སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
དུང་བའི་མུ་ཁྱུད་ཅེས་པའི་རྩོམ་དེབ་འགྲེམ་སྤེལ་བྱས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-03-28]  [རྩོམ་པ་པོ།:གངས་སྙུག]  [ཀློག་གྲངས།:]

 དུང་བའི་མུ་ཁྱུད་ཀྱི་མདུན་རྒྱབ་རི་མོའི་བཀོད་པ།

   

   ཀློག་པ་པོ་ཚོ།  གསོན་དང་དུང་བའི་མུ་ཁྱུད་ཅེས་བའི་དཔེ་དེབ་འདི་ཉིད་ཁྱེད་རྣམ་པའི་སྤྱན་ལམ་དུ་ཕུལ་ཟིན། དེ་ནི་ལང་ཚོའི་ཚོར་བ་ལས་འཕྲོས་པའི་ཡིད་སེམས་ཀྱི་དུང་བའི་ཁོར་ཡུག་གམ་མུ་ཁྱུད་ཅིག་རེད།ད་ཐེངས་ངེད་རྩོམ་སྒྲིག་པས་དཀའ་ཁག་དུ་མ་འཕྲག་ཏུ་ཁུར་ནས་སྤེལ་བའི་རྒྱུ་མཚན་ཡང་།  རྨོངས་མུན་དང་བག་འཁུམ།  ལེ་ལོ་དང་སྒྱིད་ལུག གཡམ་རྒྱུག་དང་སྒེར་སེམས་བཅས་ཀྱིས་དུས་གསུམ་ཡུག་གཅིག་བསྲེས་ནས། མི་ལུས་རིན་ཆེན་ལ་དོ་སྣང་མེད་ཅིང་མི་ཚེའི་ལྟ་བ་ལ་ཞིབ་བཤེར་མི་ཤེས།  མི་ཚེའི་རིན་ཐང་ལ་ཤེས་རིག་ནོར་གྱིས་ཁ་གསབ་མེད་པར་དུས་འདའ་འགྲོ་བ་ནི་སུ་ཞིག་གི་གྱོང་གུད་ཡིན་པ་སྨོས་མེད་རེད་ཅེས་སྤྱི་འགྲོས་ཀྱི་སྐད་ཆའོ།།  

དམིགས་ཀྱིས་བཤད་རྒྱུ་ཞིག་ནི།  དཔེ་དེབ་འདི་བསྐྲུན་དོན་གཙོ་བོ་ཡང་། ཤེས་ཡོན་པའི་སྡེ་ཁག་ནས་འཚོ་བ་དངོས་ནང་བཤད་པའི་གླེང་སློང་དང་སྐད་ཆ་དེ་དག་མི་གཞན་གྱི་ཉམས་སུ་མྱོང་བཅུག་སྟེ། ཤེས་རིག་གི་རིན་ཐང་ལ་གདེང་རྙེད་ཅིང་སྤོབས་སེམས་བསྐྱེད་པ།  དེ་བཞིན་རྩོམ་རིག་ལ་དགའ་ཞེན་བཅས་ཡོང་བའི་ཆེད་དུ་ཡིན།  དེར་བརྟེན། རྒྱ་ཆེའི་བློ་གསལ་ན་གཞོན་རྣམས་མ་འོངས་པར་རྩོམ་རིག་ལམ་ཆེན་དུ་རྒྱུ་ཞིང་ཤེས་རིག་ཡར་བསྐུལ་ལ་ལག་རྗེས་རེ་འཇོག་རྒྱུའི་འབོད་པ་དང་བཅས་སོ།།  གངས་སྙུག་ནས་བྲིས། 

རྩོམ་སྒྲིག་པ།   གངས་སྙུག  ཁྱུང་མུ་ཝེར།  ལྷ་གཡག་དར་མ།  ལྡོང་སྐལ་བཟང་།  

འབྲེལ་གཏུག་ཁ་པར་་་་་་་་༡༨༠༨༩༩༥༤༧༧༧

 

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 4 ཡོད།
སྤེལ་མཁན། དགེ་བཤེས་གཤེན་ཚེ་ཚང་།  IP:སྤེལ་དུས། :2014-03-29 22:31:13
གངས་སྙུགཁྱུང་མུ་ཝེར།ལྷ་གཡག་དར་མ།ལྡོང་སྐལ་བཟང་།སོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་ཅིག་དུང་བའི་མུ་ཁྱུད་གངས་རིའི་མཐོ་སྒང་དུ་བུད་པར་མུ་ཙུག་སྨར།གུས་པར་བཀའ་འདྲི་ཞིག་ཡོད།ཁྱེད་རྣམ་པས་འདོན་བཏོན་པའི་དུང་བའི་མུ་ཁྱུདམུ་མཐུད་འདོན་འཆར་ཡོད་པའི་དུས་དེབ་ཅིག་ཡིན་ནམ།གལ་ཏེ་དེ་ལྟར་ན་ངེད་བོན་གྱི་དྲིས་ལན་དྲ་མཛོདཀྱི་འོས་སྦྱོར་གླིང་གི་བོན་གྱི་སྐོར་ཤེས་རྟོགས་གནང་སའི་ལོ་དེབ་དེ་འདྲ་གང་དང་གང་ཡོད་དམ།ཞེས་པའི་མཇུག་ནས་འགོད་ན་བསམ་བྱུང་།
སྤེལ་མཁན། གངས་ནས  IP:སྤེལ་དུས། :2014-04-03 00:03:27
བཀྲ་ཤིས་བདེ་ལེགས།
སྤེལ་མཁན། ་  IP:སྤེལ་དུས། :2014-04-04 00:44:51
དུང་བའི་མུ་ཁྱུད་དུས་དེབ་མ་རེད་ལགས།སྤྱིར་བཏང་གི་སྙན་དེབ་ཞིག་རེད།རྩོམ་རིགས་ལ་མོས་པ་ཡོད་པའི་གསར་བུ་རྣམས་ལ་ཆེད་དུ་དམིག་ནས་མུ་མཐུད་འདོད་འཆར་ཡོད།
སྤེལ་མཁན། ཁྱུང་མུ་ཝེར།  IP:སྤེལ་དུས། :2014-04-04 01:06:11
དགེ་བཤེས་གཤེན་ཚེ་ཚང་ལགས།དུང་བའི་མུ་ཁྱུད་དུས་དེབ་མ་རེད་ལགས།སྤྱིར་བཏང་གི་སྙན་དེབ་ཞིག་རེད།རྩོམ་རིགས་ལ་མོས་པ་ཡོད་པའི་གསར་བུ་གསར་མོ་རྣམས་ལ་རང་རང་གི་མ་བཅོས་པའི་སེམས་གཏམ་དག་མ་དེ་དག་གླེང་སའི་གར་སྟེགས་ཤིག་དུ་དམིག་ཏེ་མུ་མཐུད་འདོད་འཆར་ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།