སྲིད་པའི་མཛོད་ཕུགས་ཀྱི་གཞུང་ཞེས་བྱ་བ་བཞུགས་སོ།། |
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2014-01-06] [རྩོམ་པ་པོ།:སྟོན་པ་གཤེན་རབ།] [ཀློག་གྲངས།:] |
༄༅། །ཞང་ཞུང་སྐད་དུ། ཏི་ཀ་རྒྱ་སེ་ལིག་མིན་རྐྱ། སད་ལ་གྱེར་ནོ་སྤུངས་ཀྱི་ནོ། །ཝེར་གྱེར་སྨར་ལ་གུ་དུན་ཧྲུན། ཞེས་བྱའོ། །བོད་སྐད་དུ་། སྲིད་པའི་མཛོད་ཕུག་ཞལ་ཕྱེ་ནས། སྟོན་པ་ལྷའི་གཤེན་པོ་སྟེ། །གཤེན་རྒྱལ་སྐུ་ལ་ཕྱག་འཚལ་ལོ། །སྟོན་པ་རྫུ་འཕྲུལ་ཆེར་ལྡན་པས། །ཐམས་ཅད་ཐུགས་རྗེས་བཟུང་བའི་ཕྱིར། །སྣང་སྲིད་མཛོད་ཕུགས་སྒོ་ཕྱེས་ནས། །ཐམས་ཅད་ཀུན་ལ་གསལ་བར་སྟོན། །དེ་ལས་རྫུ་འཕྲུལ་ཐབས་ཀྱིས་བརྒྱུད། །སྟོབས་ལྡན་བློ་གསལ་དད་ཆེ་ལ། །ཀུན་གྲགས་རྒྱ་ཆེར་བསྟན་པར་བྱ། །མི་རྒྱལ་རིན་ཆེན་གཏེར་འཛིན་ལྟར། །གཏད་པ་དེ་ནི་བཙའ་བར་བྱ། །ཐམས་ཅད་འབྱུང་བའི་མཛོད་ཕུགས་འདི། །བློ་དམན་ཕལ་གྱིས་མི་རྟོགས་ཏེ། །དམུ་ལ་ཏིང་ཞུང་དང་ར་རྩ། །དེ་བཞིན་གཏིང་དཔག་དཔྱད་པར་དཀའ། །ལིག་མུ་ནེ་སུམ་མུ་གུང་ནི། །ཡོད་པ་སྲིད་པ་གསུམ་གྱི་མཛོད། །དུབ་ཁྲུན་དུན་གུ་མུ་གུང་ནི། །མེད་པ་བསྐལ་པ་དགུ་ཡི་མཛོད། །མུ་ཧེ་བིང་ང་མུ་གུང་ནི། །མི་གཡོ་དབྱིངས་ནི་བཞི་ཡི་མཛོད། །ཧ་ར་ང་དྲུག་མུ་གུང་ནི། །གསལ་བ་ཡེ་ཤེས་ལྔ་ཡི་མཛོད། །རྐོ་རྦང་བིང་ང་མུ་གུང་ནི། །ཀུན་གནས་སྣོད་ནི་བཞི་ཡི་མཛོད། །ཏི་སང་སུམ་པའི་མུ་གུང་ནི། །སྐྱེ་འཕེལ་བཅུད་ནི་གསུམ་གྱི་མཛོད། །སྤུངས་ཤེ་ང་དྲུག་མུ་གུང་ནི། །གཅོད་བྱེད་དབང་པོ་དྲུག་གི་མཛོད། །དམུ་ཏུག་༼དུག༽སུམ་པའི་མུ་གུང་ནི། །ཕྲ་རྒྱས་དུག་ནི་གསུམ་གྱི་མཛོད། །ཐ་རྩར་༼ཙར་༽ནེ་སུམ་མུ་གུང་ནི། །རྟེན་ཅིང་འབྲེལ་པ་གཉིས་ཀྱི་མཛོད། །ཐད་དོ་སུམ་པའི་༼ཐ་དོད་ནེ་སུམ་༽མུ་གུང་ནི། །འདུས་པའི་ཕུང་པོ་གཉིས་ཀྱི་མཛོད། །བི་ལྒྱམ་སྣིས་གྱེ་མུ་གུང་ནི། །མངོན་རྟོགས་སྐྱེ་མཆེད་དྲུག་གི་མཛོད། །རྐོ་ཕུང་ནེ་སུམ་མུ་གུང་ནི། །རྒྱ་ཆེ་ཁམས་ནི་གསུམ་གྱི་མཛོད། །ཞམ་གེ་ནེ་སུམ་མུ་གུང་ནི། །རང་འཛིན་མཚན་ཉིད་གཉིས་ཀྱི་མཛོད། །ལེན་གེ་བིང་ང་༼ང་དྲུག་༽མུ་གུང་ནི། །ལས་དང་སྤྱོད་པ་བཞི་ཡི་མཛོད། །སྲང་༼སང༽རྒྱུང་༼ས་རྒྱུ་༽བིང་ང་མུ་གུང་ནི། །འགྲོ་བའི་ལམ་ཡང་བཞི་ཡི་མཛོད་། །སྐྱེ་སླས་སུམ་པའི་མུ་གུང་ནི། །ས་དང་གནས་ནི་གསུམ་གྱི་མཛོད། །ཁྲི་ཟེ་༼ཁྲི་ཙེ་༽བིང་ང་མུ་གུང་ནི། །བསྒྲུབས་པའི་འབྲས་བུ་བཞི་ཡི་མཛོད། །གཅོད་པ་སླས་ཞི་ཇུ་སྣིས་ཤེལ།༼ཅོད་སླས་ཞི་ཇུ་སྣིས་ཤེལ་ནི།༽ །དེ་བཞིན་གནས་ནི་བཅུ་བདུན་གསལ། །ཉ་ཞི་ལོ་སྔ་ལིག་ཞི་ཏི་༼ན༽། །གནའ་སྟེ་སྲིད་པའི་དང་པོ་ལ། །ཞིམ་ཟུ་ལིག་རྒྱལ་༼རྐྱེལ་༽ལིག་ཟུར་ན་༼ཅི༽། །རང་བཞིན་ཡེ་སྲིད་སྲིད་པ་ནི། །དམུ་སླས་ཟ་ར་ཞི་ཝེར་ཅི། །ཕྱི་ནང་འགྲེང་བུ་སྤྱི་རྒྱལ་དང་། །གཅོད་པ་ཨག་ཏུར་མུ་སྤུངས་ནི་༼རྒྱུང་༽། །གནས་དང་ཁ་སྦུབ་ཕྱིན་ཅི་ལོག །རྐོ་ནམ་མུར་ཚེ་༼དམུ་ཚ་༽དེ་ཅུ་ལྷག །ཉེ་འཁོར་མཁའ་ལྡིང་འཕྲད་ལ་འཕྱོ། །ནེ་སྟི་ལེ་ལྐེ་ཀན་༼གེ་མུར་༽མུར་ཅུ། །མེ་ཆུ་རླུང་ལྕེ་གྱེན་ཐུར་འཕྲད། །ཨ་ས་སླ་ཞི་མི་སྡུམ་༼སྣུམ་༽ནི། ཐེག་ཆེན་ས་གཞི་བསྐྱེད་པའི་ཡུམ། །དམུ་ཏིང་ལིག་ཚུར་མུ་གུང་ནི། །ནམ་མཁའ་གཡུ་མདོག་སྣང་སྲིད་མཛོད། །གཉི་སླི་ཛར་ཝེག་༼ཇར་ཝག་༽སྐྱེལ་གཅོད་ཅི། །ཉི་ཟླ་གཟའ་སྐར་སྣང་སྲིད་རྒྱན། །རང་༼རྦང་༽ཝེར་སན་༼བན་༽ཟ་ཉི་ལོ་གྱིན། །རི་རྒྱལ་ལྷུན་པོ་ཡེ་སྲིད་བརྟན། །དང་ར་ཏིང་ནམ་དམུ་ཙོ་གྱིལ། །རྒྱ་མཚོའི་འཆིང་རྣམས་ཀློང་དུ་འཁྱིལ། །ཨག་ཤོ་མུ་ཁམ་ཉི་མུ་ཙུག །ཁ་ལེ་སྟོང་འབྱམས་ཡེ་སྲིད་ཤིང་། །རུ་༼དུ་༽ཏོག་གྲ་ཇིལ་མུ་ཨུང་༼ཨུར་༽རྒྱུང་། །ཐོག་དང་སེར་བ་འབྲུག་དང་གློག །དུ་ཕང་སྤྲི་ཞམ་༼ཞི་༽དམུ་རི་རུད་༼རྒྱུད༽། །སྤྲིན་དང་ཁུ་རླངས་གཞའ་ཚོན་གསལ། །ལི་པི་དུ་པུད་ཁིར་ཞི་རྐྱུ་༼ལྐུང་༽། །རླུང་བཞིའི་འཁོར་ལོས་ཡོངས་སུ་བསྐོར། །རྣིལ་རྦང་ཤང་ཟུར་ལ་བེ་༼བི་༽སྐྱིར། །གངས་རི་གཡའ་བྲག་ནགས་ཚལ་མཐོ། །སྤྲེལ་རྒྱུ་ནམ་ལུ་གུ་དུན་༼དུན་གུ་༽ནི། །གླིང་དང་ལམ་དང་གནས་ནི་དགུ། །སླས་ཞི་ནམ་ལུ་དེ་ཅུ་༼ཙུ་༽ལིག །ས་གནས་རིམ་གྱིས་རང་བཞིན་སྲིད། །སླས་ཞི་བྱོ་ཏིང་ཀྱོ་ཚུ་ཁྱིལ། །ས་གཙང་ཆུ་བོ་ཁྲུས་ཀྱི་རྗིང་། །ཧྲང་དང་ཧས་བི་ཅི་ཕྲུག་སྨར། །ཅང་ཤེས་འདོད་འཇོ་ལོ་ཐོག་སྨིན། །སད་ཝེར་སེ་ཏོ་གུང་མིག་སྨར། །ལྷ་ཡི་རྒྱལ་པོ་ཁང་བཟང་མཐོ། །ཤེ་ཝེར་དྲ་གེ་རྦང་བི་༼རྦ་ཅི་༽ནི། །ཕྱྭ་རྒྱལ་གནོད་སྦྱིན་བདུད་ཀྱི་རི། །རྩལ་རྦང་སད་ལ་དུམ་སླས་ལྗི། །མཚལ་རི་ལྷ་ཡི་མདུན་ས་གཉན། །རྦང་ཤེར་ཏིང་ཆུད་༼ཚུད་༽སྐྱེ་རྩ་མོང་༼མོན་༽། །རི་ཆུ་ས་གཞི་རྩི་ཤིང་རྒྱས། །བ་ནིང་ཞིམ་ཞལ་ཁི་རྩུག་༼ཙུག་༽རྩེ། པདྨའི་འཇམ་དང་ཚེར་མའི་དབལ། །ལིག་མུན་ཁ་རྩེ་ཞུང་ཞག་ནི། །སྣང་སྲིད་རྩེ་ལ་ཁྱུང་ཆེན་འཕྱོ། །དེ་སྨེ་ཁྲི་རྩར་ནམ་ལུ་ལིག །དེ་བཞིན་སེམས་ཅན་གནས་ན་སྲིད། །སད་ལ་སད་མིན་ནེ་སུམ་ནི། །ལྷ་དང་ལྷ་མིན་མི་དང་གསུམ། །དུད་མུར་ཕྲི་༼པྲིང་༽རྒྱུད་གཏི་སུམ་ནི། །བྱོལ་སོང་ཡི་དྭགས་དམྱལ་བ་གསུམ། ༼ཤེ་མི་ང་ཏེ་ཙེ་ཤེ་བེར་ནི། བར་མ་དོ་ལས་ཀུན་ཀྱང་འབྱུང་།༽།མུ་ཚུག་༼ཙུག་༽བིང་ང་ཟ་སླིག་ཇི། །སྐྱེ་བ་བཞི་ལས་ཡོངས་སུ་སྤྲུལ། །དེ་ཅུ་བིང་ང་རྒྱུ་༼ལྒུ་༽ཤེར་ཁྲོ། །རྒྱུད་ལྔའི་ལམ་ནི་སོ་སོར་འགྲོ། །དེ་མིན་དེ་ཞུམ་སྒྱུ་༼ཞམ་རྒྱུ་༽མིན་ལིག །བྱེད་པ་མེད་དེ་རང་བཞིན་སྲིད། །ཉ་ཞི་ལོ་སྔ་མི་སྡུམ་༼སུམ་༽ཅི། །གནའ་སྟེ་མ་ལ་དང་མོ་ལ། །བྱེད་པས་བྱས་པའི་སྲིད་པ་ནི། །སླིག་ཙོ་སད་ལ་ཛུ་༼ཇུ་༽སླིག་ཅི། །མངོན་རྫོགས་ལྷ་ཡི་རྫུ་འཕྲུལ་ལས། །ཨག་ཤོ་ལི་པུང་དུ་པུང་ཅི། །ཞལ་ངད་རླུང་དང་སྤྲིན་ཏིང་ཡོལ། །ནེ་ཞི་དུ་པུད་སླིག་ཙོ་ཅི། །དྲོད་ལས་མེ་ཡི་འཁོར་ལོ་སྤྲུལ། །ཚ་ཇིལ་ཏིང་ཞི་དུ་བུད་ཁྲུང་། །ཚ་གྲང་ཆུ་ཡི་འཁོར་ལོ་བརྩེགས། །ཧ་གིང་སྨར་ལ་སྐྱེས་སླས་ཞི། །ཐེག་ཆེན་གསེར་གྱི་ས་གཞི་བདེ། །མུ་རི་ཕྱོ་སང་ཧེ་པག་ཅི། །ནམ་མཁའ་གསལ་བས་གོ་ཕྱེའོ། །དྲུང་མུ་མི་སྡུམ་ཧ་པུང་ནི། །རིན་ཆེན་དྲང་མ་སྤུངས་པ་ལས། །ཨག་ཤོ་མུ་ཙུག་སྐྱེ་རྩ་མོང་། །དཔག་བསམ་ཤིང་དུ་བསྐྱེད་པར་བྱས། །ཨ་འདྲན་རྦང་མར་དི་ཁྲི་བིང་། །གསེར་གྱི་རི་རབ་བང་རིམ་བཞི། །སྤྲེལ་ལིང་གུ་ལིང་རྦ་རྣིས་༼རྦང་སྣིས་༽གི། །གླིང་བཞི་གླིང་ཕྲན་རི་བདུན་འཁོར། །མུ་ཙུག་ལི་ལོ་སེ་སྟོང་དམར། །བཀྲ་ཤིས་ལོངས་སྤྱོད་ཁང་བཟང་མཐོ། །གུ་མིག་སྣི་ལིག་གུ་དུན་ནི། །སྣོད་ནི་མས་སྲིད་འཇིག་རྟེན་གཏོས། །རྒྱུ་བིང་རྐ་རིལ་ནེ་སུམ་ལིག །རྒྱུ་ལྔའི་བཅུད་ལས་སྒོང་གཉིས་སྲིད། །ཤི་ནོམ་ཁྲིར་ཀར་ཏི་ཟེ་༼ཤི་ཟི་༽ཁྲུན། །དཀར་ནི་འོད་དང་ཟེར་ལས་བརྡོལ། །སང་རྒྱུང་ལིག་རྐྱེལ་བེར་ཞི་དམར། །ཡོད་ཁམས་སྲིད་པའི་རྒྱལ་པོར་གསལ། །ཁ་ནིག་གུ་མུན་རྨ་ཅི་ཁྲུན། །ནག་ནི་མུན་དང་འཐིབས་ལས་བརྡོལ། །གུ་མུན་མྱིང་ནིང་གྱག་ཏི་ཝིར། །མེད་ཁམས་སྲིད་པའི་རྒྱལ་པོར་གསལ། །མིང་ནིང་ག་ཤ་ལིག་ནི་སོམ། །མེད་པར་དགའ་བ་ཡོད་མི་སྦྱོར། །སངས་རྒྱུང་ལིག་རྐྱེལ་དེ་ཆུ་སྣིས། །སངས་༼ཚངས་༽པོ་ཡབ་ནི་སྲིད་ལ་སྦྱོར། །ཏིང་ནམ་དང་ར་མུ་ལེ་ལིག །ཀློང་ནས་གཡུ་མཚོ་སྔོན་མོར་སྲིད། །དང་ར་ཧིང་༼དྷིང་༽ནིང་ཏི་ནེ་ལིག །མཚོ་དབུས་དབྱལ་མོ་གཅིག་སྲིད་པས། །ཏིང་ཟང་ཝེར་ཞི་ལིག་མིང་རྡུམ། །ཆུ་ལྕམ་རྒྱལ་མོ་སྲིད་པའི་ཡུམ། །སྔ་༼སངས་༽རྒྱུང་ཏིང་ཟང་ནེ་སུམ་ལིག །སངས་པོ་ཆུ་ལྕམ་གཉིས་སྲིད་པས། །ཧྲི་ཙ་ཙ་མེད་ཅུ་སྣིས་གྱད། །མིང་དགུ་སྲིང་དགུ་བཅོ་བརྒྱད་འཁྲུངས། །དེ་མིན་དུན་གུ་དེ་ཅུ་སྣིས། །སྤྲུལ་པ་དགུ་གཉིས་བཅོ་བརྒྱད་འགྱེད། །ཏི་ནི་ཧྲི་ཙ་ལིག་རྐྱ་ཤིམ། །གཅེན་ནི་སྲིད་རྗེ་འབྲང་དཀར་ཡིན། །ནེ་སུམ་ཧྲི་ཙ་རྐྱིལ་རྐྱ་ཤེམས། །གཅུང་པོ་སྐོས་རྗེ་དྲང་དཀར་ཡིན། །སུམ་པའི་ཧྲི་ཙ་སྐྱེ་ཤ་ཤིམ། །དེ་འོག་ཕྱྭ་རྗེ་རིང་དཀར་ཡིན། །བིང་ང་ཧྲི་ཙ་སད་ཏིང་རྐྱ། །དེ་འོག་ལྷ་རབས་གཉན་རུམ་རྗེ། །ང་དྲུག་ཧྲི་ཙ་གདུག་མིན་རྒྱང་༼རྐྱ་༽། །དེ་འོག་ཐུམ་ཐུམ་བརྣལ་མེད་རྗེ། །རྡུང་མེན་༼དྲུག་སྣི༽ཧྲི་ཙ་ཁྲུན་ཞི་རྐྱ། །དེ་འོག་སྐྱིན་འདངས་ངར་གྱི་རྗེ། །སྣི་སེ་ཧྲི་ཙ་རྒྱུ་༼ལྐུམ་༽ཤེལ་རྐྱ། །དེ་འོག་ཡེ་མཁྱེན་འཕྲུལ་གྱི་རྒྱལ། །གྱད་ཙེ་ཧྲི་ཙ་སླད་སད་རྐྱ། །དེ་འོག་ས་བླ་དོག་རུམ་རྗེ། །གུ་དུན་ཧྲི་ཙ་གུ་ར་རྐྱ། །ཐང་ཆུང་ལྗོན་ཕྱུག་འཁོར་བའི་རྗེ། །ཙ་མེད་གུ་དུན་ཏི་ཙེ་ཅི། །ལྕམ་མོ་དགུ་ཡི་གཅེན་མོ་ནི། །དམུ་༼མུ་༽ལ་ཤུང་ཤུང་དྷྲིང་ནིང་ཝེར། །གནམ་ཕྱི་གུང་རྒྱལ་ཡིན་པར་སྟོན། །དེ་དག་དེ་ཡི་གཅུང་མོ་ནི། །དམུ་༼མུ༽ལ་ཡ་མ་ཤི་ཏི་ཝེར། །གནམ་སྨན་དཀར་མོ་ཡིན་པར་སྟོན། །དེ་དག་དེ་ཡི་གཅུང་མོ་ནི། །ཡིད་དམུ་མང་ཐིང་བ་ནི་སྨར།༼ཡེ་མུ་མ་ཐིང་༼མང་ཏིང་༽བ་ནིར་སྨན།༽ །ཡ་ཤ་ཕྱུག་མོ་ཡིན་པར་སྟོན། །དེ་དག་དེ་ཡི་གཅུང་མོ་ནི། །ཨག་ཤོ་ད་དོད་མིང་ནིང་སྡུམ། །སྨྲ་ཏེ་མ་མཁན་མ་མོ་ཡིན། །དེ་དག་དེ་ཡི་གཅུང་མོ་ནི། །ཏི་ཤོ་ཁྲུན་སྟེགས་༼རེག་༽མི་སྡུམ་ཇི། །མཆིང་ནི་ཟ་མཁན་མ་མོ་ཡིན། །དེ་དག་དེ་ཡི་གཅུང་མོ་ནི། །དེ་ཅུ་༼ནེ་ཅུས་༽ཤེ་ཏིང་ཅུད་ཤེལ་སྨར། །ཤེད་ཟ་ན་མ་ཡིན་པར་སྟོན། །དེ་དག་དེ་ཡི་གཅུང་མོ་ནི། །དི་རྐྱ་མར་པང་སྐྱོད་༼མར་རྐྱང་བཀོད་༽ཀྱི་ཡམ༼ཡབ༽། །དབལ་སོ་རྣོན་མོ་སྲིད་པའི་ལྕམ། །དེ་དག་དེ་ཡི་གཅུང་མོ་ནི། །ཤེ་ཚུ་རིང་ནམ་༼རང་ནི་༽ཝེར་ཞི་ཅི། །ཕྱྭ་ཚེའི་རྒྱལ་མོ་ཆེན་མོ་ཡིན། །དེ་དག་དེ་ཡི་གཅུང་མོ་ནི། །དགྱེལ་༼ཀྱེལ༽སད་གྱེར་ལྒྱུམ་ཤི་ཏིང་སྡུམ། །སྲིད་པའི་ལྷ་མོ་དཀར་མོ་ཡིན། །པ་ཅིས་ཧྲིང་ནིང་༼ས་ཅིས་ཧིང་ནི་༽ཅུ་སྣིས་གྱད། །སྲིད་པ་ལྕམ་དྲལ་བཅོ་བརྒྱད་དོ། །ལིག་རྐྱ་དུར་ཤིམ་ད་དོད་ཅི། །སྲིད་རྗེ་དྲང་དཀར་སྤྲུལ་པ་ནི། །ཀིར་ཀར་༼ཁར་༽སད་མུ་འགི་གར་ཇུ། །འོད་ཀྱི་ལྷ་མོ་གང་གྲགས་བཤོས། །ཅི་ཧྲིང་དུན་གུ་དེ་ཅུ་གྱད། །དེ་ལས་ལྕམ་དྲལ་བཅོ་བརྒྱད་སྲིད། །རྐྱིལ་རྐྱ་༼རྐྱལ་རྒྱ་༽དུར་ཤིང་ད་དོད་ཅི། །སྐོས་རྗེ་དྲང་དཀར་སྤྲུལ་པ་ནི། །རྐྱིལ་ཞི་ཉི་རི་འགི་གར་ཇུ། །སྐོས་ཀྱི་ཉི་མ་གཞའ་ཙམ་བཤེས༼ཚོན་བཤོས་༽། །ལིག་མུ་པ་ཅི་ཧྲི་ནིང་ཅུ། །སྲིད་པ་ལྕམ་དྲལ་བཅུ་རུ་༼དྲུག་༽བྱུང་། །ཤེ་རྒྱ་༼རྐྱ་༽དུར་ཤིམ་ད་དོད་ཅི། །ཕྱྭ་རྗེ་རིང་དཀར་སྤྲུལ་པ་ནི། །ཅི་པུར་ལྒྱུམ་ཝེར་འགི་གར་ཇུ། །སྐྱེ་འཛིན་འཕྲུལ་གྱི་རྒྱལ་མོར་བཤོས། །ཤེ་ཛུ་༼ཙུ་༽པ་ཅིང་༼ཅི་༽ཧྲིང་༼དྷིང་༽མི་གྱད། །ཕྱྭ་ལས་ལྕམ་དྲལ་བརྒྱད་དུ་བལྟམས། །སད་ཏི་རྐྱ་དུར་ད་དོད་ཅི། །ལྷ་རབས་གཉན་རུམ་སྤྲུལ་པ་ནི། །དམུ་ཤི་མིག་ཏིང་འགི་གར་ཇུ། །ནམ་མཁའི་དཀར་མོ་སྤྱན་གཅིག་བཤོས། །པ་ཅིས་༼ཅི་༽ཧྲིང་ནིང་ཅུ་ཙེ་ནིས། །སྲིད་པ་ལྕམ་དྲལ་བཅུ་གཉིས་འཁྲུངས། །གདུབ་མིན་རྐྱ་དུར་ད་དོད་ཅི། །ཐུམ་ཐུམ་བརྣལ་མེད་སྤྲུལ་པ་ནི། །དམུ་ཙུག་པུང་སྐྱུ་༼སྤུང་རྒྱུང་༽འགི་གར་ཇུ། །གནམ་གྱི་ཁྲི་མ་ཚོན་གང་བཤོས། །ཧྲི་ཙ་ཙ་མེད་སྣིས་ཙེ་གྱད། །ལྕམ་དྲལ་བརྒྱད་ནི་དེ་བཞིན་བལྟམས། །ཁྲུན་ཞི་སྐྱ་དུར་ད་དོད་ཅི། །སྐྱིན་འདང་ངར་ཆེན་སྤྲུལ་པ་ནི། །ནེ་རི་ཁྱུ་ར་༼ཁུ་གར་༽འགི་གར་ཇུ། །སྨན་དང་ཞོགས་ཀྱི་༼རྨ་འདང་ཞོག་གི་༽རྒྱལ་མོར་བཤོས། །པ་ཅིས་ཧྲིང་ནི་བིང་ང་གྱད། །ལྕམ་དྲལ་བཞི་བཞི་བརྒྱད་དུ་བལྟམས། །ལྒྱུ་ཤེལ་སྐྱ་དུར་ད་དོད་ཅི། །འཕྲུལ་གྱི་རྒྱལ་པོའི་སྤྲུལ་པ་ནི། །སླས་ཝེར་སྐྱེ་ཞི་འགི་གར་ཇུ། །ས་བླ་༼རྒྱལ་༽དོག་གི་བདལ་མར་༼རྒྱལ་མོར་༽བཤོས། །པ་ཅིས་ཧྲིང་ནིང་ང་དྲུག་ཅུ། །ལྕམ་དྲལ་ལྔ་ལྔ་བཅུ་རུ་བལྟམས། །སླས་སད་རྐྱ་དུར་ད་དོད་ཅིང་། །ས་བླ་དོག་རུམ་སྤྲུལ་པ་ནི། །ད་དོད་༼ཡིད་དང་༽སླ་ཏུར་འགི་གར་ཇུ། །སྤྲུལ་པ་གཏེར་འཛིན་རྒྱལ་མོར་བཤོས། །ཧྲི་ཙ་ཙ་མེད་ཅུ་ཙེ་ཏི། །ལྕམ་དྲལ་བཅུ་གཅིག་བལྟམས་པ་ཡིན། །ལིག་མིན་སྐྱ་དུར་ད་དོད་ཅི། །སྲིད་དེ་༼རྗེ་༽ལྗོན་ཕྱུག་སྤྲུལ་པ་ནི། །གུ་ར་དམུ་དུག་འགི་གར་ཇུ། །འཁོར་བ་དུག་གི་རྒྱལ་མོར་བཤོས། །ཧྲི་ཙ་ཙ་མེད་ཆུ་བི་ང་། །སྲིད་པ་ལྕམ་དྲལ་བཅོ་ལྔ་བལྟམས། །དམུ་༼མུ་༽ལ་ཤུང་ཤུང་ད་དོད་ཅི། །གནམ་ཕྱི་གུང་རྒྱལ་སྤྲུལ་པ་ནི། །དམུ་སད་ཧྲོ་གུན་འགི་གར་ཇུ། །གནམ་གྱི་ལྷ་རྒོད་ཐོག་པར་བཤོས། །དུན་གུ་ནེ་སུམ་ནི་ཅུ་སྣིས། །དགུ་གསུམ་ཉི་ཤུ་རྩ་བདུན་བྱུང་། །དམུ་ལ་པ་མ་ད་དོད་ཅི། །གནམ་སྨན་དཀར་མོའི་སྤྲུལ་པ་ནི། །ཐོ་སད་ཁིར་ཀར་འགི་གར་ཇུ། །ཡིད་ཀྱི་ལྷ་སྲས་འོད་དང་བཤོས། །ཁི་ཁར་སར་ལ་ཅིས་སྨི་བི། །འོད་ཀྱི་ལྷ་སྲས་ལྕམ་དྲལ་བཞི། །ཡི་མུ་མང་ཐུན་ད་དོད་ཅི། །ཡག་ཤ་ཕྱུག་མོའི་སྤྲུལ་པ་ནི། །སྨར་ཞི་དུ་ཏོག་འགི་གར་ཇུ། །བཟང་ཏེ་ཡོགས་ཀྱི་བདག་མོར་བཤོས། །པ་ཅིས་ཧྲིང་ནིང་གུ་དུན་ནི། །ཡོག་བདག་ལྕམ་དྲལ་དགུ་རུ་བལྟམས། །ཨག་ཤོ་མིང་ནིང་ད་དོད་ཅི། །མི་མཁན་མ་མོའི་སྤྲུལ་པ་ནི། །ལི་པུད་ཨུང་པུད་༼ལི་གུང་ཨུང་བུད་༽འགི་གར་ཇུ། །རྗི་༼རྫི་༽བ་དུང་ཕར་༼ཕྱུར་༽འོད་དང་བཤོས། །ཧྲི་ཙ་ཙ་མེད་བིང་ང་གྱད། །མ་རིག་༼མི་རིགས་༽ལྕམ་དྲལ་བརྒྱད་དུ་བལྟམས། །ཏི་ཤོ་ཁྲུན་སྟེགས་༼ནི་༽ད་དོད་ཅི། །ཟ་མཁན་མ་མོའི་སྤྲུལ་པ་ནི། །ཏིང་མུར་ཝེར་ཞི་འགི་གར་ཇུ། །ཆུ་བདག་ཀླུ་ཡི་རྒྱལ་མོར་བཤོས། །བདུད་དང་མུར་ཟངས་སྣི་གྱད་ནི། །ཆུ་གནས་མིང་སྲིང་བཅུ་དྲུག་བལྟམས། །དེ་ཅུ་ཤེ་ཏིང་ད་དོད་ཅི། །ཤེད་ཟ་ན་མའི་སྤྲུལ་པ་ནི། །དེ་ཅུ་ཤེ་སད་འགི་གར་ཇུ། །ཤེད་ལས་སྐྱེས་ཀྱི་ལྷ་དང་བཤོས། །དྷི་༼ཧྲི་༽ཙ་པ་ཙིས་ཅུ་ནེ་སུམ། །བྱེད་པའི་སྐྱེས་བུ་བཅུ་གཉིས་སྲིད། །མར་པང་སྐོས་ཀྱི་དད་དོད་ཅི། །དབལ་སོ་རྣོན་མོའི་སྤྲུལ་པ་ནི། །མར་པང་༼སང་༽ནི་ཞུ་འགི་གར་ཇུ། །དབལ་གྱི་མི་ཐུང་ཚོན་གང་བཤོས། །ཧྲི་ཙ་ཙ་མེད་ཅུ་སྣིས་གྱད། །དབལ་གྱིི་ལྕམ་དྲལ་བཅུ་དྲུག་སྲིད། །ཤེ་ཅུ་རིང་ནམ་ད་དོད་ཅི། །ཕྱྭ་ཚེ་རྒྱལ་མོའི་སྤྲུལ་པ་ནི། །མུ་ཙུག་ཙི་ཙར་འགི་གར་ཇུ། །དམུ་བདག་ཆུ་ཡི་༼ཆུད་ཀྱི་༽རྒྱལ་པོར་༼མོར་༽བཤོས། །པ་ཅིས་དྷིས་༼ཧྲིང་༽ནིང་ཅུ་སྣིས་གྱད། །ལྕམ་དྲལ་བཅོ་བརྒྱད་བལྟམས་པ་ཡིན། །དཀྱེལ་སད་གྱེར་ལྒྱུ་ད་དོད་ཅི། །སྲིད་ཀྱི་ལྷ་མོའི་སྤྲུལ་པ་ནི། །གྱག་ཏི་པུ་ཤི་འགི་གར་ཇུ། །གཤིན་བློན་མགོ་སྐྱ་རྗེ་དང་བཤོས། །པ་ཅིང་དྷིང་༼ཧྲིང་༽ནིང་གྱག་ཏི་ནིས། །གཤིན་བུ་བྲང་ང་མིང་སྲིང་གཉིས། །གུ་མུན་ཕ་མིང་གྱག་ཏི་ཝེར། །མེད་ཁམས་སྟོང་པའི་རྒྱལ་པོ་དང། །གུ་མུན་ཁ་ཐམ་འགི་གར་ཇུ། །མུན་ནག་འཐིབ་ཀྱི་བཙུན་མོར་བཤོས། །ཧྲི་ཙ་ཙ་མེད་ཅུ་སྣིས་༼སྣིས་ཅུ་༽གྱད། །ལྷ་སྲིན་མིང་སྲིང་བཅུ་དྲུག་བྱུང་། །ཏི་ནི་ཧྲི་ཙ་གྱག་ཏི་རྐྱ། །གཅེན་ནི་ཤི་རབས་རླག་རུམ་རྗེ། །ནེས་སུམ་ཧྲི་ཙ་གེ་རྐྱེ་༼རྒྱ་༽རྐྱ། །དེ་འོག་བདུད་རབས་མཚན་༼བཙན་༽རུམ་རྗེ། །སུམ་པའི་་ཧྲི་ཙ་ཏྲང་ཝེར་རྐྱ། །དེ་འོག་གདོན་རབས་བགེགས་རུམ་རྗེ། །བི་ང་དྷྲི་༼ཧྲི་༽ཙ་མུར་ཏི་རྐྱ། །དེ་འོག་ཀླུ་རབས་གཉན་རུམ་རྗེ། །ང་དྲུག་ཧྲི་ཙ་མུ་སད་རྐྱ། །དེ་འོག་གནོད་སྦྱིན་དྲག་རུམ་རྗེ། །དྲུག་༼དུག་༽མུན་ཧྲི་ཙ་རུ་ཏྲ་རྐྱ། །དེ་འོག་ཟ་བྱེད་སྲི་རུམ་རྗེ། །སྣིས་སེ་ཧྲི་ཙ་དམུ་ཞག་རྐྱ། །དེ་འོག་མཁའ་ལྡིང་དྲི་ཟའི་རྗེ། །སྣིས་གྱད་ཧྲི་ཙ་རེ་ཧྲབ་༼འདབ་༽རྐྱ། །དེ་འོག་ལྟོ་ཕྱེ་སྲི་༼གྲི་༽རུམ་རྗེ། །ཙ་མེད་སྣི་གྱད་ཏི་ཙེ་ཅི། །སྲིང་མོ་བརྒྱད་ཀྱི་གཅེན་མོ་ནི། །སླ་ཞི་ཁ་མུན་༼ཁང་མུ་༽རླང་གུ་ཅི། །ས་ཡི་ནག་མོ་མིག་དགུ་མ། །དེ་དག་དེ་ཡི་འོག་མ་ནི། །ཐིས་སོ་སྟེགས་ཀྱི་༼སྟག་གི་༽རེ་འགུར་ཅི། །མ་བླ་ཆུད་མོ་རེ་འབྱམས་ཡིན། །དེ་དག་དེ་ཡི་འོག་མ་ནི། །མ་༼མང་༽ཝེར་ཤི་མང་ཟུ་རྩེ་ཅི། །མོ་གདོན་དམར་མོ་ཟོང་ཟང་༼ཟིང་ཟིང་༽༼ཟེ་ཟེ་༽ཡིན། །དེ་དག་དེ་ཡི་འོག་མ་ནི། །མུར་ཟངས་ཧྲིང་ནིང་མ་མིག་ནི། །ཀླུ་ལྕམ་ཁོད་དེ་རིང་མོ་ཡིན། །དེ་དག་དེ་ཡི་འོག་མ་ནི། །སྐྱེ་སླས་དྲུང་མུ་གུ་དུན་༼པུ་ཞི་༽ཅི། །ས་གཞི་རིན་ཆེན་གཙུག་འབེབས་མ། །དེ་དག་དེ་ཡི་འོག་མ་དེ། །སྐྱེ་སླད་ཏྲ་པུ་གུ་དུན་ཅི། །ས་སྲིན་ནག་མོ་མགོ་དགུ་མ། །དེ་དག་དེ་ཡི་འོག་མ་ནི། །གིང་འགྲོ་༼གོས་༽གྱི་མིག་ལི་མུད་༼གྱི་ལིག་ལི་ཕུད་༽ཅི། །འཇིགས་བྱེད་མགྱོགས་མ་རླུང་མགོ་ཅན། །དེ་དག་དེ་ཡི་འོག་མ་ནི། །རེ་ཧྲབ་ཇི་མུ་འགི་ཏང་ནི། །སྲི་ཟ་མོང་བུ་ཆུང་ཞེས་བྱའོ། །པ་ཅིས་ཧྲིང་༼ཧ་༽ནིང་སྣིས་གྱད་༼ཅུ་ང་དྲུག་༽ནི། །གནོད་བྱེད་མིང་སྲིང་བཅུ་དྲུག་བྱུང་། །ད་མིན་སྣིས་གྱད་ཛུ་ཙེ་སྣིས། །སྤྲུལ་པ་བརྒྱད་གཉིས་བཅུ་དྲུག་འགྱེད། །གྱག་ཏི་རྒྱ་དུར་ད་དོད་ཅི། །ཤི་རབས་བརླག་རུམ་སྤྲུལ་པ་ནི། །ཟུ་ཚེ་ད་དོད་འགི་གར་ཇུ། །རྫུ་འཕྲུལ་ཐང་ཐང་བླ་མར་བཤོས། །རླ་གེ་གྲ་མིག་ཅུ་ང་དྲུག །གཤིན་རྗེ་མིང་སྲིང་བཅུ་དྲུག་བྱུང་། །གེ་རྐྱེ་རྒྱ་༼རྒྱ་རྐྱ་༽དུར་ད་དོད་ཅི། །བདུད་རབས་བཙོན་རུམ་སྤྲུལ་པ་ནི། །རྦང་ཤེར་ད་དོད་འགི་གར་ཇུ། །རི་དྭགས་༼བདག་༽སྤྲུལ་པའི་བཙུན་མོར་བཤོས། །ཧྲི་ཙ་ཙ་མེད་ང་དྲུག་ཅི་༼ནི༽། །དམུ་བདུད་མིང་སྲིང་དྲུག་ཏུ་བྱུང་། །དྲ་ཝེར་རྒྱ་༼ཏྲ་ཝེར་རྐྱ་༽དུར་ད་དོད་ཅི། །གདོན་རབས་བགེགས་རུམ་སྤྲུལ་པ་ནི། །ཏིང་ཟང་དམུར་ཏི་མི་སུམ་༼མུར་ཏིང་མི་རུམ་༽ཅི། །སྔོ་སྟེ་ངད་ཀྱི་བཙུན་མོར་བཤོས། །པ་ཅིས་ཧྲིང་ནིང་༼པ་ཅི་ཧྲི་ནི་༽ནེ་ཅུ་སྣིས། །གདོན་བགེགས་མིང་སྲིང་ཉི་ཤུ་བདུན། །མུར་ཏི་རྐྱ་དུར་ད་དོད་ཅི། །ཀླུ་རབས་གཉན་རུམ་སྤྲུལ་པ་ནི། །ཏིང་ཤོ་ཁ་ནམ་འགི་གར་ཇུ། །ཆབ་༼ཆུ་༽བདག་ནག་མོ་ཀློང་དགུར་བཤོས། །པ་ཅིས་སྣིང་ནི་༼སྣི་ནིང་༽ང་དྲུག་ནི། །ལྕམ་དྲལ་བཅུ་དྲུག་བལྟམས་པ་ཡིན། །མུར་སད་རྐྱ་དུར་ད་དོད་ཅི། །གནོད་སྦྱིན་བྲག་རུམ་སྤྲུལ་པ་ནི། །མུ་ཙོ་ཁི་མུ་༼ལི་༽འགི་གར་ཇུ། །བཙུན་མོ་ཀུན་མ་དེ་མར་༼དང་༽བཤོས། །པ་ཅིས་ཧྲིང་ནིང་ཅུ་ང་དྲུག །གནོད་སྦྱིན་མིང་སྲིང་བཅུ་དྲུག་བལྟམས། །མུ་༼རུ་༽ཏྲ་རྐྱ་དུར་ད་དོད་ཅི། །ཟ་བྱེད་སྲིན་རུམ་སྤྲུལ་པ་ནི། །ཏིང་ཤོ་ལི་ཕུད་འགི་གར་ཇུ། །ཆུ་ཟ་རླུང་གྱོན་མ་དང་བཤོས། །པ་ཅིས་ཧྲིང་༼ཧི་༽ནིང་ང་ར་ཅི། །སྲིན་བུ་ལྔ་བརྒྱ་འབྱུང་བ་ཡིན། །དམུ་ཞག་རྐྱ་དུར་ད་དོད་ཅི། །མཁའ་ལྡིང་དྲི་ཟའི་སྤྲུལ་པ་ནི། །སྐྱེ་སླས་དུ་ཡག་འགི་གར་ཇུ། །ས་ནི་ངད་ཀྱི་བཙུན་མོར་བཤོས། །པ་ཅི་ཧྲིང་ནི་ང་དྲུག་ཅི། །དྲི་ཟ་ཕོ་མོ་དྲུག་ཏུ་བྱུང། །རེ་ཧྲབ་རྐྱ་དུར་ད་དོད་ཅི། །ལྟོ་འཕྱེ་སྲི་རུམ་སྤྲུལ་པ་ནི། །སླ་ཐང་རེ་༼དེ་༽ཧྲབ་འགི་གར་ཇུ། །ས་ཡི་ནམ་བུ་ཐུང་དང་བཤོས། །པ་ཤིས་ཧྲིང་ནིང་༼པ་ཅི་ཧི་ནིང་༽ཅུ་ནེ་སུམ། །བུ་དགུ་ལྕམ་བཞི་བཅུ་གསུམ་བྱུང་། སླས་ཁ་གུ་དུན་འགི་༼ད་༽དོད་ཅི། །ནག་མོ་མིག་དགུའི་སྤྲུལ་པ་ནི། །ཏིང་ཏིང་གྲ་གེ་འགི་གར་ཇུ། །ལྟས་ངན་རྒྱལ་པོ་གྲ་བཟང་བཤོས། །པ་ཅིས་ཧྲིང་༼ཧྲང་༽ནི་གུ་དུན་ཅི། །ལྟས་ངན་མིང་སྲིང་དགུ་རུ་བྱུང། །ཐིས་སོ་སྟེགས་སྐྱི་༼སྟག་ཀྱི་༽ད་དོད་ཅི། །ཆུད་ཀྱི་རྒྱལ་མོའི་སྤྲུལ་པ་ནི། །སླས་སད་དཔུ་༼ཨུ་༽ཞི་འགི་གར་ཇུ། །ས་བླ་མགོན་བུར་བཤོས་པ་ཡིན། །ཧྲི་ཙ་ཙ་མེད་ང་དྲུག་ཅི། །ལྷ་བདུད་མིང་སྲིང་ལྔ་རུ་བྱུང་། །མང་ཝེར་ཤེལ་གྱི་ད་དོད་ཅི། །མོ་གདོན་རྒྱལ་མོའི་སྤྲུལ་པ་ནི། །སྒྱུ་མ་༼ལྒྱུ་ལ་༽དྲ་མྱང་འགི་གར་ཇུ། །རྫུས་པའི་བྲག་སྲིན་དམར་༼མ་༽དང་བཤོས། །པ་ཅི་ཧྲིང་ནི་གུ་དུན་ཅི། །ཡུལ་གདོན་མིང་སྲིང་དགུ་རུ་བྱུང་། །མུར་ཟངས་ཧྲིང་ནི་ད་དོད་ཅི། །ཁོད་དེ་རིང་མོའི་སྤྲུལ་པ་ནི། །གེ་རམ་གྱང་གེ་འགི་གར་ཇུ། མང་གེ་བདུད་དང་བཤོས་པ་ལ། །པ་ཅིས་ཧྲིང་ནིང་ང་དྲུག་ཅི། །ཀླུ་བདུད་མིང་སྲིང་ལྔ་རུ་བྱུང་། །སྐྱེ་སླས་དྲུང་མུ་ད་དོད་ཅི། །ས་གཞི་གཙུག་འབེབས་སྤྲུལ་པ་ནི། །ས་བདག་བདུད་རྩི་གཉན་དང་བཤོས། །པ་ཅི་ཧྲིང་ནི་གུ་དུན་ནི། །ས་བདག་མིང་སྲིང་དགུ་རུ་བྱུང་། །སྐྱེ་སླས་ཁ་མུང་ད་དོད་ཅི། །ས་སྲིན་ནག་མོའི་སྤྲུལ་པ་ནི། གནམ་གྱི་མཐོན་ཁ་རྒྱལ་པོར་༼དང་༽བཤོས། །པ་ཅི་ཧྲིང་ནི་ང་དྲུག་ཅི། །ལྕམ་དྲལ་ལྔ་རུ་བལྟམས་པ་ཡིན། །གིང་འགྲོ་གྱི་མིག་ད་དོད་ཅི། །འཇིགས་བྱེད་རླུང་མགོའི་སྤྲུལ་པ་ནི། །ཝེར་སླས་ཁ་ཤོ་འགི་གར་ཇུ། །རྒྱལ་བྱིན་ས་ལ་ནག་པོར་བཤོས། །པ་ཅིས་༼ཅི་༽ཀུ་ཏྲ་གུ་དུན་ཅི། །ཐེའུ་རང་སྤུན་དགུ་བྱུང་པ་ཡིན། །ར་༼རེ་༽ཧྲབ་ཇི་མུ་ད་དོད་ཅི། །སྲི་ཟ་མང་གི་སྤྲུལ་པ་ནི། །སྒྱུ་མི༼མིང་༽་སྒྱུད་ཀྱི་འགི་གར་ཇུ། །སྒྱུ་མ་སྟོང་ཤོང་གུ་གུལ་བཤོས། །པ་ཅི་ཧྲིང་ནི་ང་དྲུག་ཅི། །བྱུར་དང་མི་ཁ་མིང་སྲིང་ལྔའོ། །དེ་ཅུ་ཏུ་ཏོག་རྐྱེལ་ལེག་ཅི། །རྒྱུ་མཐུན་འབྱུང་པའི་སྲིད་པ་ནི། །དེ་ཅུ་པང་ཞི་ང་དྲུག་ཅི། །རྒྱུ་བཞི་རྐྱེན་དང་ལྔ་ལས་བྱུང་། །ཏི་ནི་མུ་མེད་ལིག་མི་སོམ། །གཅིག་མ་ཚང་པས་འབྱུང་བ་མེད། །རི་ཏིག་ཟད་ཏ་ཏིང་ཞི་ནོ། །ཞིང་དང་ས་བོན་ཆུ་གསུམ་ལྟར། །བ་སྡུམ་མི་སྡུམ་ལིག་ནེ་སུམ། །ཕ་དང་མ་དང་སྲིད་པའོ། །ད་དྲོད་དེ་ཅུ་དམུ་སེ་རྐྱེལ། །དེ་བཞིན་རྒྱུ་མཐུན་སོར་སོར་སྐྱེ། །ཏི་ནི་ཡི་ཚིང་༼མི་ཆིང་༽འགུ་མ་གྱི། །གཅིག་མ་ཚང་བས་ཀུན་མི་སྐྱེ། །དེ་ཅུ་དེ་ཏིག་ནམ་ལུ་ཅི། །རྒྱུ་དང་འབྲས་བུ་གནས་སྐབས་གསུམ། །སུམ་པའི་གཅོད་པ་ཏེ་ནེ་རྐྱེལ། །གསུམ་དུ་འཛོམས་པས་གཅིག་ཏུ་སྐྱེ། །ཁྲི་སེག་རྐོ་བུག་ནེ་སུམ་ཅི། །སྲོག་དང་ལུས་དང་དབང་ཐང་གསུམ། །ད་དྲོད་ཏི་ནི་ཏི་རྒྱུད་༼རྒྱུང་༽ཅི། །དེ་བཞིན་གཅིག་གིས་གཅིག་བསྐྱེད་དོ། །སླས་ཟག་དེ་ཏོག་མི་ནོང་ཅི། །ས་བོན་འབྲས་བུ་མི་སྣང་ལྟར། །མུ་ཏིང་ཤང་ཟེ་གྱག་སླེ་ཅི། །མ་རིག་རྒ་ཤི་རྟེན་འབྲེལ་འབྱུང་། །ནམ་ལུ་མུ་ཟེ་སླ་ནན་ཅི། །གནས་དང་གོང་དང་གནས་འོག་ན། །ད་དྲོད་དུ་ཏོག་གུ་ཡེ་ལིག །དེ་བཞིན་མཐུན་པར་ཀུན་ནས་སྲིད། །སྲིད་པའི་མཛོད་ཕུགས་ཀྱི་སྲིད་པ་བསྟན་པའི་གནས་དང་པོའོ།། །།མེད་རྐང་ཁྲུན་ཞི་དི་རོ་ཅི། །མེད་ཅིང་བརླག་པ་བསྐལ་པའི་སྒྲ། །ཏ་སོན་མི་སོན་གུ་ཏུན་ནི། །སོ་སོར་ཕྱེ་སྟེ་དགུ་རུ་བསྟན། །ཧྲོ་ཡེ་ཁྲུན་ཞི་ད་དྲོད་ལང་། །འཇིགས་བྱེད་བསྐལ་པ་དུས་ཀྱིས་འབྱུང་། །དམུ་མར་དུན་གུ་ཉི་རི་ཤེ། །གནམ་ལ་གསེར་གྱི་ཉི་བདུན་ཤར། །མ་༼མུ་༽ལི་ཏིང་ལི་གུ་དུན་ཧྲུམ༼ཧཱུང་༽༼ཇུ༽། །རླུང་དམར་རླུང་སྔོན་དགུ་ཡིས་གཏོར། །ཚང་སླ་དུན་གུ་ཏིང་རླུང་ནོ། །ཟླ་བ་དགུ་ཤར་ཆུ་ཀླུང་འཁྱིལ། །སྔ་ཆར་གྱང་ནི་ཛ་ཙུག་༼ཛན་རྦུགས་༽ཅི། །སྡུག་བསྔལ་ནད་ནི་རིམས་སུ་རླུག །རིག་ཏིག་ཟད་ནི་མི་སྨར་ཏི། །མུ་གེའི་བསྐལ་པ་དེ་བཞིན་འབྱུང་། །དམུ་གྲ་ཤ་བལ་༼བྷར་༽སྣེ་རྩེ་ཧྲིམ༼དྷིས༽། །མཚོན་གྱི་བསྐལ་པ་ཆར་དུ་འབབ། །བསྔལ་ཆར་གྱང་ནི་ཙག་ནི་བྲི། །སྡུག་བསྔལ་ན་དང་ཚ་དང་བཀྲེས། །ཧྲོད་༼དྷོད་༽ནི་ཁྲུན་ཞི་ནེ་སུམ་ནི། །ཆགས་པ་དང་ནི་འཇིག་པ་དང། །ཁྲུན་ཅི་ད་དྲུག་ད་དོད་ཅི། །ཞིག་གནས་འདུག་པ་དེ་བཞིན་ནོ། །ནམ་ལུ་ནམ་ཅི་ཁྲུན་ཞི་ནི། །གནས་དང་གནས་ཀྱིས་བསྐལ་པ་ནི། །དཀྱེལ་སད་དུ་ཏི་ནམ་མི་གྱིན། །སྲིད་ལྷ་དམྱལ་བའི་གནས་མི་གཅིག །རི་༼རྭང་༽རྦང་རིག་ཏིག་མིག་ཡོར་ནི། །རི་རབ་ཞིང་པའི་༼སའི་༽ཐོ་ཡོར་འདྲ། །སྤྲེ་ལིང་ཕར་ལིང་༼ཕལ་མར་༽ཁོ་ཆར་ཇི། །འཛམ་གླིང་ཟ་འོག་དིང་༼བེར་༽ཁྱིམ་འདྲ། །ཤང་ཟེ་སད་རུད་༼རུ་༽གྱག་མི་མཐོང་། །རྒ་ཤི་ལྷ་གནས་མ་མཐོང་ལྟར། །ད་དྲོད་གིང་གྲོ་རྒྱུ་མིན་གྱི། །དེ་བཞིན་འགྲོ་བའི་ལམ་མི་གཅིག །ལོ་སྔ་ལ་ཤུ་ཆུ་༼ལ་ཤུག་དུ་༽རྩེ་ཁྲུན། །དཔག་མེད་བཅུ་ཐུབ་བར་དུ་བསྐལ། །དྲུང་མུ་སད་ཏད་སྣི་ཙ་༼ཞི་སྣི་༽གྱིན། །གཡུང་དྲུང་ཁྱིམ་བདུན་ཚེ་དཔག་མེད། །དྲུང་མུ་ཐོ་ཡེ་གྱེར་ཞི་ལིག །གཡུང་དྲུང་ཐོབ་པའི་གཤེན་བཞིས་སྟོན། །སང་རྒྱུང་ལིག་སད་བུང་ཚེ་༼པུ་རྩེ་༽གྱིན། །སངས་པོ་ཡབ་ནི་འབུམ་ཐུབ་སྟེ། །ལི་ཚངས་ཏིང་སླས་གྱེར་ཞི་ནི། །རྒྱུ་ཡི་གཤེན་བཞིས་སྟོན་པ་མཛད། །རྐྱེལ་སད་རུན་༼ཏུན་༽བུ་ཁྲི་ཚེ་གྱིན། །རྒྱལ་ཁུག་ཚེ་ནི་ཁྲི་ཡིན་ཏེ། །པུ་ཙམ་པུད་ཕུན་༼བུན་༽གྱེར་ཞི་ནོ། །གཙུག་ཕུད་ཐོབ་པའི་གཤེན་བཞིས་སྟོན། །ལིག་མེད་ཏོར་གྱ་ཐོན་ཙ་༼ཏེར་གྱ་ཐོན་ཙེ་༽གྱིན། །སྣང་བ་མདོག་ཅན་ཚེ་སྟོང་སྟེ། །ཟ་༼ཛ་༽ནམ་ད་དོད་གྱེར་ཞི་ནོ། །རྫུ་འཕྲུལ་ལྡན་པའི་གཤེན་བཞིས་སྟོན། །སད་ནེ་ཡོངས་སུ་ང་ར་གྱིན། །ཡོངས་དག་ཚེ་ནི་ལྔ་བརྒྱ་སྟེ། །མུར་འཛིན་སྤུངས་ཀྱི་གྱེར་ཞི་ནོ། །དེར་ནི་གྲུབ་པའི་གཤེན་བཞིས་སྟོན། །ཝེར་གྱེར་ཏོ་ནོ་ཁྲི་ཛེ་ར༼རན༽། །རྒྱལ་བོན་ཐོད་དཀར་ཚེ་བརྒྱ་སྟེ། །གེ་རྒྱུང་སྤྲུངས་ཀྱི་གྱེར་ཞི་ནོ། །དེ་ནི་གཤེན་རབ་མི་བོས་སྟོན། །རང་འགྱུར་ཐ་མ་ད་འབྱུང་བཅུ། །དེར་ནི་ཐང་མ་མེ་སྒྲོན་ཏེ། །ཚེ་ནི་དེ་ལྟར་བསྐལ་པ་སྟེ། །བསོད་ནམས་དབང་ཐང་དེ་བཞིན་ནོ། །གེ་ཞི་འགི་དྲོད་༼རོད་༽ཁྲུན་ཞི་ཅི། །རང་གི་རང་བཞིན་བསྐལ་པ་ནི། །རང་ཤེ་མིག་སོར་ཁྲུན་ཞི་ཅི། །ཡེ་ཤེས་སྤྱན་མེད་ཤ་མིག་གིས། ། མཐོང་དང་མ་མཐོང་སོ་སོར་བསྐལ། །ད་མིན་སད་ཞི་མ་ནིག་ཁྲུན། །འཁྲུལ་པས་ལྷ་རྣམས་མ་རྟོགས་བསྐལ། །ཀུ་ཏྲ་ནི་མོར་ལྒྱག་ཞི་སྤར། །འདྲེ་དང་མི་ཡང་རང་བཞིན་བསྐལ། །བ་སྡུམ་མི་སྡུམ་ཨག་ཤོ་ཅི། །ཕ་མ་མ་རྟོགས་ཤ་ཟ་འཁོར། །ཧྲི་ཙ་ཙ་མེད་ཤེ་སྡུམ་ཅི། །ལན་ཆགས་མ་རྟོགས་སྙིང་དུ་སྡུག །སླ་ས་༼སད་༽དམུ་དུག་ཨག་ཏང་ནི། །སྲོག་རྐྱེན་མ་རྟོགས་ཁོང་དུ་བསྟིམ། །ནི་སར་ཨིན་ཏོག་སྔལ་ཆར་ནི། །དེ་ཐུབ་རྟོགས་པས་ནད་དུ་འགྱུར། །དྲུང་སུ་༼མུ་༽དེ་ཙེ་སྲ་༼སླ་༽ཞི་ཁྲུན། །རིན་ཆེན་གཏེར་ནི་ས་ཡིས་བསྐལ། །ཨུ་མིག་ཏ་བུ་དེ་ག་ཁྲུན༼ཅུ་དེ་ཏོག༽། །དམུ་ལོང་ལྟ་བུ་མདོག་དང་བསྐལ། །ཨེ་སོང་ར་ཙུག་དི་༼དིང་༽ར་ཁྲུན། །གསང་བ་འོན་ཆེན་སྒྲ་དང་བསྐལ། །གུ་ནི་ཨག་སྲིན་ཁ་ཐམ་ཁྲུན། །ལྐུགས་པ་ཁ་མེད་ཚིག་དང་བསྐལ། །དུ་གུང་ད་ར་ཨི་སོང་ཁྲུན། །གཏི་མུག་རང་གསང་༼གསལ་༽ཐབས་༼འཐིབས་༽ཀྱིས་བསྐལ། །ཁྲུན་ཞི་ནེ་ཉི་དེ་མིན་ཅི། །བསྐལ་པ་དེ་ནི་འཁྲུལ་པ་ཡིན། །མུ་མེད་ཁྲུུན་ཞི་ཅུ་ཙེ་ནི། །དཔག་ཏུ་མེད་ནས་བཅུ་ཚེའི་བར། །ད་ཏུ་ཏུར་བཅུར་༼ཅུད་༽ཁྲུན་ཞི་ཅི། །དུས་དུས་གྲངས་ཀྱི་བསྐལ་པ་འབྱུང་། །ཁྲུན་ཞི་ཏི་ག་དུ་ཙེ་༼ཛེ་༽ཛན། །བསྐལ་པ་དང་པོ་དམྱལ་ཚེའི་ཚད། །སྤྲེ་ལིང་སྔལ་ཆར་སྣེ་ཅུ་ཁེར། །གླིང་བཞི་ནད་ནི་དྲུག་ཅུ་བསྐོར། །གྲ་བྲི་ཟིན་ཅུ་ཏི་ནེ་འཁོར། །མཚོན་མུག་ཉི་ཤུ་རྩ་གཅིག་བསྐོར། །དུ་ཙོག་ཡ་མིག་གུ་དུན་འཁོར། །སྤྱི་ཁྱབ་ཡམས་ནི་དགུ་ཞིང་༼དགུ་དགུར་༽བསྐོར། །པྲ་ཞི་མུང་༼ཆུ་༽ཏི་ལོ་ཏི་འཁོར། །ཕྲ་མོ་རིམས་ནི་ལོ་རེས་བསྐོར། །ནེ་ཏིང་སྐྱེ་སླས་ང་དྲུག་ཅི། །དྲོད་སེར་རླན་སྐྱེ་ཟླ་དྲུག་བསྐོར། །ཉི་རི་ཏི་ག་དེ་ཅོད་ནི། །ཉི་ཏི་༼རི་༽གྲང་དང་སྤྱོད་པ་མཐུན། །གུ་དུན་དེ་ཅོད་དུ་ག་མིན། །ཀུན་ཁྱབ་གྲངས་ལ་དུས་མཐའ་མེད། །ཀུ་ར་ཁོད་ཅིང་དེ་ཞུམ་ནི། །ནེ་ག་གམ་༼མ་༽སུམ་ཁྲུན་ཞི་ཅི། །རྒྱུན་མེད་ཁོར་བུ་ཆུང་ཞེས་པ། །རྐྱེན་དང་མ་མཐུན་བསྐལ་པར་འགྱུར། །ད་དོད་ནེ་ཅི་ཁྲུན་ཞི་ནི། །སྐྱེད་རྩ་མོ་ཞི་ཉི་མོ་རྩལ། །རྩི་ཤིང་ལྟ་བུའི་ནགས་ཚལ་ལ། །སྤྲུལ་པའི་མི་འབྱུང་བསྐལ་པར་འགྱུར། །དང་ར་མུ་ཙོ་༼ཙ་༽ཏིང་ཆུད་ནི། །སོ་ཏག་༼ཏར་༽དམུ་ཐུག་ཏ་ཆ་ཁྲུན། །རྒྱ་མཚོ་འཁྱིལ་པའི་ཆུ་དཀྱིལ་དུ། །སྙུག་མོའི་དུག་གཡོས་བསྐལ་པར་འགྱུར། །དང་ར་ཏིང་ཤོ་གྱི་ཤི་ནི། །ད་དོད་འགི་ཆུ་གེ་ལོད་ཁྲུན། །རྒྱ་མཚོར་སོག་པའི་ཆུ་གཞུང་ནི། །སྤྲུལ་པའི་གལ་བསྒྱུར་བསྐལ་པར་འགྱུར། །དམུ་རི་༼ར་༽ཕྱོ་སང་ཅུད་ཤེལ་ནི། །མོ་༼ལྗོན༽ལྗི་གྲ་ཝེར་ཏི་ཁྲུན་ཅིང་༼ཞི༽། །ནམ་མཁའ་ཡངས་པའི་དཀྱིལ་རུམ་ནས། །ཐོག་དང་སེར་བས་བསྐལ་པར་འགྱུར། །ཡར་ཏོག་སྣིལ་༼རྣིལ་༽ཞི་མུ་ཙེ་ཙིས༼ཅི་༽། །སང་གོ་ཏི་གྲ་ཁྲུན་ཞི་ཅི། །མཐོ་གཙང་གངས་ཀྱི་རྩེ་མོ་ནས། །སེང་གེའི་སྒྲ་བྱུང་བསྐལ་པར་འགྱུར། །མུ་ཡང་དུ་༼དྲུང་༽ཁྲུལ་ཨ་ཡུག་ནི། །ཧྲ་པྲ་དུ་པྲ་ཁི་ཆར་ནི༼ཅི༽། །མ་རིག་འཁྲུལ་པའི་བློ་ཅན་གྱིས། །ཕྲ་མོའི་ཚང་བཤིག་བསྐལ་པར་འགྱུར། །ད་ཨི་དེ་ཅུ་འབའ་ར་ཅི། །ནེས་སུམ་དེ་ཅུད་ད་དོད་ལ༼ལང་༽། །དེ་དག་རྐྱེན་གྱིས་བར་དུ་གཅོད། །སྤྱོད་པ་ཐུན་ལ་བབ་པར་སྟོན། །ཏི་སྤྱོད་ཏ་ཅོད་ཏ་ནི་ཏུ༼ཇུ༽། །ཤེ་ཏིག་དང་ལས་༼ཏ་ལ་༽མི་སོམ་ཁྲུན། །སྤྱི་མཐུན་རྒྱུ་ནི་གཅིག་ལས་འབྱུང་། །འབྲས་བུ་ལས་ཀྱི་སོ་སོར་བསྐལ། །ནེ་ཏིང་སླས་ལི་དམུ་ང་དྲུག །དེ་མིང་དེ་ཞུང་ད་ཚད་༼དེ་ཙད་༽ཅིི། །མེ་ཆུ་ས་རླུང་ནམ་མཁའ་ལྔ། །འབྱུང་བ་མིང་གིས་སོ་སོར་བསྐལ། །དེ་མིང་དེ་ཅུ་རྐོ་ཕུང་ཏི། །ང་དྲུག་དེ་ཅུ་དྲུབ་རྐྱ་ནི། །འདུས་པའི་ཕུང་པོ་གཅིག་ལས་ཀྱང་། །ལྔ་སྤྲོས་དེ་བཞིན་སོ་སོར་བསྐལ། །དྲུབ་༼དུབ་༽མིན་མ་མིང་དེ་ཕྱ་ནི། །ཁྲུན་ཞི་དེ་ཕྱི་ཤོ་ཏན་ནི། །དེ་བཞིན་མིང་གིས་ཕྱེས་ནས་ཀྱང་། །བསྐལ་པ་ཕྱི་མཐའ་ཐུག་བར་བསྟན། །ཁྲུན་ཞི་རྣི་ཅི་མུར་ཅི་༼མུར་ཏིང་༽གྱིན། །བསྐལ་པ་རྣམ་པ་མང་བཤད་པ། །ཁྲུན་གཏོར་༼ཏོན་༽ཁྲུན་ཞི་དུ་ཏི་ཅི། །ལིག་མུན་སྒུ་ཀུན་ཏི་ཙོག་གྱིན། །འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །ནེ་ཞི་དུ་ཏོག་ལི་མུན་ནི། །དུ་ཏི་རྐྱེལ་ཞི་ཏི་ཕྲ་གྱིན། །ཆགས་པ་དང་པོ་རླུང་ནས་ནི། །དམྱལ་བ་སྲིད་པའི་བར་དུའོ། །ཝར་ཏི་༼ཝེར་ཉི་༽ཁྲུན་ཞི་ཏི་པག་མིན། །ཏི་ལོད་ཅུ་ཡི་༼མོ་༽ཏི་བར་ནི། །བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་ཡི་བར་དུའོ། །ད་དུ་ཀན་དོད་ཏུར་ཅི་ནི། །ཁྲུན་ཅི་ཞིིམ་ཞན་ཅུ་སྣིས་གྱད། །དེ་ནས་ཡར་སྐྱེས་མར་འབྲི་བ། །བསྐལ་པ་གཞན་ནི་བཅོ་བརྒྱད་དང། །ཀན་དོད་ཏིང་ནི་ཡ་མ་གྱིན། །དེ་༼ཏི་༽ནི་ཁྲི་ཙུ་གྱད་ཁྲུ་གྱིན། །ཡར་སྐྱེ་བ་ནི་གཅིག་ཡིན་ལ། །དེ་དག་ཚེ་ནི་བརྒྱད་ཁྲིའི་བར། །ཏ་ཏན་ཇི་ཏད་མིག་ཞུར་ཅི། །ཁྲུན་ཞི་ནི་ཅུ་ཏ་ཀ་གྱིན། །དེ་ལྟར་འཇིག་རྟེན་ཆགས་པ་འདི། །བསྐལ་པ་ཉི་ཤུར་གནས་པ་ཡིན། །ལིག་ཞུར་ཏི་ཅི་དུ་ཁྲུན་ནི། །ཁྲུན་ཞུ་ད་དྲུག་དྷ་ཏུར་ནི། །ཆགས་པ་དང་ནི་འཇིག་པ་དང། །ཞིག་གནས་འདུག་པ་དག་མཉམ་མོ། །དེ་ནི་ཅི་གྱད་ཁྲུན་ཅི་གྱིན། །དེ་དག་བརྒྱད་ཅུ་བསྐལ་ཆེན་ཡིན། །དེ་ནས་ཁྲུན་ཅི་སུམ་པའི་གྱིན། །དུ་ཏི་ཏུར་ཀུ་ཏ་སྲུག་༼ཏུར་ཁུང་ད་ཕྲུག་༽རྐྱིན། །ཏ་ཀ་ཁྲི་ཙེ་མུ་སངས་གྱིན། །དེ་ལྟར་བསྐལ་ཆེན་གསུམ་གྱིས་ནི། །དམྱལ་བ་དོང་ནས་སྤྲུགས་ནས་ཀྱང་། །ཐམས་ཅད་འབྲས་བུ་སངས་རྒྱས་སོ། །སྲིད་པའི་མཛོད་ཕུགས་ཀྱི་བསྐལ་པ་བསྟན་པའི་གནས་གཉིས་པའོ།། །།དེ་རྒྱུ་དམུ་རྩིས་༼ཙི་༽མུ་སྔ་ཡེ། །རྒྱུ་འབྱུང་རྟེན་ཅིང་འབྲེལ་བའི་དབྱིངས། །ལི་ཅུ་དེ་ཚན་མུ་སྔ་ཡེ། །རླུང་ནི་འདུ་བྱེད་རྟེན་འབྲེལ་དབྱིངས། །ནེ་ཅུ་ནེ་ཙན་མུ་སྔ་ཡེ། །མེ་ནི་འདུ་ཤེས་རྟེན་འབྲེལ་དབྱིངས། །ཏིང་ཙུ་ཛུ་ཝིད་༼ཇུ་ཝེར་༽མུ་སྔ་ཡེ། །ཆུ་ནི་ཚོར་བའི་རྟེན་འབྲེལ་དབྱིངས། །རྐེ་༼སྐྱེ་༽རི་རྐོ་ཕུང་༼སླ་ཞི་གོ་ར་༽མུ་སྔ་ཡེ། །ས་ནི་གཟུགས་ཀྱི་རྟེན་འབྲེལ་དབྱིངས། །མུ་ཙུ་ཤེ་ཙེར་༼ཙེ་༽མུ་སྔ་ཡེ། །ནམ་མཁའ་རྣམ་ཤེས་རྟེན་འབྲེལ་དབྱིངས། །དེ་རྒྱུ་ང་དྲུག་མུ་སྔ་ཡེ། །འབྱུང་ཆུང་ལྔ་སྤྲོས་དབྱིངས་སུ་གསལ། །རྐྱ་ལིག་མུ་གུང་འགི་ཞི་བྲུ། །སྣང་སྲིད་མཛོད་ཀྱི་གཞི་འགྲམ་ཡིན། །ལི་མུན་ལན་བརྒྱད་སེག་མུ་གུང། །འདེག་བྱེད་སྒྲོན་མ་དབུགས་འཛིན་མཛོད། །ཚངས་སྟང་རིང་མོ་མུལ་མི་གུང། །གསལ་བྱེད་འབར་མ་དྲོད་འཛིན་མཛོད། །ཏིང་ནམ་རྒྱལ་མོ་ཐུན་མུ་གུང། །རླན་བྱེད་ཀུན་གསོ་ཁྲག་འཛིན་མཛོད། །ནེ་སླས་ཏིང་ཝེར་༼དེང་ཙེ་༽མང་མུ་གུང། །སྲ་བྱེད་ཀུན་བསྐྱེད་ཤ་འཛིན་མཛོད། །ཕྱོ་སངས་མུ་བར་དམུ་གུང་ཅི། །གསལ་བྱེད་དངོས་༼གདོས་༽བྲལ་ཡིད་འཛིན་མཛོད། །ད་དྲོད་ནེ་ཅུ་ང་དྲུག་ཅི། །དེ་བཞིན་ཉི་ཤུ་རྩ་ལྔའི་མཛོད། །མ་མིག་དྲུང་མུ་གྱེར་མུ་ཡེ། །མུ་མེད་གཡུང་དྲུང་བོན་གྱི་དབྱིངས། །ད་དྲོད་མ་མུག་གྱེར་མུ་གུང་། །རང་བཞིན་མུ་མེད་བོན་གྱི་མཛོད། །དྲོད་མིན་དྲུང་མུ་གྱེར་མུ་ཡེ། །སྐྱེ་མེད་གཡུང་དྲུང་བོན་གྱི་དབྱིངས། །མ་མིན་མ་མིག་དྲུང་མུ་གུང་། །འཕེལ་གྲིབ་མུ་མེད་གཡུང་དྲུང་མཛོད། །གག་ཅི་མ་མིག་གྱེར་མུ་ཡེ། །འགག་པའི་མུ་མེད་བོན་གྱི་དབྱིངས། །ཅི་རུད་མ་མིག་དྲུང་མུ་གུང་། །འབྲི་བའི་མུ་མེད་གཡུང་དྲུང་མཛོད། །ལོ་སྔ་མ་མིག་གྱེར་མུ་ཡེ། །སྔོན་གྱི་མུ་མེད་བོན་གྱི་དབྱིངས། །དིང་ས་མ་མིག་དྲུང་མུ་གུང་། ད་ལྟའི་མུ་མེད་གཡུང་དྲུང་མཛོད། །ཕྱི་ཅི་མ་མིག་གྱེར་མུ་ཡེ། །ཕྱི་མའི་མུ་མེད་བོན་གྱི་དབྱིངས། །ཕུ་༼ནུ་༽ཅི་ཕྱོ་ཡེ་དྲུང་མུ་གུང་། །ཁྱབ་པ་འབྱམས་ཡས་གཡུང་དྲུང་མཛོད། །རུ་དྲོད་ཕྱོ་ཡེ་གྱེར་མུ་ཡེ། །རང་བཞིན་འབྱམས་ཡས་བོན་གྱི་དབྱིངས། །གེ་ཧྲིམ་ཕྱོ་ཡེ་དྲུང་མུ་གུང་། །དཔག་མེད་འབྱམས་ཡས་གཡུང་དྲུང་མཛོད། །རྐོ་ཕོ་ཕྱོ་ཡེ་གྱེར་མུ་ཡེ། །དངོས་པོ་འབྱམས་ཡས་བོན་གྱི་དབྱིངས། །ཐ་ཙན་ཕྱོ་ཡེ་དྲུང་མུ་གུང་། །མཚོན་མེད་འབྱམས་ཡས་གཡུང་དྲུང་མཛོད། །དོ་སླས་ཕྱོ་ཡེ་གྱེར་མུ་ཡེ། །གདོས་༼དངོས་༽མེད་འབྱམས་ཡས་བོན་གྱི་དབྱིངས། །ཛག་མིན་ཕྱོ་ཡེ་དྲུང་མུ་གུང་། །འཛིན་མེད་འབྱམས་ཡས་གཡུང་དྲུང་མཛོད། །བྲི་ཅི་ཕྱོ་ཡེ་གྱེར་མུ་ཡེ། །འབྲལ་མེད་འབྱམས་ཡས་བོན་གྱི་དབྱིངས། །དེ་བཞིན་ཕྱོ་སྨི་དྲུང་མུ་གུང་། །ཆགས་མེད་འབྱམས་ཡས་གཡུང་དྲུང་མཛོད། །ཧེ་༼དྷེ་༽མི་ཏ་བུ་གྱེར་མུ་ཡེ། །རྒྱ་མ་ཆད་པ་བོན་གྱི་དབྱིངས། །རུ་དྲོད་ཧེ་མིང་༼དྷེ་མ་༽དྲུང་མུ་གུང་། །རང་བཞིན་མ་ཆད་གཡུང་དྲུང་མཛོད། །དེ་རྐྱུ་ཧྲེ་༼དྷེ་༽ཏ་གྱེར་མུ་ཡེ། །འབྱུང་རྒྱ་མ་ཆད་བོན་གྱི་དབྱིངས། །ནམ་ལུ་ཧེ་༼དྷེ་༽ཏ་དྲུང་མུ་གུང་། །གནས་རྒྱ་མ་ཆད་གཡུང་དྲུང་མཛོད། །གུན་ཧྲེ་༼ཀུན་དྷེ་༽ཏ་ཅུ་གྱེར་མུ་ཡེ། །ཁྱབ་རྒྱ་མ་ཆད་བོན་གྱི་དབྱིངས། །ཧ་ར་རླེ་ཏི་དྲུང་མུ་གུང་། །གསལ་རྒྱ་མ་ཆད་གཡུང་དྲུང་མཛོད། །ཁི་ཁར་རླེ་ཏི་གྱེར་མུ་ཡེ། །འོད་རྒྱ་མ་ཆད་བོན་གྱི་དབྱིངས། །ཡི་མུ་རླེེེ་མིག་དྲུང་མུ་གུང་། །ཡོན་ཏན་རྒྱ་ཆེ་གཡུང་དྲུང་མཛོད། །སི་ལ་རླེེ་ཏུར་གྱེར་མུ་ཡེ། །ངང་ཉིད་རྒྱ་ཆེ་བོན་གྱི་དབྱིངས། །ཀི་ཏུར་མ་མིན་དྲུང་མུ་གུང་། །ཁ་གཏིང་མེད་པ་གཡུང་དྲུང་མཛོད། །ར་ཏྲང་ཁེང་ཏུ་༼རུ་ཏྲོད་ཁང་ཏུར་༽གྱེར་མུ་ཡེ། །རང་བཞིན་ཁ་གཏིང་བོན་གྱི་དབྱིངས། །ཕྱི་ནམ་ཀེང་ཏུར་དྲུང་མུ་གུང་། །ཕྱི་ཡི་ཁ་གཏིང་གཡུང་དྲུང་མཛོད། །གུ་ནམ་ཀེང་ཏུར་གྱེར་མུ་ཡེ། །ནང་གི་ཁ་གཏིང་བོན་གྱི་དབྱིངས། །ཐ་ཞི་ཀེང་ཏུར་དྲུང་མུ་གུང་། །མཐའ་ཡི་ཁ་གཏིང་གཡུང་དྲུང་མཛོད། །གཏང་ཞི་ཀེན་ཏུ་གྱེར་མུ་ཡེ།༼རུ་དྲོད་ཀེང་ཏུར་གྱེར་མུ་ཡེ།༽ །དབུས་ཀྱི་ཁ་གཏིང་བོན་གྱི་དབྱིངས་། །དོད་ཅི་ཀེང་ཏུར་དྲུང་མུ་གུང་། །སྐྱེ་མེད་ཁ་གཏིང་གཡུང་དྲུང་མཛོད། །ནམ་ལུང་ཀེང་ཏུར་གྱེར་མུ་ཡེ། །གནས་པའི་ཁ་གཏིང་བོན་གྱི་དབྱིངས། །པིག་ཀེ་༼སེག་གི་༽ཀེང་ཏུར་དྲུང་མུ་གུང་། །དཔེ་ཡི་ཁ་གཏིང་གཡུང་དྲུང་མཛོད། །ཧི་པང་མ་མིན་གྱེར་མུ་ཡེ། །དཔག་ཏུ་མེད་པ་བོན་གྱི་དབྱིངས། །རུ་ཏྲོད་ཧི་པང་དྲུང་མུ་གུང་། །རང་བཞིན་དཔག་མེད་གཡུང་དྲུང་མཛོད། །ཕྱི་ནུ་ཧི་པང་གྱེར་མུ་ཡེ། །ཕྱི་ནང་དཔག་མེད་བོན་གྱི་དབྱིངས། །ཐ་ཏོག་ཧི་པང་དྲུང་མུ་གུང་། །མཐའ་དབུས་དཔག་མེད་གཡུང་དྲུང་མཛོད། །གན་མུར་ཧི་པང་གྱེར་མུ་ཡེ། །སྟེང་འོག་དཔག་མེད་བོན་གྱི་དབྱིངས། །རྒྷབ་བེ་༼རླབས་ཆེ་༽ཧི་པང་དྲུང་མུ་གུང་། །རྒྱ་ཁྱོན་དཔག་མེད་གཡུང་དྲུང་མཛོད། །ཁང་༼ཁེང་༽ཙེ་ཧི་པང་གྱེར་མུ་ཡེ། །ཁ་དོག་དཔག་མེད་བོན་གྱི་དབྱིངས། །ངོག་གེ་༼ངག་ཙེ་༽ཧི་པང་དྲུང་མུ་གུང་། །དབྱིབས་ནི་དཔག་མེད་གཡུང་དྲུང་མཛོད། །རྣ་༼རན་༽ག་ཧེ་པང་གྱེར་མུ་ཡེ། །དངོས་པོ་དཔག་མེད་བོན་གྱི་དབྱིངས། །ཏིང་མུ་ཡར་ཏོག་དྲུང་མུ་གུང་། །ཀུན་ལ་དོག་མེད་གཡུང་དྲུང་མཛོད། །རུ་དྲོད་ཡར་ཏོག་གྱེར་མུ་ཡེ། །རང་བཞིན་དོག་མེད་བོན་གྱི་དབྱིངས། །གེར་གུ་ཡར་ཏོག་དྲུང་མུ་གུང་། །འབྱུང་འཇུག་དོག་མེད་གཡུང་དྲུང་མཛོད། །ལང་ངོ་༼ངེ་༽ཡར་ཏོག་གྱེར་མུ་ཡེ། །གཡོ་རྩོལ་དོག་མེད་བོན་གྱི་དབྱིངས། །དོད་སྲ་༼པྲ་༽ཡར་ཏོག་དྲུང་མུ་གུང་། །སྐྱེ་འཕེལ་དོག་མེད་གཡུང་དྲུང་མཛོད། །རླེ་༼དྷེ་༽ཅེ་ཡར་ཏོག་གྱེར་མུ་ཡེ། །རྒྱ་ཆེ་དོག་མེད་བོན་གྱི་དབྱིངས། །གུང་སླིག་ཡར་ཏོག་དྲུང་མུ་གུང་། །ཀུན་འདུས་དོག་མེད་གཡུང་དྲུང་མཛོད། །གྲ་གེ་ཡར་ཏོག་གྱེར་མུ་ཡེ། །འཛིན་རྟོག་དོག་མེད་བོན་གྱི་དབྱིངས། །ཐ་ཙོན་ཡར་ཏོག་དྲུང་མུ་གུང་། །མཐར་ཐུག་དོག་མེད་གཡུང་དྲུང་མཛོད། །རླེེ་༼དྷེ་༽ཏུར་ཐ་ཙེ་གྱེར་མུ་ཡེ། །བདལ་པ་ཆེན་པོ་བོན་གྱི་དབྱིངས། །རུ་དྲོད་སླེ་༼དྷེ་༽ཏུར་དྲུང་མུ་གུང་། །རང་བཞིན་བདལ་པ་གཡུང་དྲུང་མཛོད། །ཕྱི་ནུར་རླེ་༼དྷེ་༽ཏུར་གྱེར་མུ་ཡེ། །ཕྱི་ནང་བདལ་པ་བོན་གྱི་དབྱིངས། །གེ་མུར་རླེ་༼དྷེ་༽ཏུར་དྲུང་མུ་གུང་། །སྟེང་འོག་བདལ་པ་གཡུང་དྲུང་མཛོད། །ཐ་ཏི་རླེ་༼དྷེ་༽ཏུར་གྱེར་མུ་ཡེ། །མཐའ་དབུས་བདལ་པ་བོན་གྱི་དབྱིངས། །ཤིས་མེན་རླེེ་༼དྷེ་༽ཏུར་དྲུང་མུ་གུང་། །ཕྱོགས་མེད་བདལ་པ་གཡུང་དྲུང་མཛོད། །ཏ་ཏོག་རླེེ་༼དྷེ་༽ཏུར་གྱེར་མུ་ཡེ། །ཐོག་མཐའ་བདལ་པ་བོན་གྱི་དབྱིངས། །ཁོར་༼ཁེར་༽ཏིབ་རླེེ་༼དྷེ་༽ཏུར་དྲུང་མུ་གུང་། །འཆར་ནུབ་བདལ་པ་གཡུང་དྲུང་མཛོད། །པྲ་ཞི་རླེེ་༼དྷེ་༽ཏུར་གྱེར་མུ་ཡེ། །སྤྲོ་བསྡུ་བདལ་པ་བོན་གྱི་དབྱིངས། །ཐར་ཙ་ཛ་མེན་དྲུང་མུ་གུང་། །ཐམས་ཅད་ཟད་མེད་གཡུང་དྲུང་མཛོད། །ད་དྲོད་ཛད་མིན་གྱེར་མུ་ཡེ། །རང་བཞིན་ཟད་མེད་བོན་གྱི་དབྱིངས། ཁྲུན་ཅི་ཛད་མིན་དྲུང་མུ་གུང་། །བསྐལ་པ་ཟད་མེད་གཡུང་དྲུང་མཛོད། ཡང་༼ལྕར་༽ཅི་ཛད་མིན་གྱེར་མུ་ཡེ། སྤྱད་པས་ཟད་མེད་བོན་གྱི་དབྱིངས། ཟག་ཅི་ཛད་མིན་དྲུང་མུ་གུང་། ཟག་པ་ཟད་མེད་གཡུང་དྲུང་མཛོད། །ཐ་ཙོན་ཛད་མིན་གྱེར་མུ་ཡེ། །མཐར་ཐུག་ཟད་མེད་བོན་གྱི་དབྱིངས། །ཞིམ་ཞལ་ཛད་མིན་དྲུང་མུ་གུང་། །གཞལ་བས་ཟད་མེད་གཡུང་དྲུང་མཛོད། །དེ་སྔོ་མཛད་མིན་གྱེར་མུ་ཡེ། །དུས་ཀྱི་ཟད་མེད་བོན་གྱི་དབྱིངས། །ཏི་ཞི་ཟད་མིན་དྲུང་མུ་གུང་། །གྲངས་ཀྱི་ཟད་མེད་གཡུང་དྲུང་མཛོད། །ཐ་ཚན་དི་རི་གྱེར་མུ་ཡེ། །ཐམས་ཅད་འགྱུར་མེད་བོན་གྱི་དབྱིངས། །ད་དྲོད་དི་རོ་དྲུང་མུ་གུང་། །དེ་བཞིན་འགྱུར་མེད་གཡུང་དྲུང་མཛོད། །ཁེར་ཀྱིབ་༼གྱིབ་༽དི་རོ་གྱེར་མུ་ཡེ། །གསལ་༼བདལ་༽ཁྱབ་འགྱུར་མེད་བོན་གྱི་དབྱིངས། །ཁ་སང་དི་རོ་དྲུང་མུ་གུང་། །གསུང་དབྱངས་འགྱུར་མེད་གཡུང་དྲུང་མཛོད། །ཁྲི་ཚེ་དི་རོ་གྱེར་བུ་ཡེ། །ཐུགས་ཉིད་འགྱུར་མེད་བོན་གྱི་དབྱིངས། །གུ་ར་དི་རོ་དྲུང་མུ་གུང་། །ཡོན་ཏན་འགྱུར་མེད་གཡུང་དྲུང་མཛོད། །ཁོ་སྤྱོད་དི་རོ་གྱེར་མུ་ཡེ། །ལྷུན་གྲུབ་འགྱུར་མེད་བོན་གྱི་དབྱིངས། །པུ་༼བུ་༽ཏོག་དི་རོ་དྲུང་མུ་གུང་། །རྨད་འབྱུང་འགྱུར་མེད་གཡུང་དྲུང་མཛོད། །མ་ཨ་དི་རོ་གྱེར་མུ་ཡེ། །མ་བཅོས་འགྱུར་མེད་བོན་གྱི་དབྱིངས། །སུ་༼པུ་༽རི་ཀ་ལ་དྲུང་མུ་གུང་། །ཀུན་གཞི་མ་གཡོས་གཡུང་དྲུང་མཛོད། །ཏུལ་ཞི་ཀ་ལ་གྱེར་མུ་ཡེ། །བག་ཆགས་མ་གཡོས་བོན་གྱི་དབྱིངས། །མུ་ཡེ་ཁིར་ཞི་དྲུང་མུ་གུང་། །ནམ་མཁའ་གསལ་བ་གཡུང་དྲུང་མཛོད། །དུ་མུན་པང་ཞི་གྱེར་མུ་ཡེ། །སྤྲིན་ཚོགས་མ་སྒྲིབ་བོན་གྱི་དབྱིངས། །ཡེ་སངས་༼སྔ་༽ལ་ཤུ་དྲུང་མུ་གུང་། །སྟོང་ཞིང་བདག་མེད་གཡུང་དྲུང་མཛོད། །མི་འདོད་མ་ནིང་གྱེར་མུ་ཡེ། །མི་སྐྱེ་མི་འགག་བོན་གྱི་དབྱིངས། །སྲིད་པའི་མཛོད་ཕུགས་ཀྱི་དབྱིངས་བསྟན་པའི་གནས་གསུམ་པའོ།། །།མུ་རི་ཕྱོ་སང་གྱེར་མུ་གུང་། །མཁའ་ལ་གསལ་རྫོགས་བོན་གྱི་མཛོད། །ཧ་དན་མ་ཏི་༼ཧི་༽ཧ་ར་ཝང་། །ཡེ་ཉིད་མ་བཅོས་ཡེ་ཤེས་སྐུ། །དུ་ཞིང་དི་རྒྱན་༼ད་ཞིང་དི་རྐྱེན་༽གྱེར་མུ་གུང་། །དེ་བཞིན་བདག་ཉིད་བོན་གྱི་མཛོད། །ཐང་ཀུན་ཤེས་རི་ཧ་ལ་ཝང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །རླེ་དུར་༼དྷེ་ཏུར་༽རུ་ཏྲོད་གྱེར་མུ་གུང་། །ཁྱབ་པའི་རང་བཞིན་བོན་གྱི་མཛོད། །ལྒྱུ་ཏུར་ཐ་ཙ་༼ཙེ་༽ཧ་ར་ཝང་། །བདལ་པ་ཆེན་པོ་ཡེ་ཤེས་སྐུ། །ཧི་ཕང་ཕྱི་རི་གྱེར་མུ་གུང་། །དཔག་ཏུ་མེད་པ་བོན་གྱི་མཛོད། །ཛད་མིན་དྲུང་མུ་ཧ་ར་ཝང་། །ཟད་མེད་གཡུང་དྲུང་ཡེ་ཤེས་སྐུ། །མ་མིག་དམུ་ཏིང་གྱེར་མུ་གུང་། །མུ་མེད་ནམ་མཁའ་བོན་གྱི་མཛོད། །དམུ་རི་ཕྱོ་ཡི་ཧ་ར་ཝང་། །མཁའ་གསལ་འབྱམས་ཡས་ཡེ་ཤེས་སྐུ། །ཡི་ཡོར་རླེ་༼དྷེ་༽ཏུར་གྱེར་མུ་གུང་། །ཡོངས་སུ་རྒྱ་ཆེ་བོན་གྱི་མཛོད། །མ་ཙ་མ་མིན་ཧ་ར་ཝང་། །མཚན་མ་མི་འབྱུང་ཡེ་ཤེས་སྐུ། །འཛའ་ཏང་ཏ་མིན་གྱེར་མུ་གུང་། །གཟའ་གཏད་མེད་པ་བོན་གྱི་མཛོད། །མུ་ཙན་ནེ་ཅི་ཧ་ར་ཝང་། །བརྩལ་མེད་ལྷུན་གྲུབ་ཡེ་ཤེས་སྐུ། །མ་ཙོ་ཏི་སྲ་༼དི་པྲ་༽གྱེར་མུ་གུང་། །མཚོན་པ་ཡོངས་བྲལ་བོན་གྱི་མཛོད། །ཐ་༼ཐི་༽ཅི་དེ་རུད་༼ཏུད་༽ཧ་ར་ཝང་། །མཐའ་ལས་འདས་པ་ཡེ་ཤེས་སྐུ། །ཐ་ཚན་གུ་རོ་གྱེར་མུ་གུང་། །ཐམས་ཅད་ཀུན་འདུས་བོན་གྱི་མཛོད། །དོད་མིན་དེ་ཁྱོ་ཧ་ར་ཝང། །སྐྱེ་མེད་གདོད་དག་ཡེ་ཤེས་སྐུ། །ཛུ་སླིག་གུར་རོ་༼ཇུ་སླིས་གོ་རོ་༽གྱེར་མུ་གུང་། །རྫུ་འཕྲུལ་ཀུན་འདུས་བོན་གྱི་མཛོད། །ཏ་ཙོ་དེ་མིན་ཧ་ར་ཝང་། །དཔྱོད་ལ་མ་ཆགས་ཡེ་ཤེས་སྐུ། །མི་སོམ་ཇུ་སླིག་གྱེར་མུ་གུང་། །མ་སྤངས་ལྷུན་རྫོགས་བོན་གྱི་མཛོད། །དི་པྲ་ཉི་ལོ་ཧ་ར་ཝང་། །འཕྲོ་འདུ་མཉམ་སྙོམས་༼ཉིད་༽ཡེ་ཤེས་སྐུ། །ཉེ་ལོ་དུར་༼ཏུར་༽མིན་གྱེར་མུ་གུང་། །མཉམ་ཉིད་བརྗོད་མེད་བོན་གྱི་མཛོད། །པྲི་ཏི་ཉི་ལོ་ཧ་ར་ཝང། །འཕྲིན་ལས་མཉམ་འཇུག་ཡེ་ཤེས་སྐུ། །ཏུར་ཙེ་གུ་མེན་གྱེར་མུ་གུང་། །ལྷག་མཐོང་ཀུན་སྤངས་བོན་གྱི་མཛོད། །ད་དྲོད་ཉེ་ལོ་ཧ་ར་ཝང། །དེ་བཞིན་མཉམ་ཉིད་ཡེ་ཤེས་སྐུ། །དེ་མིན་དེ་ཞན་གྱེར་མུ་གུང་། །བདག་དང་གཞན་མེད་བོན་གྱི་མཛོད། །ཨ་ཡེ་ཨ་དུ་ཧ་ར་ཝང་། །དགེ་སྡིག་མི་འཆོལ་ཡེ་ཤེས་སྐུ། །རྒྱུ་མིག་ཁྲི་པྲ་གྱེར་མུ་གུང། །རྒྱུ་འབྲས་མི་བསླུ་བོན་གྱི་མཛོད། །ལོ་སང་ཏི་ཏོག་ཧ་ར་ཝང་། །འཇུག་སྒོ་རྟོགས་ཆེན་༼རྟོག་མེད་༽ཡེ་ཤེས་སྐུ། །བ་ཁྲུན་མི་ཁྲུན་གྱེར་མུ་གུང་། །མི་འཁྲུལ་མི་བསྙེལ་བོན་གྱི་མཛོད། །པྲ་ཏོག་ཏ་རྐྱོ་ཧ་ར་ཝང་། །རྨད་འབྱུང་ཁྱད་པར་ཡེ་ཤེས་སྐུ། །ཅུ་སླིག་༼སྡིག་༽ད་ལད་གྱེར་མུ་གུང་། །ཆོ་འཕྲུལ་ལས་སྡུད་བོན་གྱི་མཛོད། །མ་མིན་བམ་རྩར་༼མ་ཙེ་༽ཧ་ར་ཝང་། །མ་ཡིན་མི་བསླུ་ཡེ་ཤེས་སྐུ། །ཡེ་ཨ་ཡི་ཀུན་གྱེར་མུ་གུང་། །ཡང་དག་ཀུན་འབྱུང་བོན་གྱི་མཛོད། །ཏི་ལྒྱུ་ཏེ་ཁིར་ཧ་ར་ཝང་། །ཐར་ལམ་ཀུན་གསལ་ཡེ་ཤེས་སྐུ། །དི་གུ་ནམ་ལུ་གྱེར་མུ་གུང་། །ཀུན་གནས་སྣོད་ཆེན་བོན་གྱི་མཛོད། །ཁྲི་གཙུག་༼ཙུན་༽དི་ཀུན་ཧ་ར་ཝང། །འབྲས་བུ་ཀུན་གསལ་ཡེ་ཤེས་སྐུ། །ཁྲི་ཙོ་༼ཙེ་༽ས་མེ་གྱེར་མུ་གུང་། །བདག་དོན་ལྷུན་གྲུབ་བོན་གྱི་མཛོད། །མི་ཁོ་༼ཁོམ་༽ཐ་ཅི་ཧ་ར་ཝང་། །གཞན་དོན་མཐར་ཕྱིན་ཡེ་ཤེས་སྐུ། །ཡེ་༼མ་༽སངས་དེ་ཀུ་༼གུ་དེ་༽གྱེར་མུ་གུང་། །དོན་རྟོགས་ཀུན་གྲུབ་བོན་གྱི་མཛོད། །ཐ་གྲི་༼གི་༽ཉེ་ལོ་ཧ་ར་ཝང་། །སྐད་ཅིག་ཏིང་འཛིན་ཡེ་ཤེས་སྐུ། །གཏོར་མེན་དེ་ཟུག་གྱེར་མུ་གུང་། །འཆོར་མེད་གཟེར་འདེབས་བོན་གྱིས་མཛོད། །མི་བསྡུམ་སྟེ་ཅི་༼དེ་ཙེ་༽ཧ་ར་ཝང་། །མན་ངག་བདེན་རྟོགས་ཡེ་ཤེས་སྐུ། །ཨེ་ཡུ་ད་ཟོམ་༼ཟབ་མོ་༽གྱེར་མུ་གུང་། །དགོངས་པ་ཟབ་ཆེན་བོན་གྱི་མཛོད། །ད་ལད་དི་ཅུ་ཧ་ར་ཝང་། །བླངས་དོར་ཀུན་སྤངས་ཡེ་ཤེས་སྐུ། །ཏ་ཀྱོ་གུ་རོན་གྱེར་མུ་གུང་། །རྣམ་དག་ཀུན་འབྱོངས་བོན་གྱི་མཛོད། །ཚད་༼ཛད་༽མིན་དེ་ལུད་ཧ་ར་ཝང་། །བརྩལ་མེད་ལྷུན་གྲུབ་ཡེ་ཤེས་སྐུ། །རྣིང་༼ཧིན་༽ཅི་མུ་ཏུར་གྱེར་མུ་གུང་། །རྡེང་ཆེན་མི་ལྡོག་བོན་གྱི་མཛོད། །ཁིར་ཞི་མ་ཏོང་༼མི་སྟོང་༽ཧ་ར་ཝང་། །གསལ་ལ་མི་རྟོགས་ཡེ་ཤེས་སྐུ། །སྲིད་པའི་མཛོད་ཕུགས་ཀྱི་ཡེ་ཤེས་བསྟན་པའི་གནས་བཞི་པའོ།། །།ད་ནི་མུང་གི་ཇི་དད་༼ཅི་ཏན་༽གྱིན། །ནམ་ལུ་ཀུ་ཀུན་དོང་རི་ནི། །ད་ནི་སྣོད་ཀྱི་འཇིག་རྟེན་གྱི། །གནས་པ་ཀུན་གྱི་འོག་འདི་ན། །ཕྱོ་སངས་ལི་ཏ་རྔི་སྟི་ནི། །སླས་འཛའ་ང་དྲུག་འགི་གར་རོ། །མཁའ་ལ་རླུང་གི་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཏིང་རྔི་འབའ་རི་ཆུ་ཏིག་ནི། །སྟང་ཞི་པྲ་ཏ་ནི་ཅུ་ཅི། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་གོ །སྟོང་གི་ཕྲག་ནི་ཉི་ཤུ་འོ། །ཕྱི་ཅི་རྔི་འབའ་ཕྲ་གྱད་ནི། །འཛའ་ཏུར་དྲུ་ཞི་མར་སངས་གྱིན། །ཕྱི་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་རིན་ཆེན་གསེར་དུ་འགྱུར། །ཏི་ཞི་མར་ནི་གྲངས་ཡང་རྩི༼བྲ་ཡང་ཅི་༽། །ཏ་ཏན་འབའ་ཕྲ་ཅུ་ནེས་ནི། །ཆུ་ལ་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟང་ཞི་སུམ་བའི་ར་པྲད་༼སུམ་པ་བི་པྲ་༽ཅི། །དེ་ཕྱེ་ང་ར་ཡི་ཡོད་ནི། །སྟོང་གསུམ་དང་ནི་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་བརྒྱ་ཡོད་པར་འདོད། །ཡང་རྒྱུ་ཏི་ཅེ་༼ཙེ་༽ནེ་སུམ་ནི། །ད་དོད་ཀུ་ར་ཉི་ལོ་གྱིན། །འཁོར་ཡུག་ཏུ་ནི་གསུམ་གསུམ་འགྱུར། །དེ་བཞིན་ཀུན་ཀྱང་མཉམ་པར་སྟོན། །དེ་ཅི་རི་རྦང་ཨག་ཤོ་ནི། །ཏི་ཏིང་༼ཏི་༽ཕྲན་གྱིས་མར་སྐྱེ་དོག །ཅ་སྡུམ་རྦང་ཞི་ཧ་༼དྷང་༽ར་གྱིན། །དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །ཐོང་གཤོལ་འཛིན་དང་གསེར་གྱི་མདོག །ལྟ་ན་སྡུག་རི་རྟ་རྣ་འཛིན། །ཀ་ཏི་མ་མུག་དུན་སྣིས་ཅི། །དེ་རྐྱིལ་ཕྱི་ཅུ་ཡེ་མུ་ཡེ། །ཀུན་འདུད་མུ་ཁྱུད་འཛིན་དང་བདུན། །དེ་ནི་ཕྱི་རོལ་ཁོར་ཡུག་གོ། །སྣིས་རྩེ་མར་ལ་ཀུ་ཡུག་ཟངས། །རི་རྦང་བིང་ང་དེ་ཅུ་ནི༼ནམ་༽། །བདུན་ནི་གསེར་རི་འཁོར་ཡུག་ལྕགས། །རི་རྒྱལ་ངོས་བཞི་རང་དུ་གནས། །ཏིང་ཀླུང་མུ་མིན་གྱད་ཁྲུ་ཅི། །ཡར་སྣེ་ད་དོད་ཧ་པག་ཅི་༼ཧི་པང་ནི༽། །ཆུ་ཡི་གཏིང་དུ་བརྒྱད་ཁྲི་ནུབ། །ཡར་ཀྱང་དེ་བཞིན་འཕགས་པ་ཡིན། །གེ་ཧྲིམ་༼དྷེམ་༽ཏི་ཙེ་གྱད་ཙེ་ཁྲུ། །རྦང་སྣིས་ཧིས་པ་དིས་བྱི་བྲི། །དཔག་ཚད་དག་ནི་བརྒྱད་ཁྲི་ལ། །རི་བདུན་འཕང་དུ་ཕྱེད་ཕྱེད་བྲི། །རྔི་ཅི་ཧི་༼དྷི་༽པང་ཉི་ལོ་གྱིན། །ཏི་ནི་ཅེས་ནི་དང་ར་ཁྱུང་། །རྔམས་སུ་འཕང་དང་མཉམ་པ་སྟེ། །དེ་ཡི་བར་བདུན་རོལ་མཚོ་ཡིན། །དུ་ཏོག་ཏང་པྲ་ཅུ་སྣིས་གྱད། །ཏུ་ཅི་ནུ་ནིག་དང་ར་གྱིན། །དང་པོ་སྟོང་ཕྲག་བརྒྱད་ཅུ་སྟེ། །དེ་ནི་ནང་གི་མཚོ་ཡིན་ནོ། །དེ་ཅི་ངེ་རེ་ནེ་སུམ་སྐུར། ༼དང་ར་དེ་བཞིན་དེ་ཕྱེ་བྲུ།༽།དེའི་ངོས་ལ་གསུམ་དུ་འགྱུར། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་བྲི། །དེ་ཕྱི་དང་ར་དེ་ཅུ་གྱིན། །ཏི་ཤོ་བིང་ང་ཛུ་༼ཇུ་༽ཁྱོ་ནི། །ཕྱི་མ་ཕྱི་ཡི་རོལ་མཚོ་ཡིན། །ཆུ་བཞི་དེ་ནས་འབབ་པའོ། །འབའ་པྲ་ནེ་སུམ་སྟང་པྲ་ཇི། །ནེ་ཅུ་ནེས་སུམ་ཡི་ཡོ་ཇི། །འབུམ་ཕྲག་གཉིས་དང་སྟོང་ཕྲག་ནི། །ཉི་ཤུ་གཉིས་སུ་ཡོད་པའོ། །ཨི་ཛམ་པྲེ་ལིང་ངོ་ར་སུམ། །སྟང་བྲ་ནེས་སུམ་སླང་ཅོག་དུམ། །འཛམ་བུ་གླིང་ནི་ངོས་གསུམ་སྟེ། །སྟོང་ཕྲག་གཉིས་ཡོད་སོག་པའི་དབྱིབས། །ཏི་ནི་གེ་ཧྲིམ་༼དྷིམ་༽དི་ཕྱི་བིང་། །ནེ་སུམ་བིང་བིང་དི་ཁོར་ཅི། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །གཉིས་ནི་བཞི་བཞིས་འཁོར་བར་འདོད། །ཤེལ་ལོད་རྐོ་པང་༼སངས་༽ཟ་རི་ཁ༼ཁམ༽། །ངོ་ར་༼ང་རོ་༽ནེ་སུམ་ཀུ་ར་ཅི། །ཤར་གྱི་ལུས་འཕག་ཟླ་གམ་སྟེ། །ངོས་གསུམ་ཀུན་ཏུ་འདྲ་གཅིག་ལ། །གེ་ཧྲིམ་༼དྷིམ་༽རག་སུམ་ང་དྲུག་ཅུ༼ཅི༽། །ད་ཀུ་ཡེ་མུ་ཡར་༼མར་༽ཤི་ཅི། །དཔག་ཚད་སུམ་དང་༼བརྒྱ་༽ལྔ་བཅུ་ནི། །ཀུན་ལ་ཡོད་པར་སྟོན་པ་ཡིན། །ཧས་ཏི་ཅི་ཅོད་ཞིང་རི་གྱིན། །གེ་ཧྲིམ་སྟོ་པྲ་དིས་ཕྱེ་གྱད། །བན་༼བ་༽གླང་སྤྱོད་དེ་ཟླུམ་པོ་ལ། །དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད། །དེས་ནི་༼གི་༽སྟོང་སྲ་དེས་ཕྱེ་ནི། །གི་གང་སྟེ་ཅི་ཡོ་ཅི་གྱིན། །དེ་དབུས་སྟོང་ཕྲག་ཕྱེད་དང་གསུམ། །གང་ནས་གཅལ་ཀྱང་ཡོད་པར་སྟོན། །ཨུ་དུག་གླང་ར་ལི་ཁྲི་པི། །གེ་ཧྲིམ་༼དྷིམ་༽པྱད་སྟང་༼བྱད་སྟམ་༽ཡི་མུ་གྱིན། །སྒྲ་མི་སྙན་དེ་གྲུ་བཞི་ལ། །དཔག་ཚད་བརྒྱད་སྟོང་ཡོད་པར་སྟོན། །ཏི་བར་པྲི་ཏིང་སྣིས་གྱད་ནི། ༼གི་དྷིམ་ཏིབ་ཏ་སྤྲི་ལིང་སྣི་གྱད་ཅི།༽ །ད་ནི་བར་གྱི་གླིང་བརྒྱད་ནི། །ཤེལ་ལོད་རྐོ་བང་ཡ་མ་ཡི། །ཤར་གྱི་ལུས་འཕག་གཡས་གཡོན་ན། །རྐོ་རིང་དང་ནི་རྐོ་ཐུང་གཉིས། །ངོས་གསུམ་གོང་གི་སུམ་ཆ་ལ། །དཔག་ཚད་དྲུག་བརྒྱ་དགུ་བཅུ་གཅིག །ཨ་མུ་གླང་ར་ཡ་མ་ཡི། །སྒྲ་མི་སྙན་གྱི་གཡས་གཡོན་ན། །གྱག་ཏི་དང་ནི་གྱོག་ཏི་ཟུང་། །ངོས་བཞི་གོང་གི་སུམ་ཆ་ལ། །དཔག་ཚད་གཉིས་སྟོང་དྲུག་བརྒྱ་དྲུག །ཧ་ཏི་ཅི་ཅོད་ཡ་མ་ཡི། །བན་༼བ་༽གླང་སྤྱོད་ཀྱི་གཡས་གཡོན་ན། །མར་ཞིང་དང་ནི་ཏིང་ཞིང་གཉིས། །ཁོར་ཡུག་གོང་གི་སུམ་ཆ་ལ། །དཔག་ཚད་གཉིས་སྟོང་ལྔ་བརྒྱ་ཡོད། །ཨ་ཛམ་སྤྲེ་ལིང་ཡ་མ་ཡི། །འཛམ་བུ་གླིང་གི་གཡས་གཡོན་ན། །ཁ་སློ་དང་ནི་སྤྲེལ་རྒྱུ་གཉིས། །ངོས་གསུམ་གོང་གི་སུམ་ཆ་ལ། །དཔག་ཚད་དེ་ནི་ཉིས་སྟོང་ཡོད། །ཏི་བྱང་ཁ་རླངས༼རང་༽དུན་གུ་ཅི། །རྣིལ་དང་རང་གི་ཕ་རོལ་ནས། །ཤིམ་ཕོད་ནོ་ཡི་ཚུར་རོལ་ནས། །དང་ར་མ་དྲོས་མུར་ཟངས་གནས། །དེ་ནས་འོག་ཏུ་མར་གཅལ་གྱི། །དཔག་ཚད་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པ་ཡི་དུ་ཏི་ཡོད། །དེ་སྟེང་དུ་ཏི་བདུན་པོ་དང། །ལྷག་པའི་དུ་ཏི་བཅུ་དྲུག་ཡོད། །དུ་ཏོག་གི་ནུ་ང་ར་བིང་། །དེ་དག་གི་ནི་ངོས་བཞི་ན། །ནེ་དུར་༼ཏུར་༽ཏེ་ཅུ་གྱག་ཙོག་ཅི། །གྲ་ཏང་པུ་ཏིང་ཧྲ་༼དྷ་༽མིན་གྱིན། །མེ་མ་མུར་དང་རོ་མྱག་འདམ། །རལ་ཀྱུ་ཐལ་ཚན་ཆུ་བོ་ཡོད། །དེ་ཀུན་ཀེན་ཏིག་ཡི་ཡར་ཅི། །དེ་དག་གི་ནི་གོང་ན་ཡང་། །ཏི་གྲ་དུ་ཏི་སྣིས་གྱད་ནི། །གྲང་བའི་དམྱལ་བ་བརྒྱད་པོ་ཡོད། །ཏི་ཉ་བི་ཙུ་ཉི་ཀུན་གྱིན། །ཉི་ཚེ་བ་དང་ཉེ་འཁོར་གཞན། །ཏི་ཀུན་ཀེན་ཏོག་ཡར་ཏོག་ཅི། །དེ་པྲི་ན་ནུབ་ཏི་ཙོ་གྱིན། །དེ་དག་ཀུན་གྱི་གོང་ན་ཡང་། ཏི་གྲ་དུ་ཏི་སྣིས་གྱད་ནི། གྲང་བའི་དམྱལ་བ་བརྒྱད་པོ་ཡོད། ཏི་ཉ་བི་ཙུར་ཉི་ཀུན་གྱིན། ཉི་ཚེ་བ་དང་ཉེ་འཁོར་གཞན། ཏི་ཀུན་ཀེན་ཏོག་ཡར་ཏོག་ཅི། དི་པྲི་ན་ནུབ་ཏེ་ཙོ་གྱིན། དེ་དག་ཀུན་གྱི་གོང་ན་ཡང་། །སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན། །ད་དུ་ཕྱི་ཕྱོགས་བིང་ང་ནི། །ནུ་ནང་པྲིང་རྒྱུད་ན་ནུབ་ཅི། །དེ་གོང་ནང་གི་སྒྲིབ་པ་ཅན། །ཏི་ཀུན་ཏེ་ཏོག་ཡི་ཡར་ནི། །དེ་ཕྱི་པྲིང་རྒྱུད་ན་ནུབ་ཅི། །དེ་སྟེང་ཕྱི་ཡི་སྒྲིབ་པ་ཅན། །དེ་སྟེང་དུད་དང་མུར་ཟངས་གནས། ༼ཡུ་ཆུ་ནི་པྲ་ནི་གྱད་ནི།༽ །སྤྲེ་ལིང་བིང་ང་ནེ་བི་ཅི། །གླིང་བཞི་ན་ནི་མི་བཞི་གནས། །སྤུ་ཅུ་༼ཙུན་༽ནི་ཡར་སྣི་གྱད་ཅི། །གླིང་ཆུང་བརྒྱད་ན་མི་འམ་ཅི། །རྐོ་རིང་དག་གི་གླིང་ཆུང་ན། །རྔ་མོའི་མགོ་ཅན་ཤིང་ཐོག་ཟ། །རྐོ་ཐུང་དག་གི་གླིང་ཆུང་ན། །སྒྱུ་མ་མཁན་དང་བགེགས་ཀྱི་ཚོགས། །གྱག་ཏི་དག་གི་གླིང་ཆུང་ན། །མིག་གསུམ་ར་མགོ་རྩི་ཐོག་ཟ། །གྱོག་ཏི་ཟུང་གི་གླིང་ཆུང་ན། །སྦལ་དང་མི་རུ་བརྫུ་ཞིང་ཡོད༼སྤྱོད༽། །མར་ཞི་དག་གི་གླིང་ཆུང་ན། །གླང་པོའི་མགོ་ཅན་མཐུ་སྟོབས་ཆེ། །ཏིང་ཞི་དག་གི་གླིང་ཆུང་ན། །ཁ་ལ་རག་ཤ་སྲིན་པོའི་ཚོགས། །ཁ་སློན་དག་གི་གླིང་ཆུང་ན། །སྤྲེའུ་མགོ་ཅན་གཡོ་འགུལ་ཆེ། །སྤྲེལ་རྒྱུ་དག་གི་གླིང་ཆུང་ན། །བྱིས་པ་དབྱར་ལྡང་སྟོན་ན་འཆི། །དེ་ཁྲུ་སྣིས་ཚེ་ཡར་ཏོག་ཅི། །མུ་རླབ་ཏ་ཆུ་ཨུ་ཚུག་ནི། །དེ་ལས་ཆག་བདུན་ཡར་འཕག་ན། །མཁའ་ལ་ལྡིང་དེ་དྲི་ཟའི་ཚོགས། །ཉི་རི་ཟླ་རི་རྦང་ཝེར་འཁོར། །ཉི་ཟླ་རི་རྒྱལ་ཕྱེད་ནས་འཆར། །གེ་ཧྲིམ་༼དྷིལ་༽ང་དྲུག་ཅུ་ཧྲེར་༼དྷིར་༽གྱིན། །ང་ཏིག་ཆུ་ཏི་དེ་ཅུ་ནི། །དཔག་ཚད་དེ་ནི་ལྔ་བཅུ་དང་། །ལྔ་བཅུ་གཅིག་ཏུ་ཡོད་པ་ཡིན། །ཝེག་ཞི་རྒྱང་གྲགས་གསུམ་དང་ནི། །གཉིས་དང་གཅིག་ཏུ་ཡོད་པར་སྟོན། །ཉི་རི་དེ་ཕྱེ་མུ་ཁ་ཕྱེ། །ཁོར་ཞི་ནུང་ནི་ཏི་ནོ་ཏིག །ཉི་མ་ཕྱེད་དང་ནམ་ཕྱེད་དང་། །འཆར་དང་ནུབ་པའི་དུས་ནི་གཅིག། །དུན་ཚོགས་ཤི་པི་དི་རི་ན། །ཏེ་ཙོ་གུ་དུན་དུ་ཙོག་ཅི། །ཁི་ལད་ཁི་ཁར་སྣིས་ཅུ་གྱིན། །སྟོན་དང་དགུན་གྱི་ར་བ་ཡི། །ཚེས་ནི་དགུ་དགུར་དུས་བཟུང་ཏེ། །ཉིན་མཚན་རིང་ཐུང་བཟློག་པར་འགྱུར། །ཉིན་མཚན་བར་ཞག་ཐང་གཅིག་བསྒྱུར། །ཉི་མ་ལྷོ་བྱང་འགྲོ་བ་ལ། །རིང་དང་ཐུང་དུ་སྣང་བ་ཡིན། །དབྱར་གྱི་རླུང་སུ་ཆུད་པ་ནི། །ཀུ་བྱི་མང་ཀེ་ཀུ་ཧྲང་འཚོ། དགུན་གྱི་རླུང་སུ་ཆུད་པ་ཡིན། །གེ་ཕག་ཡོར་སྡེ་ཙེ་ཟེ་འཚོ། །ཟླ་རི་ཐུང་ཞི་ཙེ་ཏོག་ནི། །ཧ་ཏང་མུ་ཡུ་ངི་ཅུ་ནི། །ཉི་རི་ཟླ་རི་ཤོ་ཁ་ནུམ། །ཟླ་བ་ཉ་དང་ཚེས་སྟོང་པ། །ཐང་དང་ཡུད་ཀྱི་འགྲོས་བསྣོལ་བས། །ཉི་དང་ཉེ་བས་མདོག་ཤོར་ཡིན། །ལི་ཅུ་ནེ་སུམ་ཏི་པུན་ནི། །རླུང་ནི་གསུམ་སྟེ་འཕུལ་འདེག་སྐོར། །སྐར་དང་ཝེག་ལ་ལོ་ཞི་གྱིན། །དུ་དང་ཕང་ནི་དྲོད་ཀྱིས་བསྐོར། །དྲོད་དང་གྲང་ནི་རྫུ་འཕྲུལ་ལས། །ཁ་དང་ཆར་དུ་འབྱུང་བར་འགྱུར། །དེ་ལོད་༼ལོག་༽མོལ་ལྗི་གྲ་མིན་ནི། །ཛ་ཅི་དུ་ཕུད་དེ་ཅི་གྱིན། །དེ་ལ་ཐོག་དང་སེར་བ་ནི། །རྫུ་འཕྲུལ་བྱེད་པོས་བྱས་པ་ཡིན། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། །མེ་ཆུ་ས་རླུང་གཡོ་བྱེད་པ། །བླ་འོག་སྤོ་དང་གནས་འཕོ་དང་། །འཐབ་དང་དུས་འབྱུང་ཆ་མ་སྙོམས། །ཤེས་པས་ལེགས་པར་བརྟགས་ནས་ནི། །དགེ་དང་སྡིག་ཏུ་སྟོན་པར་བྱེད། །རི་རྦང་སྣི་གྱད་དི་ཆུ་༼ཁྱུད་༽ནི། །ནམ་ལུ་སེ་ཏོ་གུང་མིག་ཅི། །རི་ནི་བདུན་པོའི་དཀྱིལ་སྨད་ན། །གྲོང་དང་གྲོང་ཁྱེར་བདལ་པ་སོགས། །རི་རང་སྣིས་རྩེ་ཀོ་ཐ་རི། །རྨ་ནི་སེ་ཏན་སྣི་ཅུ་གྱིན། །རི་ནི་བདུན་པོའི་རྩེ་རྐོག་ནས། །རྨ་༼སྨྲ༽མི་གྲོང་བདུན་གནས་པ་ཡིན། །རང་༼རྦིང་༽ཞི་ཏ་ཙེ་མ་མིག་ཅི། །ཙ་ཁྲི་དེ་ཀྱུ་ཝེར་ཞི་གྱིན། །རི་བདུན་དག་གི་རྩེ་མོ་ན། །འཁོར་ལོ་བསྒྱུར་བའི་རྒྱལ་པོ་བདུན། །རི་རྦང་བྲི་ངམ་བིང་ང་ཅི། །ཏི་པར་ཏ་ཀ་ཁྲུ་ཅི་ནི། །རི་རྒྱལ་བང་རིམ་བཞི་ཡོད་དོ། །བར་གྱི་ཐག་ཀྱང་ཁྲི་ཁྲི་ཡོད། །ཨག་ཤེ་སྟང་པྲ་ཅུ་ཙེ་དྲུག །སྣི་གྱད་བ་ང་ནེས་སུམ་གེན། །ཁ་ཁྱེར་སྟོང་ཕྲག་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་བསྐྱེད་དོ། །རི་རྦང་བྲིང་མ་ཏི་ནི་ཅི། །ཙ་རང་མུ་ཁིར་དི་པྲ་ནི། །རི་རྒྱལ་བང་རིམ་དང་པོ་ན། །ལག་ན་གཞོང་ཐོགས་འཕེལ་བྱེད་གནས། །དེ་དག་གི་ནི་ཁོང་གསེང་ནས། །མུར་ཟངས་རི་འཛིན་རྒྱལ་པོ་གནས། །རི་རྦང་བི་ངམ་ནེས་སུམ་ནི། །གང་ར་མུ་ཞིན་པྲ་ཕུད་ནི། །བང་རིམ་དག་ནི་གཉིས་པ་ལ། །བགྲང་འཕྲེང་འཛིན་དང་དབྱུག་ཐོགས་ཡོད། །དེ་ཀང་མ་སེར་ས་༼སེ་༽མིག་ནི། །སླ་ཞི་སླ་སད་མུ་ཞི་ཅི། །དེ་ཡི་ཁོང་གསེང་དག་ན་ཡང་། །ས་བདག་གཉན་སྟེ་ལྟོ་འཕྱེ་ཆེ། །བིང་ང་༼བྲི་ངམ་༽སུམ་པའི་དེ་ཆུ་ནི། །སྲིད་མེན་ལ་རྒྱུད་མུ་ཏི་གྱིན། །བང་རིམ་དག་ནི་གསུམ་པ་ལ། །རྟག་མྱོས་ཀུ་མ་ར་ཙ་གནས། །སུམ་པའི་བིང་ང་དེ་ཀོན་སེར། །སད་མིན་ཕམ་རྐ་དིང་སྤྲུག་ཅི། །གསུམ་དང་བཞི་ཡི་ཁོང་གསེང་ན། །ལྷ་མ་ཡིན་ཏེ་སླག་ཆེན་སྤྲུག །རི་རྦང་བྲ་ངམ་བི་ང་ཅི། །ཝེར་ཞི་སད་ལ་ནམ་ལུ་གྱིན། །རི་རྒྱལ་བང་རིམ་བཞི་པ་ལ། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་གནས། །རི་རྦང་ངོག་༼དོག་༽ཅི་གྱད་ཁྲུན་གྱིན། །རི་རྒྱལ་ངོས་ལ་བརྒྱད་ཁྲི་ཡོད། །དི་པྱོག་༼ཙོག་༽༼པོགས་༽ནུ་ཅི་ཏ་ཅོག་ཅི། །གེ་ཧྲིམ་ང་ར་ང་ར་ཀྱིན། །ཕྱོགས་མཚམས་བརྩེགས་པའི་ལོག་བཞི་ནི། །དཔག་ཚད་ལྔ་བརྒྱ་ལྔ་བརྒྱའོ། །བྱང་ཤར་རི་ནག་གེ་སར་གནས། །བྱང་ནུབ་མཐུ་ཆེན་སྲ་བརྟན་འཛིན། །ལྷོ་ནུབ་ཁ་རྗེ་ཕྱྭ་ཡི་གནས། །ལྷོ་ཤར་ཝེར་རོ་ཉི་པང་གནས། །རི་རྦང་ཏེ་ཙེ་དྲུང་མར་མཛེས། །རི་རྒྱལ་རྩེ་ལ་ས་གཞི་གསེར། །གེ་ཧྲིམ་བིང་ང་སྟོང་ང་ར། །དེ་པྱི་ནེ་སུམ་དེ་ཅུ་ནི། །དཔག་ཚད་གཉིས་སྟོང་༼བཞི་སྟོང་༽ལྔ་བརྒྱ་དང། །ཕྱེད་དང་གཉིས་ནི་དེ་བཞིན་སྟོན། །ནེ་སུམ་ཅུ་ཙེ་ཏི་སུམ་གྱིན། །དེ་ན་སུམ་ཅུ་རྩ་གསུམ་གནས། །ཏི་ཙེ་སད་ཀྱིས་སེ་སྟོ་སྨར། །ངོ་ར་ནི་ར་ང་ཅུ་གྱིན། །དེ་སྟེང་ལྷ་ཡི་ཁང་བཟང་སྟེ། །ངོས་ལ་ཉིས་བརྒྱ་ལྔ་བཅུ་ཡོད། །དེ་ཕྱིས་སད་ཀྱི་མུ་ཙེ་གྱིན། །ཏ་ཀུ་ལྐུར་ཀོ་ཧ་པི་རྩལ། །ཕྱི་རོལ་ལྷ་ཡི་རྩ་ས་ནི། །ཤིང་རྟ་རྩུབ་འདྲེས་དགའ་བའི་ཚལ། །དི་༼དེ་༽ཕྱོགས་གེ་ཧྲིམ་ནི་ཅུ་གྱིན། །ཧེ་མ་ཧེ་པི་སླས་ཞི་སྨར། །ཕྱོགས་བཞི་དཔག་ཚད་ཉི་ཤུ་ན། །ཡིད་འོང་ཉམས་དགའ་ས་གཞི་བཟང་། །དི་མུ་ཡི་ར་ཏི་སྦྱང་ཁིར། །སོ་དེ་སླང་ང་མུ་བརྒྱད་གྱིན། །དེ་དག་གི་ནི་བྱང་ཤར་ན། །ཁ་ལེ་སྟོང་འབྱམས་སྨོན་ལམ་ཤིང་། །དི་ལོད་ན་ནུ་ཤེ་ཁོང་ཅི། །རྩལ་རྦང་སད་ཀྱི་དུ་མུན་སླས། །ལྷོ་ནུབ་ཕྱྭ་དང་སྐོས་བར་ན། །མཚལ་རི་ལྷ་ཡི་འདུན་ས་ཡོད། །ཏི་ཏོག་༼དི་ཏིག་༽ཀེན་ཙེ་ཡར་ཏོག་གྱིན། །སད་མུ་སྐད་ཀྱི་ཞིམ་ཞལ་སྟོ༼སྟོང་༽། །དེ་དག་གི་ནི་སྟེང་ལ་ཡང་། །ལྷ་རྣམས་ཀྱི་ནི་གཞལ་མེད་ཁང་། སྤྲེ་ལིང་དང་ནི་ཉི་ཟླ་དང་། །རི་རྦང་དང་ནི་ཏིང་ཀླུང་དང་། །ཧྲི་༼དྷི་༽གྱད་དང་ནི་དོན་སད་དང་། །ཚངས་རྒྱུང་འཇིག་རྟེན་སྟོང་ལ་ནི། །སྟོང་གི་དག་ཀྱང་སྤྱི་ཕུད་དོ། །དེ་ལྟོ་སྟོ་ནི་ནེ་སུམ་གྱིན། །འབའ་ཏ་༼ར་༽ཏུར་ཅུད་ཁ་ཏ་གྱིན། །དེ་སྟོང་སྟོང་ནི་གཉིས་པ་སྟེ། །བར་གྱི་འཇིག་རྟེན་ཁམས་ཡིན་ནོ། །འདི་ནམ་སྟོང་ལ་སུམ་པའི་ཅི། །དེ་ཙམ་སྟོང་ལ་སྟོང་གསུམ་མོ། །ཉི་ལོ་ཕྱི་སང་ཆུ་༼མ་༽ར་མུང་། །མཉམ་པོར་འཇིག་ཅིང་༼ཆགས་༽འབྱུང་བ་ཡིན། །ལིག་མུ་༼ལི་ཡུ་༽ཙེ་ཏ་དུ་ཏི་ཏར། །ཕྱོ་སངས་ཅུ་ཏིག་མང་ནི་གྱིན། །དམུ་རི་ཁེ་ཁྱེབ་མུ་གུང་ནི། །སྲིད་པའི་རྩེ་ནས་དམྱལ་བའི་གདར། །ཕྱོགས་བཅུ་འཇིག་རྟེན་མཐའ་དག་དུ། །ནམ་མཁས་ཁྱབ་པ་སྣོད་ཀྱི་མཛོད། །འབྱུང་བ་ཕྱི་ཡི་སྣོད་བསྟན་པའོ།། །།ནི་ནང་སྣུ་༼སྦུ་༽གུང་ང་དྲུག་ཅི། །ནང་གི་སྣོད་ནི་ལྔར་སྟོན་ཏེ། །ཙང་རི་པུར་ལང་ཞེས་བྱ་བ། །མིག་གི་དབང་པོའི་སྣོད་དུ་སྟོན། །རྐ་ཏུར་ཁྲག་འཛིན་ཞེས་བྱ་བ། །རྣ་བའི་དབང་པོའི་སྣོད་དུ་སྟོན། ལྒྱུམ་ཞི་ད་དོད་ཞེས་བྱ་བ། །སྣ་ཡི་དབང་པོའི་སྣོད་དུ་སྟོན། །ལུང་ཐུན་སེག་འཛིན་ཞེས་བྱ་བ། །ལྕེ་ཡི་དབང་པོའི་སྣོད་དུ་སྟོན། །གསོ་༼གཡོ་༽བྱེད་ཀོག་ཙེ་བྱ་ཞེས་པ། །ལུས་ཀྱི་དབང་པོའི་སྣོད་དུ་སྟོན། །ཤེ་ཐུན་རྩ་འཛིན་ཞེས་བྱ་བ། །ཡིད་ཀྱི་དབང་པོའི་སྣོད་དུ་སྟོན། །ཏེ་ཕྱི་ཏི་ཡུ་དི་ཕྱི་ཅི། །སྤྱོད་ཡུལ་དྲུག་ནི་ཕྱི་སྣོད་འགྱེད། །དུ་དུན་སྣ་༼སྦུ་༽གུང་ནི་རུང་ཅི། །འདུ་བའི་སྣོད་ནི་ནང་དུ་བཅས། །ད་ཀུན་སྤུངས་ཟུར་ནི་༼དི་༽པང་གྱིན། ཀུན་སྡུད་དབང་པོ་ནང་གི་སྣོད་བསྟན་པའོ།། །།ཤ་ཤིན་གུ་དུན་ཏི་ཙིག་༼ག་༽གུང་། །ཤེས་པ་དགུ་ནི་སོགས་པའི་མཛོད། །ཀུ་ཤུ་གྱེར་མུ་ཏ་ཀ་ལི། །ཀུན་གཞི་མ་གཡོས་བོན་གྱི་ཀློང་། །ཀ་སང་དུ་དུ་ཤ་ཤིན་རྐྱུ༼དྷ་༽། །ཀུན་སྣང་རྟོག་པ་ཤེས་པའི་རྒྱུ། །ཀུ་ཤུ་ཀ་ལ་༼མ་༽ཅི་སིང་ནི། །ཏི་༼གྱི་༽བག་གྱེར་མུ་ཤ་ཤིན་ནི། །ཀུན་གཞི་ཀློང་ཆེན་འབྱམས་པ་ལ། །བག་ཆགས་བོན་དུ་ཤེས་སོགས་གཉིས། །ཏིག་ཏི་ཁྲི་ཙེ་ཏི་ཀུན་ཤིན། །ཐི་ཏམ་༼ཐག་༽ཏི་ཙོག་ཤ་ཤིན་ནི༼དྷ་༽། །རིག་པའི་སེམས་ནི་ཀུན་ཤེས་ཏེ། །ཐམས་ཅད་སོགས་པར་ཤེས་པའི་བདག །ཤེས་དགུ་སོགས་པའི་སྣོད་བསྟན་པའོ།། །།ཨི་ཧོ་མུ་རི་མུ་ཡེ་གྱིན། །ད་ལོད་སྤུངས་ཞི་ད་དྲོད་ཅི། །མི་གཡོ་ནམ་མཁའི་དབྱིངས་ཉིད་ལྟར། །དོན་གྱི་དགོངས་པ་དེ་བཞིན་སྣོད། །དི་ཀུན་ད་དུན་ཧ་དན་༼ཏ་ཧན་༽ནི། །ལིག་སད་སྦུ་གུང་དུ་སྨར་ཅི། །ཀུན་འདུས་ཐེག་ཆེན་བདེ་ལྡན་ནི། །སྣང་སྲིད་ཀུན་གྱི་སྣོད་དུ་བཟང་། །ཧེ་ཁྱབ་ཏེ་ཁྱབ་ཉི་ལོ་ཉ༼གྱིན༽། །གྱེར་ཅི་ཡོ་ཡོང་སྦུ་གུང་སྨར། །མི་གཡོ་ཁྱབ་ཆེན་མཉམ་པ་འདི། །བོན་ཅན་ཡོངས་ཀྱི་སྣོད་དུ་བཟང་། །དོན་མིན་ཀུ་རི་ཧ་ར་ཅི། །ཁྲི་བཙན་ཀུ་རི་སྣུ་གུང་སྨར། །སྐྱེ་མེད་ཀུན་ཁྱབ་ཡེ་ཤེས་འདི། །སེམས་ཅན་ཀུན་གྱི་སྣོད་དུ་བཟང་། །ད་དྲོད་སྣི་གུང་དི་ཀུ་ཁེར། །དེ་བཞིན་སྣོད་ནི་ཀུན་འདུས་གསལ། །སྲིད་པའི་མཛོད་ཕུགས་ཀྱི་སྣོད་བསྟན་པའི་གནས་ལྔ་པའོ།། །།ཏི་འབྱུང་ང་དྲུག་ཅུད་ཤེལ་ནི། །འབྱུང་བ་ལྔ་ཡི་བཅུད་བསྟན་པ། །ལི་གླང་ནི་ཉི་ཏིང་སླས་ཞི། །ལས་༼སླ་༽དྲུང་དམུ་ཁིར་ད་དོད་ཅི། །རླུང་སྒྲ་མེ་ཉི་ཆུ་ཟླ་དང་། །ནམ་མཁའི་འོད་ནི་དེ་བཞིན་སྟོན། །ལི་མུན་ཚངས་སྟང་ཏིང་ནམ་དང་། །ནེ་སླས་སྲ་བརྟན་དམུ་ཧྲིང་ནི། །ལྷ་མོ་ལྔ་ནི་སྲིད་ནས་ཀྱང་། །འབྱུང་བ་ལྔ་ཡི་བཅུད་དུ་གསལ། །འབྱུང་བ་ལྔ་ཡི་རྒྱུ་རྐྱེན་དང་། །ལྷ་མོ་ལྔ་ཡི་རྫུ་འཕྲུལ་ལས། །རྩི་ཤིང་ནགས་ཚལ་སྐྱེད་མོའི་ཚལ། །ཚ་གསེར་ཏིལ་ཤིན་མར་ལ་སོགས། །འབྱུང་བ་དབྱིངས་ཀྱི་བཅུད་དུ་སྟོན། །ཧ་ར་ང་དྲུག་བཅུད་ཤེལ་ནི། །ཡེ་ཤེས་ལྔ་ཡི་བཅུད་བསྟན་པ། །ཏ་ཏིང་༼ཏི་ཏོང་༽དུ་ཞི་མ་མིན་ཅི། །མི་འདོད་མ་ཀུང་ཧ་ར་ཝང་། །ཅི་ཡང་སྟོང་ཞིང་བདག་མེད་ལས། །མི་སྐྱེ་མི་འགག་ཡེ་ཤེས་བཅུད། །རྐྱེ་ལིག་ཐ་ཙེན་ཀིར་ཀར་ནི། །ད་དྲོད་མ་མིན་༼མིག་༽ཧ་ར་ཅུད། །སྣང་སྲིད་ཐམས་ཅད་ཀུན་གསལ་ལ། །རང་བཞིན་མེད་པའི་ཡེ་ཤེས་བཅུད། །ཏི་ཙན་ལ་སོང་ཁིར་ཞི་ནི། །ད་དོན་ཏི་ཞི་དྲུང་མུ་ཡེ། །མཚན་ཉིད་སོ་སོར་གསལ་བ་ལས། །དོན་ལ་འགྱུར་མེད་ཡེ་ཤེས་བཅུད། །ཚར་༼ཝེར་༽ཞི་ལ་༼ད་༽ལོད་ཁྲུ་ཞི་ནི། །ཏ་ཏན་༼ཏྲོད་༽མ་ཐར་ཧ་ར་བཅུད། །བྱ་བ་ལྷུན་གྱིས་གྲུབ་པ་ལ། །ཐམས་ཅད་མཐར་ཕྱིན་ཡེ་ཤེས་བཅུད། རླེེ་མིན་རླེེ་ཞུར་མུ་༼ཡུ་༽ཡེ་གྱིན། །ཏ་ཏན་ཏི་ཅི་ཧ་ར་བཅུད། །མཉམ་ཉིད་ངང་ལས་མ་གཡོས་པ། །ཐམས་ཅད་ཀུན་མཁྱེན་ཡེ་ཤེས་བཅུད། །ད་དྲོད་ཏི་ཡེ་ཟླ་སླིག་ཅི། །ཁི་གཙང་མི་གཏོག་ཧ་ར་བཅུད། །དེ་བཞིན་ཡོངས་སུ་རྫོགས་པ་ལས། །ཅིར་ཡང་མ་བཅོས་ཡེ་ཤེས་བཅུད། །ཏིང་ནི་ཅུ་སྲིན་༼སྤྲིན་༽རང་སྟངས་ཞིང་། །ཁྲི་ཙུག་ནུབ་ལི་འུབ་ཤ་གྱིན། །གཅིག་ལ་བཅུར་སྤྲོས་བརྒྱ་སྟོང་ལྟར། །ཁྲི་དང་འབུམ་འགྱུར་ཡེ་ཤེས་བཅུད། །ཡེ་ཤེས་ཀྱི་བཅུད་བསྟན་པའོ།། །།ཝི་༼ཁྲི་༽སོམ་ཏ་ཅུད་དྲུག་སྣིས་ཅི། །ནེ་སུམ་ལྡེ་ཅུད་ཏི་ཁྲུག་ནི། །འདོད་ཆགས་སྐྱེད་པ་དྲུག་པོ་ནི། །གཉིས་གཉིས་འཁྲིག་པས་ཚིམས་པ་དང་། །གཉིས་འཁྱུད་དང་ནི་ལག་བཅང་དང་། །རྒོད་འཛུམ་བལྟས་པས་ཚིམས་པར་འགྱུར། །ཧྲི་ཙ་དང་ནི་ཙ་མེད་དང་། །ལོ་ལྔ་དང་ནི་ལོ་བཅུའི་བར། །གཉིས་གཉིས་ཚིམས་པས་པང་དུ་འབྱུང་། །ཅི་སྣོག་ད་དོད་ནེ་སུམ་ཏིང་། ༼།ཅི་སྣོག་ནེ་སད་ནི་ཏར་གྱིན།༽ །འདོད་པས་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་ཡིན། །རྐོ་གུན་སད་ལ་ཝི་སོམ་ཡིན། །གཟུགས་ཁམས་ལྷ་ལ་འཁྲིག་ཆགས་མེད། །མུན་ཏིང་ཉི་ལོ་ཧི་ཧར་ཅི། །སླིག་ཙོ་ཀོ་པོད་ཏ་ཀ་ནི། །བདེན་དང་ཏིང་འཛིན་བདེ་དགའ་ལས། །ཀུན་རྫོགས་གོས་དང་བཅས་པ་འབྱུང་། །ཧེ་ཧར་ད་དོད་ནེ་སུམ་ནི། །ཏི་མིན་ཧེ་ཧར་༼ཧ་ཧིག་༽རྐྱ་ལིག་དོད། །དགའ་བས་སྐྱེ་བ་གསུམ་པོ་ནི། །ཚད་མེད་དགའ་བས་སྣང་སྲིད་བསྐྱེད། །དན་ཏི་༼ཅི་༽༼ཏ་རི་༽དོད་ཅི་སུམ་པ་གྱིན། །ཉེ་ལོ་ནེ་སུམ་ཡ་ཡིང་རྒྱུན། །བདེ་བས་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གཉིས་ནས་ཡེངས་བས་ལྟུང་། །ཉེ་ལོ་ད་དོད་སུམ་པའི་༼ནེ་སུམ་༽ཇུ། །ཉེ་ལོ་སུམ་པའི་སླ་དུན་གུ། །ཏིང་འཛིན་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལས་ས་དགུ་ཡིན། །དེ་ཞུམ་ད་དོད་སུམ་པའི་གྱིན། །རྐོ་སང་ཏི་གྲུ་སུམ་པའི་གཅོད། །བདེན་པས་སྐྱེ་བ་གསུམ་པོ་ནི། །ལུས་ངག་ཡིད་གསུམ་དགེ་བར་སྤྱོད། །ཨག་ཀྱོ་ང་སད་དོད་པྲི་མིན། །གཙང་མའི་ལྷ་ལྔ་སྐྱེ་འཕེལ་མེད། །ད་དོད་ཞིམ་གྱི་མིག་ཏུང་༼དུ་༽ཅི། །ཏི་དོག་ཀན་སྐྱེ་མིག་ཏུང་༼རུང་༽མིན། །སྤྲུལ་པས་གཞན་མཐོང་མ་གཏོགས་པ། །དེ་དག་གོང་མས་མཐོང་བ་མེད། །ནམ་ལུ་མམ་ཏུར་ཅི་ལིག་ནི། །ཏི་དོག་ཧི་ཞི་ཏར་༼ཧར་༽བཅུད་ལིག །གནས་དང་གནས་འོག་ཅི་སྲིད་པར། །དེ་དག་དེ་ཡི་གོང་ན་མེད༼སྲིད་༽། །ད་དོད་བི་ང་ཡི་ཡོང་ལིག །སྐྱེ་བ་བཞི་ལས་ཡོངས་སུ་སྲིད། །ཏི་འབྱུང་༼བྱིབ་༽ང་དྲུག་ཀུ་ཀུན་དོང་། །འབྱུང་བ་ལྔ་ལས་ཀུན་ཀྱང་སྤྲུལ། །ཛན་ཅི་ད་དོད་ཁི་ཀེན་༼ཁར་༽ཇུ། །རྫུ་འཕྲུལ་འོད་ལས་ཡས་ཆགས་སོ། །ནང་བཅུད་སྐྱེ་གནས་བསྟན་པའོ།། །།སྤྲེ་ལིང་བི་ང་ནི་རྐོ་ཙན། །ཏི་ཁྲུ་བིང་ང་ཏེ་ཕྱི་ནི། །འཛམ་གླིང་མི་ཡི་ལུས་ཚད་ནི། །ཁྲུ་བཞི་པ་ལ་ཕྱེད་དང་བཞི། །ཤེ་ཁོར་ནི་ནུམ་ཏི་ཕྱང་ནི། །རྐོ་ཁྲུ་ཏི་ཙན་ཕྱི་རོ་དོད། །ཤར་དང་ནུབ་དང་བྱང་དུ་ནི། །ལུས་ཀྱི་ཁྲུ་ཚད་ཕྱེད་འགྱུར་བསྐྱེད། །སྤྲེ་ཏང་སྣི་གྱད་ཁྲུ་ཙན་མིན། །ཏ་༼ཏི་༽ཏིག་མ་མིན་ཛ་༼ཛན་༽སླིག་ཅི། །གླིང་ཆུང་བརྒྱད་ལ་ཁྲུ་ཚད་མེད། །གཅིག་ཏུ་མ་ངེས་སྤྲུལ་པ་ཆེ། །མུར་ཟངས་རི་འཛིན་ཁྱེབ་༼ཁྱད་དཔག༽པ་དགུ། །གཟུགས་མ་སྡུག་ལ་ཁྲུ་ཚད་མེད། །རྐྱེལ་ཞི་རྐོ་བུན་ཏི་ཙན་ནི། །འདོད་པའི་ལྷ་ཡི་ལུས་ཀྱི་ཚད། །ཝེར་ཞི་སད་ནིས་ཏོར་ཙོ་ནི། །ལུ་༼འུར་༽ལང་བི་ཅི་བི་ཅི་༼བིང་ང་ཅི་ཅི་༽དོད། །རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དུ། །རྒྱང་གྲགས་བཞི་ཆ་བཞི་ཆ་བསྐྱེད། །རྐོ་བུན་ཏི་ཏོག་གེ་ཧྲིམ་ཙག །ཏི་ཀན་ནེས་སུམ་དུ་ཕྱ་ཙག །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །གོང་མ་གཉིས་ནི་ཕྱེད་ཕྱེད་བསྐྱེད། །ཝེར་ཞི་སད་ནི་དཔག་ཚད་གཉིས། །ཉི་འབར་སད་ནས་ཡར་བཟུང་པ། །ལུས་ཚད་འགྲེས་ལོག་གཉིས་འགྱུར་བསྐྱེད། །དུ་མུན་དཔག་ཚད་གསུམ་དོར་ནས། །འོག་མའི་བར་དུ་གཉིས་འགྱུར་བསྐྱེད། །ཨུ་མུན་༼མུང་༽གླང་ར་སྟོ་༼སློ་༽ཅུད་ནི། །ནི་ནུབ་ཤེ་ཁོར་ཏི་ཕྱི་༼ཕྱོ་༽ཅི། །སྒྲ་མི་སྙན་ནི་སྟོང་ཐུབ་སྟེ། །ནུབ་དང་ཤར་དུ་ཕྱེད་ཕྱེད་བྲི། །ཨི་ཙམ་སྤྲེ་ལིང་མ་མིན་ཅི། །ལ་ལོད་ཏི་ཅུ་དེ་པག་གྱིན། །འཛམ་གླིང་ཚེ་ནི་མ་ངེས་ཏེ། །དང་པོ་དཔག་མེད་བཅུ་ཐུབ་འགྱུར། །ནི་ནམ་ཏི་ཀ་ང་དྲུག་ཅི། །ཝེར་ཞི་ཏ་གོང་ཉི་ཏིག་ཏི། །མི་རྣམས་ཀྱི་ནི་ལྔ་བཅུ་ལ། །རྒྱལ་ཆེན་བཞི་ཡི་ཉིན་ཞག་གཅིག །དེར་རྩིས་ཚེ་ལོ་ལྔ་བརྒྱའོ། །ར་ལི་ཏིག་ཐི་སྟོང་ཏོང་གྱིན། །ཀེན་མི་བིང་ང་ནེས་སུམ་གྱིན། །བརྒྱ་ལ་གཅིག་བརྩིས་སྟོང་དུ་ནི། །གོང་མ་བཞི་ཀ་གཉིས་འགྱུར་བསྐྱེད། །རྐོ་ཕུང་ཁིར་ཞི་ནམ་ལུ་ཅི། །གཟུགས་ཁམས་འོད་ལ་གནས་པའི་ཚེ། །ཟུ་ར་བསྐལ་པ་ཕྱེད་ཐུབ་སྟེ། །རུན་བུ་བསྐལ་པ་གཅིག་ཏུ་གནས། །ཚངས་རྒྱུང་སངས་པོ་འབུམ་ཁྲི་ནི། །བསྐལ་པ་ཕྱེད་དང་གཉིས་ཐུབ་པོ། །ཁི་ཁར་ཝེག་ཞི་བསྐལ་པ་གཉིས། །ཁིར་ཀར་ཉི་འབར་བཞི་ཡིན་ཏེ། །ཡར་སྣེ་ཁི་ཁར་བརྒྱད་ཐུབ་བོ། །ཁ་ནམ་དེ་༼ནེ་༽ཅུ་བཅུ་དྲུག་གོ །ཁ་ནམ་དེ་ཤོ་སུམ་ཅུ་གཉིས། །སླིག་སད་དྲུག་ཅུ་བཞིར་གནས་ཏེ། །དུ་མུན་ཁི་ཀར་སྤྲིན་མེད་ནི། །བསྐལ་པ་བརྒྱ་དང་གཉིས་གནས་སོ། །ཤེ་ཙུ་དེ་བ་ཉིས་བརྒྱ་བཞི། །མུ་ཧྲོ་༼དྷོ་༽དེ་ཞི་འབྲས་བུ་ཆེ། །བསྐལ་པ་བཞི་བརྒྱ་བརྒྱད་དུ་གནས། །དུབ་དུབ་བསྔལ་ཆལ་ཚེ་རིང་པོ། །ཕྱི་མཐའ་ཐུག་པར་འདུག་པ་ནི། །ཧྲི་༼དྷི་༽མིན་སད་ནས་ཡར་བཟུངས་པ། །གཙང་མ་རིགས་ལྔའི་ལྷ་ལྔ་ནི། །བརྒྱད་སྤངས་གཉིས་འགྱུར་གཉིས་འགྱུར་བསྐྱེད། །མུ་མར་དཀྱིལ་སད་འོག་མིན་གནམ། །བར་གྱིས་བསྐལ་པ་ཞེས་བྱ་བ། །ཁྲི་དང་ཉིས་སྟོང་ལྔ་བརྒྱར་གནས། །རྐོ་མིན་ཁྲུན་ཞི་ནེ་སུམ་ཧྲི། །ཧྲིང་༼དྷི་༽ང་ནེ་སུམ་ཏ་ཁྲི་དོད། །གཟུགས་མེད་བསྐལ་པ་ཉི་ཁྲི་ལ། །རིམ་གྱིས་ཉི་ཁྲི་ཉི་ཁྲི་བསྐྱེད། །ཡང་སོས་དུ་ཏི་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དུད་དང་མུར་ཟངས་ཕྱྭ་སྐོས་ཀྱང་། །དེ་བཞིན་མ་ངེས་བར་དུ་སྤྱོད། །ཕྱི་ཡི་སྤྲེང་༼པྲིང་༽རྒྱུད་སྒྲིབ་པ་ཅན། །བསྐལ་པ་གཅིག་ཏུ་གནས་པ་ཡིན། །ནང་གི་པྲིང་རྒྱུད་སྒྲིབ་པ་ཅན། །མི་རྣམས་ཟླ་དང་ཞག་མཐུན་པའི། །ལྔ་བརྒྱ་དག་ནི་དེ་བཞིན་ནོ། །སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན། །ཚངས་༼སངས་༽རྒྱུང་ཚེ་དང་མཉམ་པ་ཡིན། །ཚ་བ་བརྒྱད་ཀྱི་དུ་ཏིའི་ཚེ། །བར་གྱི་བསྐལ་པ་ཕྱེད་དུ་གནས། །རང་གི་ལུས་ཚད་དང་གོང་ལ། བརྒྱ་དང་གཅིག་ཕྱུང་ཟད་འགྱུར་བས། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཧྲང་༼དྷང་༽ར་ཏི་ཁོར་སླ་ཏུར་ནི། །ད་དོད་སད་ཀྱི་ཏི་ཙེ་གྱིན། །ཨུང་ཏུར་ཏི་ཀུང་ཏེ་ཀོང་༼ཏ་ཀེང་༽ནི། །པུར་མིན་ཏི་༼ཏུ་༽ཏི་ཏི་༼ཏེ་༽ཙེ་གྱིན། །རྟ་བརྒྱས་འཁོར་བའི་དོང་དག་ལ། །འདོད་ལྷ་དག་གི་ཚེ་རིང་ཞིང་། །རྡེའུ་རེ་བསྐྱུར་ནས་ཁེངས་འགྱུར་བ། །མནར་མེད་དམྱལ་བའི་ཚེ་ཚད་ཡིན། །ཨུ་དུག་གླང་ནི་ཏ་ཀ་ཅི། །སྒྲ་མི་སྙན་ན་གདོན་མི་ཟ། །ཏི་ཞན་དུ་ཏོག་མ་དུད་ཅིང་། །ཨུ་ཙུག་ཙུག་གེ་རུ་འཛིན་ཅི་༼རུ་མིན་ཇི༽། །གཞན་དག་ན་ནི་མ་ངོས་ཏེ། །ཐང་དང་ཡུད་ལ་དབང་མེད་འབྱུང་། །ཏ་རི་ང་དྲུག་རྒྱུ་༼ལྒྱུམ་༽ཞི་ཅི། །རིགས་དྲུག་ལམ་ལ་ངེས་པ་མེད། །རྐོ་ཀུན་༼ཀུང་༽མ་མིན་ལོ་ཏར་ནི། །སླ་ཏུར་གུག་གེ་ཏ་ཏིག་ནི༼ཏིག་མི་མིན༽། །གཟུགས་དང་མིང་དང་དུས་མཐའ་ནི། །རྡུལ་དང་ཡི་གེ་སྐད་ཅིག་མ། །ཏི་པྲ་སླར་ཏུར་ཏར་ཅི་ཇི། །ཟོངས་ཏི་འབོ་ལ་ལུག་ཏི་ཧབ། །ཕྲ་རབ་རྡུལ་དང་རྡུལ་ཕྲན་དང་། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཁིར་སླ་ཏུར་པྲ་མིན་ཅི། །པྲ་མོ་ཟག་ཙི་སྣིས་རྩེ་བྲན། །ཉི་ཟེར་རྡུལ་དང་སྲོ་མ་དང་། །ཤིག་ལས་ནས་བསྐྱེད་བདུན་འགྱུར་སོར། །པྲན་ཙེ་ནེ་ཅུ་བིང་ང་རྩ། །རྩ་རང་བི་ང་ཝི་ཏིག་ཅི། །སོར་ཚིགས་ཉི་ཤུ་རྩ་བཞི་ཁྲུ། །ཁྲུ་བཞི་ལ་ནི་གཞུ་འདོམ་གང་། །ད་དོག་ང་ར་འུ་ལང་༼གླང་༽གྱིན། །དེ་དག་ལྔ་བརྒྱ་རྒྱང་གྲགས་ཡིན། །དེ་ནི་ཏི་གྱད་གེ་ཧྲིམ་གྱིན། །དེ་དག་བརྒྱད་ལས་དཔག་ཚད་གཅིག །ཏོག་ཅི་ར་ནི་ཅུ་ཅེ་༼ཙེ་༽ལི། །ཏོ་ཏོག་༼ཏིག་༽མ་མིན་ད་ཡུན་ཅི། །སྐད་ཙམ་བརྒྱ་ནི་ཉི་ཤུ་ལ། །སྐད་ཅིག་མ་ནི་ཡིན་པར་འདོད། །དེ་ནི་དྲུག་ཅི་ཏི་ཏང་ནི། །ཏི་ཏང་ཏི་ཡུ་ཛག་སླ་སུམ། །དེ་དག་དྲུག་ཅུ་ཐང་གཅིག་ཏེ། །ཐང་ཡུད་ཞག་ཟླ་སུམ་བཅུ་འགྱུར། །ཟླ་རི་ནི་ཆུ་ལ་ལོད་ཏིག །རྒྱུ་གང་ཏི་པར་ཏི་པྲེ་གྱིན། །ཟླ་བ་བཅུ་གཉིས་ལོ་གཅིག་སྟེ། །གང་པོ་འཕར་ནི་ཕྱེད་ཕྱེད་རྩི། །ནང་བཅུད་ཀྱི་ལུས་ཚད་དང་། །ཚེ་ཚད་དང་ལོ་ཟླ་བཤད་པ། །སྲིད་པའི་མཛོད་ཕུགས་ཀྱི་བཅུད་བསྟན་པའི་གནས་དྲུག་པའོ།།
|