སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
​ཚོར་རྟོག་ཞེས་པའི་དཔེ་དེབ་ལེགས་གྲུབ་བྱུང་བ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-03-28]  [རྩོམ་པ་པོ།:ལྡོང་སྐལ་བཟང་།]  [ཀློག་གྲངས།:]

 

 

རྩོམ་དེབ་མདུན་རྒྱབ་ཀྱི་པར་རིས། 

 

    

    འབྲོག་ཕྲུག་ཅིག་གི་རྣམ་ཤེས་ལས་གྲུབ་པའི་༼ཚོར་རྟོག༽ཅེས་པའི་དེབ་ཆུང་འདི་ཀློག་པ་པོ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་བསྟར་ཡོད།  ཁྱེད་རྣམས་ཀྱིས་ཞིང་སར་དལ་གྱིས་བརྒལ་ཞིང་།  ཐ་སྙད་ཀྱི་ནས་འབྲུ་རིམ་གྱིས་རྒུམ་ནས་འདེར་སླེབས་དུས། ངས་ཁྱེད་ཚོ་ལ་ཚིག་གསུམ་གྱི་གསལ་འདེབས་བྱ་རྒྱུ་ནི།  རང་ཉིད་ཀྱི་རྩོམ་སྦྱོང་ཆེད་དུ་དགའ་སྐྱོ་ཆགས་སྡང་གིས་བྲིས་པའི་ཚོར་བའི་རྟོག་འགྱུ་འདི་དག  མ་དགའ་ན་དགའ་མདོག་དང་།  མ་སྐྱོ་ན་སྐྱོ་མདོག  མ་དུང་བར་དུང་ཁུལ་དང་།  མ་བརྩེ་བར་བརྩེ་ཁུལ་སོགས་ཀྱིས་བརྗོད་བྱ་མེད་པའི་སྟོང་གཟུགས་ཀྱི་རྫུན་བཟོ་བྱས་པ་མིན་ལ།  རང་ཉིད་ཀྱི་དགའ་སྐྱོ་དུང་བརྩེའི་དངོས་པོའི་གནས་ལུགས་ལ་དྲང་བརྗོད་ཀྱི་ཚོར་བ་སྤྲད་པ་ཤ་སྟག་ཡིན་པས། ཁྱེད་ཚོ་ལའང་དགའ་སྐྱོ་ཆགས་སྡང་གི་ཚོར་སྣང་མི་འདྲ་ཞིག་སྤྲད་ཡོད་ངེས། ཁྱེད་རྣམས་ཀྱིས་ཀྱང་བཟང་ཕྱོགས་དང་ངན་ཕྱོགས་གང་ནས་ལྟ་ཚུལ་དག་འདོན་པའི་རེ་བ་ཆེ། ཕྲན་རང་ཉིད་སློབ་གྲྭ་ཆེན་མོ་ཞིག་གི་གླིང་ཁ་ནས་དགེ་རྒན་ཆེན་མོ་ཞིག་གིས་སློབ་ཁྲིད་མྱོང་བའི་སློབ་ཆེན་པ་ཞིག་མ་ཡིན་ཞིང་། རྟ་ནོར་ལུག་གསུམ་གྱི་ལྷས་འདབས་ནས་རྔོ་ཐོག་པའི་འབྲོག་ཕྲུག་ཞིག་ཡིན་པ་ཤེས་དགོས།  དེ་རེས་ཀྱི་དེབ་འདིའི་ནང་ནས་བོད་ཀྱི་བརྡ་སྤྲོད་དང་མི་མཐུན་ཞིང་ཡུལ་གྲོང་ཕལ་སྐད་ཀྱིས་སྐད་ཡིག་གི་ཐོབ་ཐང་ལ་རྡོག་རྫིས་བཏང་བ་གང་ཡོད་ནི་བདག་རང་གི་ཤེས་བྱའི་ཆུ་ཚད་དམན་པའི་ནག་ཉེས་ཡིན་པས་རང་གིས་ཅིས་ཀྱང་འགན་ཁུར་ཡོད། བརྗོད་བྱ་དང་བརྗོད་བྱེད་གང་གི་ཆ་ནས་ལེགས་ཆ་དང་གསར་ཉམས་ཅུང་ཟད་རེ་ཡོད་ཅིང་།  བསམ་བློའི་ནང་སྙིང་དང་།བློ་འབྱེད་ཀྱི་ནུས་པ། ཡར་སྐུལ་གྱི་དགེ་མཚན་སོགས་ཡོད་ན་དེ་དག་ནི་རང་ཉིད་ཀྱིས་རང་སྟོབས་རང་སྤེལ་དང་། རང་གི་རྣམ་དཔྱོད་ལས་གྲུབ་པའི་ཚིག་འབྲུ་གསོན་པོ་དེ་ཡིན་ངེས་པས། ང་ཉིད་ཀྱི་ལུས་སུ་གྲུབ་པའི་མི་རིགས་འདིའི་ཤ་ཁྲག་རུས་གསུམ་ལ་དྲིན་ལན་ཞིག་ཅི་ལ་མིན།།   ལྡོང་སྐལ་བཟང་ནས།

     རྩོམ་པ་པོ་ཁོང་ནི་སྤྱི་ལོ་༡༩༩༠ལོར་ཁྱུང་ཡུལ་སྤུ་རྒྱལ་གངས་དཀར་གྱི་ཉེ་འདབས་སུ་ག་ཐ་ལྷ་ལྡོང་ཚང་གི་ཁྱིམ་དུ་སྐྱེས་ཤིང་།ཁོང་གི་མཚན་ལ་༼ལྡོང་སྐལ་བཟང་༽ཞེས་འབོད་བཞིན་ཡོད། ཤ་ཁྲག་རུས་བརྒྱུད་གཅིག་པའི་བོད་རིགས་གཞོན་ནུ་རྣམ་པ།  རྟ་ནོར་ལུག་གི་ལྷས་ར་སྲུང་རྒྱུ་དང་། ཞིང་ས་གཤིན་པོ་རྨོ་རྐོ་བྱ་རྒྱུ་དེ་ཙམ་གྱིས་ཆོག་ཤེས་མི་བྱེད་པར།  ཨུ་ཚུགས་འབད་བརྒྱའི་ངང་། རང་ལ་རང་གིས་སྤོབས་པ་སྤྲད་དེ་སོ་སོའི་རིག་གཞུང་དག་ལ་ཞུགས་ནས།བྱ་མིག་ཡར་ལྟའི་ཚུལ་དུ་ཁོང་དང་ཁོང་ལྟར་བུའི་རྩོམ་འབྲིའི་མོས་པ་ནམ་ཡང་མ་ཆུང་ཞིག  ངེད་དྲ་བའི་རྩོམ་སྒྲིག་པས།

འབྲེལ་གཏུག་བྱེད་ཡུལ་ལྡོང་སྐལ་བཟང་་་ཁ་པར་་་༡༨༠་་༨༩༩༥་་༤༧༧༧

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 2 ཡོད།
སྤེལ་མཁན། ལྡོང་སྐལ་བཟང་།  IP:སྤེལ་དུས། :2014-03-29 09:56:50
གཙོ་པ་་ལགས་ཐུགས་རྗེ་ཆེ་ཞུ།
སྤེལ་མཁན། ཁམས་སྙུག་སྲས་ཀྱིས།  IP:སྤེལ་དུས། :2014-03-30 17:18:57
ནོར་གནག་གི་ལྷས་འདབ་ནས་འཚར་ལོང་བྱུང་བའི་འབྲོག་ལྡོང་སྐལ་བཟང་ལགས་ཀྱིས་རྩོམ་དེབ་ཚོར་རྟོག་ཅེས་པ་ལེགས་གྲུབ་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།མ་འོངས་པ་ཁོང་གི་སྙུག་ཁ་དེ་རྣོ་རུ་འགྲོ་བའི་ཡིད་ཆེས་དང་རེ་བ་ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།