སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
དཔལ་གྱི་སྟེང་ཆེན་ཁྱོད་ལ་ཕྱིར་དྲན་ཤོར།།
[རྩོམ་ཁུངས།:]   [ཟླ་ཚེས།:2014-04-14]  [རྩོམ་པ་པོ།:ཁྱུང་ཐོག་རྒོད།།]  [ཀློག་གྲངས།:]

སྤུ་རྒྱལ་གངས་དཀར་དང་ལོ་རྒྱུས་མཉམ་ཞིང་།།
སྤུ་ཐོག་བླ་མཚོ་ལས་བློ་གྲོས་ཟབ་པའི།།
ཁྱུང་རབས་རིམ་བྱོན་གྱི་ཕ་ས་སྨུག་པོ།།
དཀར་ནག་སེར་གསུམ་གྱི་དགེ་མཚན་དྲན་སོང་།།

འོལ་མོའི་གླིང་ཆེན་དང་མུ་ཆག་འབྲེལ་བའི།།
གཤེན་བསྟན་གཡུང་དྲུང་གི་ལག་རྡང་མ་འཐོར།།
བྱ་རུ་བཅོ་བརྒྱད་དང་རྗེ་འབངས་འབྲེལ་བའི།།
ཞང་ཞུང་སྒོ་པ་ཡི་ཆོ་ལོ་མ་བོར།།

དྲན་པ་ཡབ་སྲས་ཀྱི་བྱིན་རླབས་ཆར་རྒྱུན།།
མེ་སྟོན་གོང་འོག་གི་ཐུགས་ལ་བབས་པས།།
རི་སུལ་སྒོམ་སྒྲུབ་གྱི་རྣམ་འབྱོར་ཕོ་མོ།།
ཁྱོད་ཀྱི་པང་ཁུག་ནས་བསྐྱེད་བསྲིངས་བྱས་སོང་།།

གྱེར་སྤུངས་སྣང་བཞེར་གྱི་ཐུགས་ཀྱི་བརྣགས་པ།།
ཁྱུང་པོ་བཟོད་པ་ཡི་གཤིས་ལ་རྡོལ་བས།།
རྟོགས་པ་མཆོག་གྱུར་གྱི་གྲུབ་ཐོབ་ཕོ་མོ།།
ཁྱོད་ཀྱི་རི་སུལ་ལ་ཟད་པ་མི་འདུག།

སྟོང་ཆེན་དམུ་ཚ་ཡི་ཞལ་གྱི་བསིལ་རླུང་།།
སྤྲུལ་སྐུ་བློ་ལྡན་གྱི་སྙན་ལ་སྤུར་བས།།
མཛད་མདོ་རྒྱས་པ་ཡི་བྱིན་རླབས་སྨུག་ཞོད།།
ཁྱོད་ཀྱི་སྒལ་གཞུང་ནས་གྱེན་ལ་འཕྱུར་སོང་།།

ཁྲི་གཙུག་རྒྱལ་བ་ཡི་འདུལ་བའི་ཕྲེང་ཐག།
ཟླ་སྤྲུལ་རིམ་བྱོན་གྱི་ཕྱག་ཏུ་བསྲིངས་བས།།
ཚུལ་ཁྲིམས་པད་མོ་ཡི་ཡལ་ག་ལོ་འདབ།།
ཁྱོད་ཀྱི་སྒང་གཤོང་ནས་ན་སོ་འབུས་སོང་།།

གཤེན་ཆེན་ཀླུ་དགའ་ཡི་གཏེར་གྱི་ལྡེ་མིག།
ཞིག་པོ་གྲུབ་ཆེན་གྱི་ཕྱག་ཏུ་བཞག་པས།།
ཟབ་གཏེར་ཟང་མ་ཡི་གསང་སྒོ་དོག་མོ།།
ཁྱོད་ཀྱི་ཕུ་མདའ་ནས་རིམ་གྱིས་ཕྱེས་སོང་།།

ཀུན་མཁྱེན་ཉི་དབང་གི་རྒྱུད་གསུམ་ཐག་སྣེ།།
སྨྲ་དབང་ཡོངས་འཛིན་གྱི་ཕྱོགས་སུ་བརྐྱངས་བས།།
བཤད་སྒྲུབ་སྒོམ་གསུམ་གྱི་དར་ལྕོག་རིང་མོ།།
ཁྱོད་ཀྱི་ཕྱོགས་མཚམས་ནས་གྱེན་དུ་འཐེན་སོང་།།

ལྷ་བུ་པད་མ་ཡི་སྤུ་སྙུག་སྒམ་ཆུང་།།
ལྡོང་མདོ་དབུ་མཛད་ལ་རྗེས་སུ་བཞག་པས།།
གནའ་དེང་སྒྱུ་རྩལ་གྱི་གཞའ་ཚོན་འོད་གུར།།
ཁྱོད་ཀྱི་གློ་སྒང་ནས་འཕྲེད་ལ་ཕུབ་སོང་།།

ཡིག་ལྷ་འཕྲུལ་ཆུང་གི་སྙུག་མ་ཚིགས་གསུམ།།
མ་ནི་དབུ་མཛད་ལ་གཉེར་དུ་གཏད་པས།།
འབྲུ་ལྗིབ་གཟབ་གསུམ་གྱི་གཡུང་དྲུང་རི་མོ།།
ཁྱོད་ཀྱི་བྲང་གཞུང་ལ་འབུར་དུ་དོད་སོང་།།

ཁྱོད་ཀྱི་པང་ཁུག་ནས་ལྟེ་ཁྲག་འཐོར་བའི།།
ས་མཐའི་ཁྱུང་འཁྱམ་གྱི་ཚོར་སྣང་གསོན་པོ།།
བྲང་རུས་སུམ་མདོ་ལ་གཏེར་དུ་མ་སྦས།།
སྙུ་གུའི་སོ་བར་ནས་གསོན་པོར་བཞེངས་ཡོད།།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 7 ཡོད།
སྤེལ་མཁན། ཁམས་གསེར་སྙུག་ནས  IP:སྤེལ་དུས། :2014-04-25 11:43:32
ཁྱུང་ཐོག་རྒོད་ལགས་ཀྱིས་རྩོམ་ཡག་པོ་ཞིག་བྲིས་འདུག་ངོ་མ་དགའ་བསུ་ཡོད།ད་དུང་མུ་འཐུད་ནས་འབྲི་རོགད་གནང་།
སྤེལ་མཁན། ཁམས་གསེར་སྙུག་ནས  IP:སྤེལ་དུས། :2014-04-25 12:19:05
ད་དུང་ཚིག་ཁ་ཤས་ལབ་དགོས་འདུག དཔྱད་བུ་ཁྲི་ཤེས་ཀྱི་སྨན་ཁུག་གྲུ་བཞི།། བསམ་གཏན་ཡེ་ཤེས་ཀྱི་ཕྱག་ཏུ་སྤྲད་ནས།། གསོ་རིག་འབུམ་བཞི་ཡི་ལག་ལེན་ཟམ་མོ།། སྟེང་ཆེན་གྲོང་གསེང་ནས་རྒྱུན་སྐྱོང་ཡོད།། བཟོ་རྒྱལ་གར་མ་ཡི་སྐམ་པ་ཆ་གཅིག། ཁྲི་རྡོ་མགར་བ་ལ་རྩིས་སྤྲོད་བྱས་ཏེ།། ལྷ་ཆ་མཆོད་རྫསཀྱི་་གསེར་ཆས་དངུལ་ཆས།། སྒང་རུའི་ཕ་རྒན་ཚོས་བཞི་རྡུང་བྱས་ཡོད།། བླུག་པ་སྤ་སངས་ཀྱི་བྱད་དཔེ་གོར་མོ།། ཨ་མྱེ་འབུག་རྒྱས་ལ་བསྔན་པ་སྤྲད་དེ།། གསེར་དངུལ་བཞུས་མ་ཡི་བླུག་གི་སྒུ་རྩལ།། ཁྱུང་གཉིས་ལ་གང་ནས་དར་སྤེལ་བྱས་ཡོད།། སྐོང་རྩེ་འཕྲུལ་རྒྱལ་གྱི་རྩིས་གཞོང་གྲུ་བཞི།། རལ་ལ་གཡུ་རྩེ་ལ་གཏེར་ཁ་སྦས་ཏེ།། གནམ་རིག་སྐར་རྩིས་ཀྱི་རི་མོ་རྙིང་པ།། གསེར་ལུང་ཕྱུག་མོ་ནས་ད་བར་བྲིས་ཡོད།། དཀའ་ཐུབ་རྣམ་གསུམ་གྱི་མན་ངག་དམར་མོ།། གྲུབ་ཆེན་ནམ་མཁའ་ལ་དངོས་སུ་རྒྱུད་དེ།། ཟག་མེད་ཁ་ཟས་ཀྱི་འཚོ་བ་རོལ་པའི།། རྟོགས་ལྡན་རྣལ་འབྱོར་གྱི་རྒྱུད་པ་འཛིན་ཡོད།།
སྤེལ་མཁན། ཁྱུང་སྐྱེས་བཟང་ནས།  IP:སྤེལ་དུས། :2014-05-04 16:06:57
གང་ལབ་དགོས་མིན་དེ་རྩོམ་པ་པོ་སོ་སོར་དབང་བ་ལས་མི་གཞན་གྱིས་འདོད་པ་ལ་བསྟུན་ན་བཅོས་མིན་གྱི་རྩོམ་ཞིག་མི་འོང་ངོ་།
སྤེལ་མཁན། ཁྱུང་སྐྱེས་བཟང་ནས།  IP:སྤེལ་དུས། :2014-05-04 16:07:24
གང་ལབ་དགོས་མིན་དེ་རྩོམ་པ་པོ་སོ་སོར་དབང་བ་ལས་མི་གཞན་གྱིས་འདོད་པ་ལ་བསྟུན་ན་བཅོས་མིན་གྱི་རྩོམ་ཞིག་མི་འོང་ངོ་།
སྤེལ་མཁན། ཁྱུང་སྐྱེས་བཟང་ནས།  IP:སྤེལ་དུས། :2014-05-04 16:27:32
སྙན་ངག་གི་ས་དམིགས་འདི་སྟོང་པར་མ་འཇོག ངས་དྲ་བ་འདིའི་ཐོག་ནས་སྨྲ་འདོད་པ་ནི་སྙན་ངག་གི་ས་དམིགས་འདི་སྟོང་པར་མ་འཇོག་ཞེས་སྨྲ་འདོད་དེ།རྒྱུ་མཚན་ནི་དྲ་བ་འདི་ཉིད་རང་རེ་ལ་ལྷག་བསམ་ཅན་རེ་ཤས་ཀྱིས་ང་ཚོའི་གསར་སྐྱེས་ཀྱི་རྩོམ་པ་པོ་ཚོར་ཆེད་དུ་གཉེར་ནས་རྩོམ་གྱི་གར་སྟེགས་ཤིག་གི་ཚུལ་དུ་བསྐྲུན་སོང་བས་རེད།འོན་ཀྱང་དྲ་བ་འདི་སྒོ་ཕྱེས་པ་ནས་བཟུང་ད་ལྟའི་བར་མི་རེ་ཤས་ཀྱིས་མ་གཏོགས་རྩོམ་ཡིག་སྤེལ་མ་སོང་བ་འདི་ཅི་ཞིག་གིས་ལན་པ་ཡིན་ནམ།ངས་ནམ་རྒྱུན་ང་ཚོའི་ཁྱུང་པོའི་དུས་དེབ་རྣམས་ཀྱི་ཐོག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་བཀོད་ཟིན་པ་དང་འགོད་བཞིན་པའི་རྩོམ་པ་པོ་གང་མང་མཐོང་བའི་ཚོད་དུ་ཡོད་མོད།དྲ་བ་འདི་ཡི་ཐོག་ནས་བལྟས་ན་ད་དུང་ཁྱུང་པོ་བ་ཚོ་རྩོམ་གྱི་ན་ཚོད་མ་སྨིན་པའམ་རྩོམ་ལ་གཡེང་མ་ཞུག་པར་འཇམ་ཅམ་མེར་ལུས་ཡོད་པ་ལྟ་བུ་ཅིས་ཀྱང་མཐོང་བཞིན་འདུག་གོ།ཡང་ན་དྲ་བ་འདི་འདྲ་ཞིག་ཡོད་པ་ཁྱེད་ཚོས་མ་ཤེས་པ་རེད་དམ།ཡང་ན་དྲ་བ་འདི་ལ་ཁྱེད་ཚོས་ལྷག་བསམ་མེད་སོང་བ་རེད་དམ།གལ་ཏེ་གར་སྟེགས་འདི་ཡི་ཐོག་བྲོ་དེ་ང་ཚོས་མ་བརྡུང་ན་གར་སྟེགས་འདི་སུ་ལ་དབང་བའི་གར་སྟེགས་ཤིག་ཡིན་ཨང་།དེས་ན་ཁྱུང་པོ་བའི་རྩོམ་པ་པོ་དང་སྨྱུག་མིང་མཛེས་པོ་ཅན་དགཁུ་སིམ་མེར་མ་འདུག་པར་དྲ་རྒྱ་འདི་ཡི་ཐོག་ཚ་ཚ་འུར་འུར་གྱིས་ཕ྄ེབས་ཤོག་དང་།ང་དང་ང་ལྟ་བུའི་བཀློག་པ་པོ་དག་གིས་ནམ་ཡང་རེ་སྒུག་བྱས་ནས་ཡོད་དོ།
སྤེལ་མཁན། ཁྱུང་སྐྱེས་བཟང་ནས།  IP:སྤེལ་དུས། :2014-05-04 16:28:23

སྤེལ་མཁན། ཁྱུང་སྐྱེས་བཟང་ནས།  IP:སྤེལ་དུས། :2014-05-04 19:53:03
སྙན་ངག་གི་ས་དམིགས་འདི་སྟོང་པར་མ་འཇོག ངས་དྲ་བ་འདིའི་ཐོག་ནས་སྨྲ་འདོད་པ་ནི་སྙན་ངག་གི་ས་དམིགས་འདི་སྟོང་པར་མ་འཇོག་ཞེས་སྨྲ་འདོད་དེ།རྒྱུ་མཚན་ནི་དྲ་བ་འདི་ཉིད་རང་རེ་ལ་ལྷག་བསམ་ཅན་རེ་ཤས་ཀྱིས་ང་ཚོའི་གསར་སྐྱེས་ཀྱི་རྩོམ་པ་པོ་ཚོར་ཆེད་དུ་གཉེར་ནས་རྩོམ་གྱི་གར་སྟེགས་ཤིག་གི་ཚུལ་དུ་བསྐྲུན་སོང་བས་རེད།འོན་ཀྱང་དྲ་བ་འདི་སྒོ་ཕྱེས་པ་ནས་བཟུང་ད་ལྟའི་བར་མི་རེ་ཤས་ཀྱིས་མ་གཏོགས་རྩོམ་ཡིག་སྤེལ་མ་སོང་བ་འདི་ཅི་ཞིག་གིས་ལན་པ་ཡིན་ནམ།ངས་ནམ་རྒྱུན་ང་ཚོའི་ཁྱུང་པོའི་དུས་དེབ་རྣམས་ཀྱི་ཐོག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་བཀོད་ཟིན་པ་དང་འགོད་བཞིན་པའི་རྩོམ་པ་པོ་གང་མང་མཐོང་བའི་ཚོད་དུ་ཡོད་མོད།དྲ་བ་འདི་ཡི་ཐོག་ནས་བལྟས་ན་ད་དུང་ཁྱུང་པོ་བ་ཚོ་རྩོམ་གྱི་ན་ཚོད་མ་སྨིན་པའམ་རྩོམ་ལ་གཡེང་མ་ཞུག་པར་འཇམ་ཅམ་མེར་ལུས་ཡོད་པ་ལྟ་བུ་ཞིག་ཅིས་ཀྱང་མཐོང་བཞིན་འདུག་གོ།ཡང་ན་དྲ་བ་འདི་འདྲ་ཞིག་ཡོད་པ་ཁྱེད་ཚོས་མ་ཤེས་པ་རེད་དམ།ཡང་ན་དྲ་བ་འདི་ལ་ཁྱེད་ཚོས་ལྷག་བསམ་མེད་སོང་བ་རེད་དམ།གལ་ཏེ་གར་སྟེགས་འདི་ཡི་ཐོག་བྲོ་དེ་ང་ཚོས་མ་བརྡུང་ན་གར་སྟེགས་འདི་སུ་ལ་དབང་བའི་གར་སྟེགས་ཤིག་ཡིན་ཨང་།དེས་ན་ཁྱུང་པོ་བའི་རྩོམ་པ་པོ་དང་སྨྱུག་མིང་མཛེས་པོ་ཅན་དགཁུ་སིམ་མེར་མ་འདུག་པར་དྲ་རྒྱ་འདི་ཡི་ཐོག་ཚ་ཚ་འུར་འུར་གྱིས་ཕེབས་ཤོག་དང་།ང་དང་ང་ལྟ་བུའི་བཀློག་པ་པོ་དག་གིས་ནམ་ཡང་རེ་སྒུག་བྱས་ནས་ཡོད་དོ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།