འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
གཏམ་བཟང་གསར་བསྒྲགས་གལ་ཆེན་ཞིག
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-03-25]  [རྩོམ་པ་པོ།:ཧོར་རུ་དགེ་བཤེས་ཡོན་ཏན་ཕུན་ཚོགས།]  [ཀློག་གྲངས།:]

ཞྭ་དཀར་གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་གཉེར་བའི་སྦྱང་བྱའི་གླེག་བམ་༼སྒོ་བཞི་མཛོད་ལྔའི་ཡང་བཅུད་༽ཀྱི་དཔེ་ཚོགས་ཆེན་མོ་བོན་གྱི་བཤད་གྲྭ་ཁག་ལ་བགོ་འགྲེམ་བྱེད་རྒྱུ་ཡིན།

 

 

འདི་ནི་དུས་ཡུན་རིང་པོ་ཞིག་ལ་སེམས་ལ་བཟུང་སྟེ། དཀའ་ལས་ཀྱི་ལམ་འཕྲང་མང་པོ་རྒྱུད་དེ་ད་གཟོད་དངོས་སུ་ལེགས་འགྲུབ་བྱུང་། འདི་ཉིད་པར་དུ་སྐྲུན་པ་ལ་གཙོ་བོ་དཔལ་འབྱོར་གྱི་གཏོང་སྒོ་ཆེན་པོ་ཞིག་མེད་ན་འགྲུབ་ཐབས་མེད་པས་དེའང་སྐོམ་པ་ཆུ་དང་། ནད་ཐོག་སྨན་ལྟར། ཁྱུང་ཡུལ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་ཁྲི་འཛིན་བླ་མ་༧རྒྱ་མཚོ་རིན་པོ་ཆེས་མ་བསྐུལ་དང་བླང་གིས་རོགས་རམ་ཡོད་ལུགས་ཞལ་པར་གནང་བྱུང་བས་ཕྲན་རང་ཁོང་གི་སྐུ་མདུན་དུ་བཅར་ནས་ཡིན་ལུགས་ཞུས་དོན། དཔེ་ཚོགས་དེ་ནི་སྤྱི་བཏང་ཙམ་མ་ཡིན་པ། རང་ཅག་བོན་འབངས་ཡོངས་ལ་བཀའ་དྲིན་བླ་ན་མེད་པའི་རྒྱལ་བ་སྨན་རིའི་༧མཁན་སློབ་རྣམ་གཉིས་ཀྱིས་མཛད་རྗེས་ཇི་མ་ཇི་བཞིན་རབ་འབྱམས་དགེ་བའི་བཤེས་གཉེན་ཞིག་ཐོན་པར་སློབ་གཉེར་དགོས་པའི་ཡིག་ཆ་ཆ་ཚང་ཞིག་ཡིན་པ་དང་། དེའང་དེང་འཛམ་གླིང་བོན་གྱི་མཚན་ཉིད་པའི་གྲངས་འབོར་དང་བསྟུན་ན་ཚར་གྲངས་1500པར་ཏེ་སློབ་གཉེར་མི་རེ་ངོ་རེའི་ཕྱག་ཏུ་འབུལ་རྒྱུ་བྱུང་ན་ཕན་པ་ཆེན་པོ་ཞིག་ཡོང་རྒྱུ་རེད་བསམ་པའི་འཆར་གཞི་ཡོད་ཞུས་པས། ཁོང་གིས་ཐུགས་དགྱེས་ཚོར་ངང་དེ་ལྟར་ན་ཚར་1500ལ་འགྲོ་སོང་ག་ཚོད་སོང་ན་ངས་སྤྲད་གསུངས་ནས་དམངས་སྒོར་ཁྲི་48གནང་རྒྱུའི་ཞལ་བཞེས་གནང་སོང་བས་ང་རང་དེ་སྔོན་དེ་འདྲ་ལྷག་བསམ་གཏོང་ཕོད་ཀྱི་ཕྱག་ཡང་པོ་དང་མཇལ་མ་མྱོང་བས་སེམས་པ་རབ་ཏུ་དགའ་སྟེ། གནས་སྐབས་རིང་ཅི་ཞིག་ཞུས་དགོས་པ་མི་ཤེས་པ་ལྟ་བུ་གྱུར་སོང་། དེ་ནས་བདག་གིས་བསམ་པ་ཕྲན་ཆུང་ཚོས་དུས་རྒྱུན་དུ་རང་འཁྲི་ཐོས་བསམ་འཆད་རྩོད་ལ་གང་ནུས་བརྩོན་ཞིང་གྲུབ་མཐའ་དང་ཆོས་ལུགས། ལུང་ཚན་དང་དགོན་སྡེ་སོགས་ལ་ཆགས་སྡང་སྤང་བྱར་བཟུང་བས་བྱིན་མཐུ་ཡིན་པར་སེམས་སོ།། དེ་ནས་བདག་དང་ཡུན་རིང་འདྲིས་པའི་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགན་འཛིན་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་། གཉན་མོ་འགྲུབ་གཟའ་འཚོ་གཉིས་དང་གྲོས་བསྡུར་ཐེངས་མང་བྱས་མཐར་ཁོང་གཉིས་ཀྱིས་རང་ནུས་ཡོད་ཅོག་གིས་རོགས་རམ་གནང་མཐར་འདི་ལོར་ཁྱེད་རྣམས་ཀྱི་ཕྱག་ཏུ་འབུལ་ཐབས་སོང་། ཁོང་གཉིས་ནི་ང་ཚོ་བོན་བསྟན་ལ་བྱས་རྗེས་ཡོད་པའི་མི་སྣ་ཞིག་ཡིན། 

དེའང་བགོ་འགྲེམ་བྱེད་སྟངས་ཐད། ངེད་ཚོས་འཆར་གཞི་ལ་སྔོན་ཞུས་ལྟར་ཚར་1500ཐམས་པ་ཕུལ་རྒྱུ་ཡོད། དེའང་དེང་དུས་བསྟན་པ་ཡར་དར་ཡིན་པས་ས་ཕྱོགས་གང་སར་བཤད་གྲྭ་གསར་བཙུགས་མང་བ་དང་ད་ཡོད་མཚན་ཉིད་སློབ་གཉེར་བའི་གྲངས་ཀ་ཇེ་མང་སོང་བས་ངེད་ཚོས་འཆར་གཞི་ལས་བརྒལ་འདུག་ཀྱང་འབུལ་རྒྱུ་ནི་དེ་སྔོན་འཆར་གཞི་ཡོད་པ་དེ་ལས་ད་ལན་མཐོ་འཕར་འབུལ་ཐུབ་ཀྱི་མི་འདུག ངེད་ཚོས་དགོན་སྡེ་ཁག་གི་འབྲེལ་ཡོད་མི་སྣར་འབྲེལ་བ་བྱས་ཏེ་སློབ་གཉེར་བའི་གྲངས་འབོར་གྱི་མིང་ཐོ་དངོས་སུ་ཞུས་ཏེ་བགོ་འགྲེམ་བྱས་དོན། ད་ལན་གྲངས་འབོར་དང་དགོས་བསྟུན་དམིགས་འབེན་ཕུགས་བསམ་སོགས་དུ་མར་དམིགས་ཏེ་ཕུལ་རྒྱུ་ཡིན། མ་འོངས་པར་ངེད་དགོན་པར་དཔལ་འབྱོར་གྱི་ནུས་པས་ཞོག་ན་སླར་ཡང་ཕུལ་འཆར་ཡོད་པས་ད་ལན་མི་རེ་ཚར་རེ་མ་བྱུང་བ་དག་ལ་དགོངས་དག་ཞུ་རྒྱུ་ཡིན། 

 

གཤམ་དུ་དགོན་མིང་དང་ཚར་གྲངས། 

༡༽ འཕགས་ཡུལ་སྨན་རི་དགོན།  120

༢༽ འཕགས་ཡུལ་བཙུན་དགོན།  10

༣༽ ཁྲི་བརྟན་ནོར་བུ་རྩེ་དགོན།  120

༤ ༽ གཙང་སྨན་རི་དགོན། 40

༥༽ གཡུང་དྲུང་གླིང་།  20

༦༽ སོག་སྡེ་བོན་དགོན། 15

༧༽ ཆབ་མདོ་དགོན། 15

༨༽ ཀླུ་ཕུག་དགོན། 60

༩༽ ལུང་དཀར་དགོན། 35

༡༠༽ སྤ་སངས་དགོན། 20

༡༡༽ སྤུ་ལ་དགོན། 20

༡༢༽ ཁྲོམ་ཚང་དགོན། 20

༡༣༽ རྡོ་ཏིང་དགོན། 30

༡༤༽ ཞུ་ཚང་དགོན། 35

༡༥༽ ཤ་འདྲ་དགོན། 25

༡༦༽ གདོང་རྫོང་རི་ཁྲོད། 20

༡༧༽ སྟེང་ཆེན་དགོན། 150

༡༨༽ རི་ཁྲོད་དགོན། 40

༡༩༽ གཡུང་དྲུང་དཔལ་རི་དགོན། 15

༢༠༽ རྩེ་དྲུག་དགོན། 70

༢༡༽ སྡེ་དགེ་བཤད་གྲྭ། 35

༢༢༽ སྡེ་དགེ་ཁྲོ་ཚང་དགོན། 50

༢༣༽ གུང་རྒྱལ་རི་ཁྲོད། 40

༢༤༽ ཁྱུང་མོ་དགོན། 50

༢༥༽ རྒྱལ་རོང་དགོན། 60

༢༦༽ དགའ་མལ་དགོན། 15

༢༧༽ སྣང་ཞིག་དགོན། 170

༢༨༽ ཀོ་རྒྱལ་དགོན། 200

ཁྱོན་སྡོམ་དགོན་སྡེ་28ལ་དཔེ་ཚོགས་ཚར་1500བགོས་པ་ཡིན། དཔེ་ཚོགས་སྦྱིན་བདག་དང་ངེད་དགོན་པས་འཆར་གཞི་ནི་ད་ལམ་གྱི་དཔེ་ཚོགས་དགོན་སྡེ་སོ་སོའི་ཕྱག་ཏུ་འབྱོར་བ་དང་སློབ་གཉེར་བའི་ཕྱག་ཏུ་ངེས་པར་དུ་འཕྲོད་དགོས་ལ། ད་ལྟའི་དཔེ་ཚོགས་ནི་སློབ་གཉེར་བ་ལས་དགེ་རྒན་ལ་ཁ་ཕྱོགས་མེད་པས་དེ་ལུགས་སློབ་གཉེར་བའི་འཛིན་གྲྭ་མཐོ་རིམ་ནས་ས་ལམ་འཛིན་གྲྭ་ཡན་ཆད་ལ་འབུལ་རྒྱུ་དང་། འཕྲོ་མ་སློབ་གཉེར་བ་རང་ཉིད་ས་ལམ་འཛིན་གྲྭར་ག་དུས་སླེབས་ན་དེ་དུས་ཕྱག་ཏུ་འབུལ་རོགས་ཞུ་རྒྱུ་ཡིན། ད་དུང་གསལ་འདེབས་ཞུ་རྒྱུ་ཞིག་ལ་ངེད་དགོན་པའི་སློབ་གཉེར་བ་ཡོངས་ལ་མི་འདང་བས་འདི་ཕར་ཚོང་ནས་དགོན་པར་སྨན་པའི་ཕྱག་ལས་གནང་བར་དེ་སྔོན་གོ་རྒྱུ་འདུག་པས་དེ་ལྟར་བྱས་ན་བསྔོ་ས་ལས་ལོག་པ་འགྱུར་འགྲོ་འདུག་ན། དེ་ལྟར་མི་གནང་བར་སྙིང་དབུས་ནས་གསལ་འདེབས་ཡིན། 

དེས་ན་ས་ལམ་མ་སླེབས་བར་དཔེ་ཆ་ཕྱག་ཏུ་མི་བཞག་རྒྱུ་ནི་གསར་ཞུགས་རྣམས་ལ་བརྟན་པོ་མེད་པས་དཔེ་ཆ་མང་པོ་ཞིག་དོན་མེད་སྟོར་རླག་འགྲོ་གི་འདུག་པ་ང་ཚོས་མྱོང་བ་ཡིན་ལགས། འདི་དག་མི་རིང་བར་ཕྱོགས་སོ་སོར་བསྐུར་རྒྱུ་ཡིན་པས་ད་དུང་འདིའི་ཐོག་བསླུ་ཆ་དགོས་ན་འབྲེལ་བ་གནང་དང་མཉམ་དུ་བསྐུར་ཡོང་། དཔེ་ཚོགས་འདི་ལ་བསླུ་ཡོན་སྒོར་1150 ཡིན། དཔེ་ཚོགས་དཔེ་གཟུགས་སྣ་རིང་བསླུས་ན་པོད་བཅུ་བདུན་ཡོད་ཅིང་བསླུ་ཡོན་སྒོར་ 600 ཡིན། དཔེ་ཆ་ས་ཕྱོགས་སོ་སོར་བསྐུར་བའི་བརྡ་གླ་དགོན་པ་རང་རང་སོ་སོས་གནང་རོགས་ཞུ། 

ཁྱུང་ཡུལ་ཀོ་རྒྱལ་དགོན་ནས་ཧོར་རུ་ཡོན་ཏན་ཕུན་ཚོགས་ཀྱིས་2014 ལོའི་ཟླ་བ་ པའི་ཚེས་25ཉིན་གུས་ཕུལ། 

འབྲེལ་བ་བྱ་ཡུལ། 

ཀོ་རྒྱལ་དགོན་ཧོར་རུ་ཡོན་ཏན་ཕུན་ཚོགས། 

ཁ་པར་ཨང་གྲངས། 13618956444  

 ཡིག་ཟམ། yonten6444@163.com

ཡིག་ངག་གང་གི་ཐོག་ནས་འབྲེལ་བ་གནང་ན་འགྲིག 

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 3 ཡོད།
སྤེལ་མཁན། ལྡོང་ཚུལ་མི་ནས་་་་  IP:སྤེལ་དུས། :2014-03-25 17:44:08
དགེ་བའི་བཤེས་གཉེན་ཆེན་མོ་ཡོན་ཏན་ཕན་ཚོགས་ལགས་ཀྱི་དཀའ་བ་བརྒྱ་ཕྲག་དོན་དུ་བླང་ངལ་བ་འབུམ་ཕྲག་ཁྱད་ཏུ་བསད་ནས་སྒོ་བཞི་མཛོད་ལྔའི་ཡངས་བཅུད་དངོས་སུ་ལེགས་གྲུབ་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ།
སྤེལ་མཁན། རིས་མེད་པས།  IP:སྤེལ་དུས། :2014-03-25 18:52:49
ཐུགས་རྗེ་ཆེ།ཁྱེད་ཀྱི་མཛད་འཕྲིན་ཡར་ངོས་ཟླ་བཞིན་རྒྱས་པའི་སྨོན་འདུན་ཞུ།
སྤེལ་མཁན། ཁམས་བསྟན་དར  IP:སྤེལ་དུས། :2014-03-29 14:16:55
མཁའ་ལྡིང་རྒྱལ་པོ་ཁྱུང་གི་ཕ་ས་ནས།མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ།རམ་འདེགས་མཛད་འཕྲིན་རྦ་རླབས་རབ་གཡོ་བའི།ཐབས་ཤེས་ཟུང་གི་བསྟན་པའི་བདག་ཉིད་ལ།སྒོ་གསུམ་གུས་པ་ཆེན་པོའི་བསྟོད་ཚིག་འབུལ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།