ཤིས་ཚིག གཙོ་ངོས།གཙོ་ངོས།རྩོམ་རིགཤིས་ཚིག
ཁྱུང་པོའི་དྲ་བ་ཤར་གཏོང་ཐོབ་པར་དགའ་བསུ་ཞུ།།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-03-16]  [རྩོམ་པ་པོ།:མཚལ་ཐིག་དམར་པོ།]  [ཀློག་གྲངས།:]

ཁྱུང་པོའི་དྲ་བ་ཤར་གཏོང་ཐོབ་པར་དགའ་བསུ་ཞུ།།

 

ཚན་རིག་འཕེལ་ཁ་རྒོད་པའི་དུས་ཉིན་ན།
ཕན་གནོད་གང་བྱས་སོ་སོ་རང་ལ་རག
ཕན་པའི་རིག་གནས་སྒྱུ་རྩལ་འདི་ན་གསལ།
གནོད་པའི་དུས་ཚོད་འཕྲོ་མ་འདི་ཡིས་རླགས།

བསམ་གཞིག་དོན་གཉེར་ཅན་གྱི་མི་བུ་ཚོ།
བསམ་རྣོའི་འཁྱེར་ཕྱོགས་རིག་གནས་རྐྱང་པ་ལ།
བསམ་ན་ཁྱུང་པོའི་དྲ་བ་སྒོ་ཕྱོས་དང་།
བསམ་པའི་རེ་བ་ཡོངས་སུ་སྐོང་བར་ངེས།

འདི་ན་སྙན་རྩོམ་གྲེ་འགྱུར་ངོམ་ས་ཡོད།
འདི་ན་ལོ་རྒྱུས་ལེ་ཚན་བཀོད་ས་ཡོད།
འདི་ན་དཔྱད་བརྗོད་འཕྲེང་བ་སྒྲིག་ས་ཡོད།
འདི་ན་མཛེས་པའི་པར་རིས་སྟར་ས་ཡོད།

འདི་ནི་ཉེར་གཅིག་དུས་ཀྱི་ནོར་བུ་སྟེ།
འདི་ལ་རིན་ཐང་བསམ་པའི་ཡུལ་ལས་འདས།
འདི་ཚོ་སྤྱོད་སྐལ་ལྡན་པའི་ལས་ལྡན་པ།
འདི་འདྲའི་སྐལ་པ་བཟང་ཞེས་ཀུན་གྱིས་བསྔགས།

       ༼མཚལ་ཐིག་དམར་པོ་ནས༽

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།