཆེ།ཡག་པོ་བྲིས་འདུག
སྤེལ་མཁན། བྲག་དཀར་པོས IP:སྤེལ་དུས། :2014-04-25 12:23:09
རྩོམ་ཡག་པོ་བྲིས་འདུགདགའ་བསུ་ཡོད།
སྤེལ་མཁན། ཁྱུངཿཁྲི་རྒྱལ་ནས། IP:སྤེལ་དུས། :2014-09-27 01:42:28
ཨ་སྦོ་ཁྱོད་གི་ཡག་མོ་བྲིས་གདའ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།